དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།    སྤེལ་དུས།:2009ལོའི་ཟླ4པའི་ཚེས20ཉིན།    

1.ཅི་ཞིག་ལ་བསམ་བཞིན་དུ་བྱས་ཉེས་བསགས་པ་ཟེར།

 《ཉེས་ཁྲིམསཀྱི་དོན་ཚན་བཅུ་བཞི་བའི་ནང་གཏན་ལ་ཕབ་དོན།   རང་གི་བྱ་སྤྱོད་དེས་སྤྱི་ཚོགས་ལ་གནོད་འཚེ་བཟོ་བའི་མཇུག་འབྲས་འབྱུང་སྲིད་པ་ཤེས་པ་མ་ཟད།   ད་དུང་མཇུག་འབྲས་དེ་ལྟ་བུ་འབྱུང་བར་རེ་བ་བྱེད་པའམ་རང་དགར་བྱུང་དུ་བཅུག་པའི་དབང་གིས་བྱས་ཉེས་བསགས་པ་ལ་བསམ་བཞིན་དུ་བྱས་ཉེས་བསགས་པ་ཟེར།   བསམ་བཞིན་དུ་བྱས་ཉེས་བསགས་མཁན་གྱིས་ཉེས་དོན་གྱི་འགན་འཁྲི་ཁུར་དགོས།

2.ཅི་ཞིག་ལ་ལས་འཛོལ་གྱི་བྱས་ཉེས་བསགས་པ་ཟེར།

 ཉེས་ཁྲིམསཀྱི་དོན་ཚན་བཅོ་ལྔ་བའི་ནང་གཏན་ལ་ཕབ་དོན།   རང་གི་བྱ་སྤྱོད་དེས་སྤྱི་ཚོགས་ལ་གནོད་འཚེ་བཟོ་བའི་མཇུག་འབྲས་འབྱུང་སྲིད་པ་སྔོན་ལ་ཤེས་དགོས་ཀྱང་།   སྣང་མེད་དུ་བཞག་པའི་དབང་གིས་སྔོན་ལ་མ་ཤེས་པའམ་ཡང་ན་སྔོན་ལ་ཤེས་ཀྱང་དེ་ལས་བྱོལ་ཐུབ་པར་འདོད་ནས།   མཇུག་འབྲས་དེ་རིགས་བྱུང་དུ་བཅུག་པ་ལ་ལས་འཛོལ་གྱི་བྱས་ཉེས་བསགས་པ་ཟེར།   ལས་འཛོལ་གྱི་བྱས་ཉེས་བསགས་པར།   བཅའ་ཁྲིམས་ཀྱི་གཏན་ཕབ་ཡོད་ཚེ་ད་གཟོད་ཉེས་དོན་གྱི་འགན་འཁྲི་ཁུར་དགོས།

3.ནར་མ་སོན་པའི་མིས་བྱས་ཉེས་བསགས་པར། ཉེས་དོན་གྱི་འགན་འཁྲི་ཇི་ལྟར་ཁུར་དགོས།

ཉེས་ཁྲིམསཀྱི་དོན་ཚན་བཅུ་བདུན་པས་གཏན་ཕབ་པ་ལྟར་ན།   ལོ་ཧྲིལ་བོ་བཅུ་དྲུག་སོནཔའི་མིས་བྱས་ཉེས་བསགས་ན།   ཉེས་དོན་གྱི་འགན་འཁྲི་ཁུར་དགོས།   ལོ་ཧྲིལ་བོ་བཅུ་བཞི་སོན་པ་དང་བཅུ་དྲུག་མ་སོན་པའི་མིས་བསམ་བཞིན་དུ་མི་བསད་པ་དང་མི་ལ་གནོད་སྐྱེལ་ནས་རྨས་ཚབས་ཆེན་བཟོས་པའམ་ཤི་བ།   བཙན་གཡེམ་དང་འཕྲོག་བཅོམ།   དུག་རྫས་ལོག་ཚོང་རྒྱག་པ།   མེ་ལ་གཏོང་བ།   གས་གཏོར།  དུག་འཕེན་པ་བཅས་ཀྱིས་བྱས་ཉེས་བསགས་པར།   ཉེས་དོན་གྱི་འགན་འཁྲི་ཁུར་དགོས།ལོ་ཧྲིལ་བོ་བཅུ་བཞི་སོན་པ་དང་བཅོ་བརྒྱད་མ་སོན་པའི་མིས་བྱས་ཉེས་བསགས་ན།   ཡང་བཟོས་ཀྱི་ཉེས་ཆད་གཅོད་པའམ་ཉེས་ཆད་ཇེ་ཡང་དུ་གཏོང་དགོས།   ལོ་ཧྲིལ་བོ་བཅུ་དྲུག་མ་སོན་པའི་དབང་གིས་ཉེས་ཆད་མི་གཅོད་པ་ལ།    དེའི་ཁྱིམ་བདག་གམ་ལྟ་སྐྱོང་བྱེད་མཁན་ལ་བདག་སྐྱོང་བྱེད་དགོས་པའི་འགན་དཀྲི་དགོས།   དགོས་ངེས་ཀྱི་སྐབས་སུ་སྲིད་གཞུང་གིས་བཀག་ཉར་གྱིས་བསླབ་གཅུན་བྱས་ཀྱང་ཆོག
4.སྨྱོན་པའམ་ཆང་འཐུང་མཁན་གྱིས་བྱས་ཉེས་བསགས་པར།ཉེས་དོན་གྱི་འགན་འཁྲི་ཁུར་དགོས་སམ།

