དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། སྲིད་གཞུང་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
སྤྱི་ཆིངས།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:    སྤེལ་དུས།:2010ལོའི་ཟླ6པའི་ཚེས28ཉིན།    

༄༅། །དེ་ཡང་མི་དམངས་མང་ཚོགས་རྣམས་གོ་རིམ་ལྡན་པའི་སྒོ་ནས་འཚོ་བ་དང༌། ལས་ཀ། སློབ་སྦྱོང་བཅས་ནང་ཞུགས་སྐབས་ཏང་གི་ལམ་ཕྱོགས་དང༌། མཛད་ཕྱོགས། སྲིད་ཇུས་བཅས་ལ་གཞིགས་ནས་ཚང་མས་སྲུང་བརྩི་ཞུ་རྒྱུ་དང་ལག་ལེན་བྱ་རྒྱུར་བཏོན་པའི་རེ་བ་རྣམས་ཐུན་མོང་དུ་གྲོས་མོལ་བྱས་ནས་བསྲུང་རྒྱུ་དང༌། ངེས་པར་དུ་བྱེད་དགོས་པའམ་སྲུང་ཐུབ་པ་རྣམས་ཡིག་ཐོག་ཏུ་བཀོད་ནས་ཁྱབ་བསྒྲགས་བྱས་པ་ཞིག་ལ་སྤྱི་ཆིངས་ཞེས་བརྗོད་པ་དང༌། དེར་ཆིངས་ཤུགས་སམ་གཅུན་རྒྱུའི་ནུས་པ་ལྡན་ཡོད་པ་མ་ཟད། ཐོན་སྐྱེད་དང༌། ལས་དོན། སློབ་སྦྱོང༌། འཚོ་བ་བཅས་ལ་སྐུལ་འདེད་དམ་ལྟ་སྐུལ་བྱེད་པའི་ནུས་པ་ངེས་ཅན་ཞིག་ཀྱང་ལྡན་ཡོད། 
     སྤྱིར་ན་སྤྱི་ཆིངས་ལ་ཁ་བྱང་བྲི་དགོས་པ་དང༌། ཁ་བྱང་ཐོག་ཕྱོགས་གང་ཐད་ཀྱི་སྤྱི་ཆིངས་ཡིན་པ་དཔེར་ན། བདེ་འཇགས་ཀྱི་སྤྱི་ཆིངས་དང༌། སློབ་སྦྱོང་གི་སྤྱི་ཆིངས ལྟ་བུ་མདོར་བསྡུས་ཤིག་བྲི་དགོས། སྤྱི་ཆིངས་འབྲི་སྐབས་དེའི་དམིགས་ཡུལ་དང་སྙིང་དོན་བཅས་ལ་མང་ཚོགས་སྐུལ་སློང་གིས་གྲོས་བསྡུར་དང་བསམ་འཆར་བསྡུ་ལེན་བྱས་ནས་ཟིན་ཐོ་བཀོད་ཐོག་སླར་ཡང་མང་ཚོགས་ལ་གྲོས་མོལ་བྱ་རྒྱུར་ཕུལ་ཏེ་མོས་མཐུན་བྱུང་མཚམས་གཞི་ནས་ཡིག་ཐོག་ཏུ་བཀོད་དགོས་པ་དང༌། མཇུག་ཏུ་སྡེ་ཚན་དང་དུས་ཚོད་བཅས་ཁ་གསལ་བྲིས་ཏེ་མཐོང་བདེ་སར་སྦྱར་ནས་ལྟ་སྐུལ་དང་ལེན་བྱེད་བདེ་ཡོང་བ་བྱེད་དགོས། 
དཔེ་གཞི། 1 
སློབ་མས་ཀུན་སྤྱོད་ཐད་སྤང་བྱ་བྱེད་དགོས་པ་བཅུ། 
༄༅། །འདུ་འཛོམས་ཆེ་སར་འཚང་ཁ་དང༌། ཧབ་ཐོབ། སྐད་ཅོར་བཅས་རྒྱག་མི་ཆོག་པ་དང་གཅིག 
     གཞན་ལ་བརྙས་སྤངས་ཏེ་རྒན་པར་གུས་
ཤིང་བྱིས་པརོགས་པ་བྱ་རྒྱུ་དང་གཉིས། 
     སྤྱི་རྫས་ལ་བདག་གཅེས་ལས་འཕྲོ་བརླག་གཏོར་སྐྱོན་རང་བདག་མི་བྱེད་པ་དང་གསུམ། 
     གཞན་ལ་གང་བྱུང་གིས་ཉེས་རྡུང་གཤེ་གཤེ་བཏང་མི་ཆོག་པ་དང་བཞི།
     གཞན་ལ་གང་བྱུང་གིས་མིང་འདོགས་ཁྲེལ་དགོད་འཕྱ་སྨོད་མི་ཆོག་པ་དང་ལྔ།
     ཚིག་མཚོན་བཏབ་ནས་གཞན་ལ་དམའ་འབེབས་མི་ཆོག་པ་དང་དྲུག
     འདོད་པའི་དཔེ་དེབ་དང་སྒྲུང་གླུ་སོགས་ལྟ་ཀློག་འཆད་ཉན་མི་ཆོག་པ་དང་བདུན། 
    ཕོ་མིན་མོ་མིན་གྱི་མགོ་སྐྲ་འཇོག་པ་དང་ཆས་གོས་ཡ་མ་གཟུགས་སྤྲས་མི་ཆོག་པ་དང་བརྒྱད། 
