དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། སྲིད་གཞུང་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
ར་སྤྲོད་ཡི་གེ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:    སྤེལ་དུས།:2009ལོའི་ཟླ6པའི་ཚེས26ཉིན།    

༄༅།།ར་སྤྲོད་ཡི་གེ་ནི་རང་ཁོངས་ཀྱི་བློ་མཐུན་ཞིག་ས་གནས་གཞན་ནམ་ཚན་པ་གཞན་ལ་ལས་དོན་དང་སློབ་སྦྱོང་སོགས་ལ་མངགས་གཏོང་བྱེད་པ་དང༌།ཡང་ན་ལས་སྒྱུར་བྱེད་པའི་སྐབས་སུ་བློ་མཐུན་དེའི་མིང་དང༌།གོ་བབ།ལོ་གྲངས།ལས་ཁུངས་སམ་སྡོད་གནས།ཡང་ན་འབྲེལ་ཡོད་དོན་དག་གི་གནས་ཚུལ་གང་འདྲ་ཡིན་མིན་སོགས་ར་སྤྲོད་དཔང་པོ་བྱེད་པའི་ཡིག་རིགས་ཤིག་ཡིན། ཡིག་རིགས་དེའི་གྲས་འབྲི་སྐབས་ངེས་པར་དུ་བློ་མཐུན་དེའི་གནས་ཚུལ་ཇི་མ་ཇི་བཞིན་གསལ་བཤད་བྱེད་དགོས་པ་ལས་ཚིག་དོན་གསལ་ལ་མི་གསལ་དང་གོ་དོན་ངེས་མེད་སོགས་བྲིས་ན་མི་འགྲིག 
    འབྲི་སྟངས་རྣམ་གཞག་ནི། འགོ་ཐོད་དཀྱིལ་དབུས་སུ་ར་སྤྲོད་ཡི་གེ་ཞེས་པའི་ཁ་བྱང་བྲིས་ནས་ནང་དོན་མཚོན་པར་བྱེད་སྲོལ་ཡོད།ཡང་ན་དེ་ལྟར་མ་བྲིས་པར་ཐད་ཀར་བྲིས་ཀྱང་འཐུས།དེ་རྗེས་འགོ་ཤོག་ཕྲན་བུ་བཞག་སྟེ་ཡིག་ཕྲེང་དང་པོའི་འགོར་སྟོང་ཆ་མ་བཞག་པར་ར་སྤྲོད་ཡི་གེ་གཏོང་ཡུལ་གྱི་ཚན་པའི་མིང་བྲི་དགོས།དེ་ནས་འབེབས་བླངས་ཏེ་ཡིག་ཕྲེང་གི་འགོར་ཡི་གེ་ཚེག་ཁྱིམ་གཉིས་གྱི་སྟོང་ཆ་བཞག་ནས་ར་སྤྲོད་བྱ་རྒྱུའི་མི་དང༌།དེའི་གནས་ཚུལ།དོན་དག་གང་ཡིན་བཅས་པ་དོ་ནན་གྱིས་བྲི་དགོས།མཇུག་ཏུ་ར་སྤྲོད་ཡི་གེ་གཏོང་མཁན་གྱི་ཚན་པའི་མིང་དང་ལོ་ཟླ་ཚེས་གྲངས་བཅས་བྲིས་ཏེ་ཐམ་ཀ་རྒྱག་དགོས།

དཔེ་གཞི 1

༄༅། །བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩ་འཛུགས་པུའུ་ལ། 
    དེ་དག་སློབ་གྲྭའི་བོད་ཡིག་དགེ་རྒན་དོན་གྲུབ་ལགསདགེ་རྒན་ཆེན་མོ་བ་གཞོན་པནི××××ལོ་ནས××××ལོ་བར་ང་ཚོའི་སློབ་གྲྭའི་བོད་ཡིག་དགེ་རྒན་གནང་རིང་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་ཤིང༌། སློབ་གསོའི་བྱ་བར་ཁུར་སེམས་ཆེ་བ་སོགས་གང་ཅིར་གཟེངས་སུ་ཐོན་པའི་འབད་བརྩོན་ཆེན་པོ་གནང་བ་འདི་གའི་འབྲེལ་ཡོད་ཚང་མས་ཤེས་གསལ་ཡིན་པའི་ར་སྤྲོད་དུ།

བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་རྩ་འཛུགས་པུའུ་ཡིས།

××××ལོའི་ཟླ××ཚེས××ལ།

ཐམ་ཀ

དཔེ་གཞི 2

ར་སྤྲོད་ཡི་གེ།

༄༅། །འདི་ག་ཤང་གི་བློ་མཐུན་ཚེ་རིང་དབང་རྒྱལ་ད་ལམ་ལྷ་ས་སློབ་འབྲིང་ཨང×ལ་རང་གི་བུ་སྐལ་བཟང་དོན་གྲུབ་ཕྲད་པར་དགོངས་ཞུས་ཀྱིས་བསྐྱོད་སོང་བའི་ར་སྤྲོད་ངོས་སྦྱོར་དུ།

སྟག་རྩེ་རྫོང་བདེ་ཆེན་ཤང་གིས།

××××ལོའི་ཟླ××ཚེས××ལ།

ཐམ་ཀ

རྒྱུན་སྤྱོད་ཡིག་རིགསལས།

  འབྲེལ་ཡོད་དྲ་སྦྲེལ།
རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་གཞུང་[07-15]
རྟེན་འབྲེལ་ཞུ་ཡིག[06-06]
རེ་འདུན་ཞུ་ཡིག[07-03]
རང་སྐྱོན་བརྗོད་པའི་ཡི་གེ།[06-29]
ར་སྤྲོད་ཡི་གེ།[06-26]
འཚམས་འདྲིའི་ཡི་གེ།[06-22]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)