   རྨོངས་དད་ཀྱི་བྱེད་སྒོ་སྤེལ་ཞུགས་མི་ཆོག་པ་དང་དགུ། ཐ་མག་གི་རིགས་རྔུབ་འཐེན་མི་ཆོག་པ་དང་བཅུ་བཅས་སོ། 
དཔེ་གཞི 2 
གྲོང་ཁྱེར××མི་རིགས་ཁག་གི་མི་དམངས་ཚོའི་དམག་བཀུར་ཁྱིམ་སྐྱོང་གི་སྤྱི་ཆིངས། 
××××ལོའི་ཟླ××ཚེས××ལ། 
༄༅། །དམག་བཀུར་ཁྱིམ་སྐྱོང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤེལ་གཏོང་བ་དང༌། དམག་སྲིད་དང་དམག་དམངས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། བརྟན་ལྷིང་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་གོང་སྤེལ་བཏང་ནས་བློ་རྩེ་གཅིག་སྒྲིམ་གྱིས་མེས་རྒྱལ་འཛུགས་སྐྲུན་གྱི་སླད་སྤྱི་ཆིངས་འདི་ཉིད་གཏན་འབེབས་བྱས་པ་གཤམ་གསལ། 
     མི་དམངས་བཅིངས་འགྲོལ་དམག་ལ་བརྩི་བཀུར་ཞུ་རྒྱུ་སྟེ། མི་དམངས་ཀྱི་བུ་ཕྲུག་དམག་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་དམག་སྲིད་དང་དམག་དམངས་ཁྱིམ་གཅིག་ལྟ་བུའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་རྒྱུ་དང་གཅིག 
    མི་དམངས་བཅིངས་འགྲོལ་དམག་ལ་སློབ་སྦྱོང་ཞུ་རྒྱུ་སྟེ། བཅིངས་འགྲོལ་དམག་གིས་ཏང་དང༌། མེས་རྒྱལ། མི་དམངས་བཅས་ལ་ལྷག་བསམ་རྣམ་དག་བྱེད་པའི་བླ་ན་མེད་པའི་གཤིས་བཟང་ལ་སློབ་སྦྱོང་དང༌། བཅིངས་འགྲོལ་དམག་གིས་སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད་ནན་ཏན་གྱིས་ལག་ལེན་བསྟར་བའི་སྤྱོད་བཟང་ལ་སློབ་སྦྱོང༌། བཅིངས་འགྲོལ་དམག་གིས་སྤྱི་ཚོགས་ཀྱི་དཔལ་ཡོན་གཉིས་ཀྱི་འཛུགས་སྐྲུན་ནང་སྔོན་ཐོན་གྱི་ཉམས་མྱོང་དང་མཛད་རྗེས་བཞག་པར་སློབ་སྦྱོང་ཞུ་དགོས་པ་དང་གཉིས། 
     ཧུར་བརྩོན་གྱིས་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་སྟེ། དམག་དཔུང་ལ་གཞོགས་འདེགས་ཀྱིས་དམག་དོན་སྦྱོང་བརྡར་དང་དམག་གྲབས་ཀྱི་ལས་འགན་ལེགས་གྲུབ་ཞུ་རོགས་བྱ་རྒྱུ་དང་གསུམ།
     ལས་བྱེད་པ་དང་མང་ཚོགས་རྣམས་ལ་བཅའ་སྡོད་དམག་དཔུང་གི་སྡེ་ཚན་དང༌། རྒྱལ་སྲུང་ལས་གྲྭ། ཚ་ཁ་བལྟ་ཡུལ། མཛོད་ཁང་སོགས་ལ་སྲུང་སྐྱོབ་བྱེད་དགོས་པའི་སློབ་གསོ་བརྒྱབ་ནས་དམག་དོན་ལས་གྲྭའི་ས་གནས་སུ་ཤིང་གཅོད་པ་དང༌། རྡོ་གཤག་པ། ས་སྔོག་པ་སོགས་ནན་འགོག་བྱས་ཏེ་ཧུར་བརྩོན་གྱིས་དམག་དཔུང་ལ་གཞོགས་འདེགས་བྱས་ཏེ་བབས་ཚུགས་ཀྱི་སྒྲིག་ལམ་ཡག་པོ་ཡོང་བ་བྱ་རྒྱུ་དང༌། བབས་ཚུགས་ཀྱི་སྒྲིག་ཆས་དང་དངོས་རྫས་སོགས་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་དང་བཞི། དུས་ཚོད་གཏན་འཁེལ་གྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ་བཅའ་སྡོད་དམག་དཔུང་གི་མདུན་སར་བཅར་ནས་ས་གནས་ཀྱི་གནས་ཚུལ་ངོ་སྤྲོད་དང༌། ཁོང་ཚོའི་བསམ་འཆར་བསྡུ་ལེན་གྱིས་དམག་སྲིད་དང་དམག་དམངས་དབར་གྱི་འབྲེལ་བའི་ཐད་གནས་ཚུལ་གང་ལྷག་ཡོད་མེད་ཕན་ཚུན་ཤེས་རྟོགས་བྱས་ཏེ་དམག་དཔུང་དང་མཉམ་དུ་དངོས་ཐོག་བདེན་འཚོལ་གྱིས་དུས་ཐོག་ཏུ་ཐག་གཅོད་འོས་འཚམས་བྱ་རྒྱུ་དང་ལྔ།  དམག་དཔུང་གི་འཚོ་བར་སྤྲོ་བ་ཆེན་པོས་ཐུགས་ཁུར་བྱས་ནས་དམག་དཔུང་ལ་མཁོ་བའི་འབྲུ་རིགས་དང༌། ཞོར་ཟས། ཚལ་རིགས་སོགས་མཁོ་རྫས་རྣམས་ས་གནས་དེ་གའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་མཁོ་འདོན་ཡག་པོ་བྱ་རྒྱུ་དང་དྲུག   དམག་དཔུང་དང་མཉམ་དུ་ཡོད་པའི་ནང་མིའམ་བཟའ་ཟླ་བུ་ཕྲུག་གི་ལས་ཀ་དང་སློབ་སྦྱོང་གི་གནད་དོན་རྣམས་ཧུར་བརྩོན་གྱིས་གཞོགས་འདེགས་བྱས་ནས་ཐག་གཅོད་བྱེད་དགོས་པ་དང་བདུན། 
    སྲིད་གཞུང་གིས་དམག་མིའི་གཉེན་སྒྲིག་ནན་སྲུང་བྱ་རྒྱུའི་སློབ་གསོར་ཤུགས་སྣོན་བརྒྱབ་ནད་དམག་མིའི་གཉེན་སྒྲིག་ལ་གཏོར་བཤིག་གཏོང་བའི་སྤྱོད་ངན་ཡོད་ཚེ་ཁྲིམས་ལུགས་ལྟར་ཆད་པ་གཅོད་དགོས་པ་དང་བརྒྱད། 
    ཧུར་བརྩོན་གྱིས་དམག་བཀུར་ཁྱིམ་སྐྱོང་གི་བྱེད་སྒོ་སྤེལ་བ་དང༌། ནན་ཏན་གྱིས་དམག་བཀུར་ཁྱིམ་སྐྱོང་གི་སྲིད་ཇུས་ལག་ལེན་བསྟར་ནས་སྤྲོ་སེམས་ཆེན་པོས་སྔོན་གཤེགས་དཔའ་བོའི་ཁྱིམ་ཚང་དང༌། དམག་མིའི་ཁྱིམ་ཚང༌། དབང་པོ་སྐྱོན་ཅན་གྱི་དམག་མི་བཅས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་བྱ་རྒྱུ་དང་དགུ།
    དམག་ཁོངས་ནས་ཕྱིར་ལོག་བྱེད་མཁན་དང༌། ལས་སྒྱུར་བྱེད་མཁན་དམག་མིའི་སྲིད་ཇུས་དང་གཏན་འབེབས་ཁག་ནན་ཏན་གྱིས་ལག་བསྟར་བྱས་ནས་ཁོ་ཚོ་ས་གནས་སུ་ལས་ཞུགས་བྱེད་པར་དགའ་བསུ་ཞུ་རྒྱུ་མ་ཟད། འོས་འཚམས་ཀྱིས་བཀོད་སྒྲིག་བྱ་རྒྱུ་དང་བཅུ།  གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་གོང་གསལ་སྤྱི་ཆིངས་ལ་སྲུང་བརྩི་ནན་པོ་ཞུས་ནས་ལག་ལེན་ནན་ཏན་བསྟར་རྒྱུ་དང་སྦྲགས་དུས་བཀག་གིས་སྤྱི་ཆིངས་ལག་ལེན་ཅི་འདྲ་བྱུང་མིན་རྟོག་ཞིབ་བྱས་ནས་དམག་བཀུར་ཁྱིམ་སྐྱོང་གི་ལས་དོན་དེ་ལམ་ལུགས་ཅན་དང་རྒྱུན་གཏན་ཅན་དུ་འགྱུར་བ་བྱེད་དགོས།

རྒྱུན་སྤྱོད་ཡིག་རིགསལས།

  འབྲེལ་ཡོད་དྲ་སྦྲེལ།
སྤྱི་ཆིངས།[06-28]
འདུམ་ཤོག[06-16]
ཆོད་ཡིག[06-08]
གན་རྒྱ།[05-20]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)