ཉེས་ཁྲིམསཀྱི་དོན་ཚན་བཅོ་བརྒྱད་པས་གཏན་ལ་ཕབ་པ་ལྟར་ན།    སྨྱོན་པས་འཇུག་ལྡོག་མི་ཤེས་པའམ་རང་གི་བྱ་སྤྱོད་ལ་ཚོད་འཛིན་བྱེད་མི་ཐུབ་པའི་སྐབས་སུ་གནོད་སྐྱེལ་བའི་མཇུག་འབྲས་བཟོས་པར།   ཁྲིམས་བཅད་ཀྱི་གོ་རིམ་ལྟར་གསལ་འབྱེད་བྱས་ནས་ངོས་ལེན་བྱས་པར།   ཉེས་དོན་གྱི་འགན་འཁྲི་ཁུར་མི་དགོས་མོད།   དེའི་ཁྱིམ་བདག་གམ་ལྟ་སྐྱོང་བྱེད་མཁན་ལ་བདག་སྐྱོང་ནན་མོའམ་སྨན་བཅོས་བྱེད་དགོས་པའི་འགན་དཀྲི་དགོས།   དགོས་ངེས་ཀྱི་སྐབས་སུ་སྲིད་གཞུང་གིས་བཙན་ཐབས་ཀྱིས་སྨན་བཅོས་བྱེད་དགོས།   བར་མཚམས་རང་བཞིན་གྱི་སྨྱོན་པས་བློ་རིག་རྒྱུན་ལྡན་ཡིན་པའི་སྐབས་སུ་བྱས་ཉེས་བསགས་པར།   ཉེས་དོན་གྱི་འགན་འཁྲི་ཁུར་དགོས།   འཇུག་ལྡོག་གམ་རང་གི་བྱ་སྤྱོད་ལ་ཚོད་འཛིན་གྱི་ནུས་པ་ཡོངས་སུ་ཉམས་མེད་པའི་སྨྱོན་པས་བྱས་ཉེས་བསགས་པར།   ཉེས་དོན་གྱི་འགན་འཁྲི་ཁུར་དགོས།   ཡིན་ཡང་ཡང་བཟོས་ཀྱི་ཉེས་ཆད་གཅོད་པའམ་ཉེས་ཆད་ཇེ་ཡང་དུ་བཏང་ཆོག    ཆང་འཐུང་མཁན་གྱིས་བྱས་ཉེས་བསགས་པར།   ཉེས་དོན་གྱི་འགན་འཁྲི་ཁུར་དགོས།

5.ཅི་ཞིག་ལ་ལུགས་མཐུན་འགོག་སྲུང་ཟེར། ལུགས་མཐུན་འགོག་སྲུང་བྱས་ན།ཉེས་དོན་གྱི་འགན་འཁྲི་ཁུར་དགོས་སམ།

  ཉེས་ཁྲིམསཀྱི་དོན་ཚན་ཉི་ཤུ་བས་གཏན་ལ་ཕབ་པ་ལྟར་ན།   རྒྱལ་ཁབ་དང་སྤྱི་པའི་ཁེ་ཕན་དང་།   མི་རང་ཉིད་དམ་མི་གཞན་པའི་ལུས་ཕུང་དང་རྒྱུ་ནོར་དང་།   ཁེ་དབང་གཞན་པ་ལ་ཁྲིམས་འགལ་གྱིས་གནོད་འཚེ་སྐྱེལ་བཞིན་པ་འགོག་ཆེད།   འགོག་ཐབས་སྤྱད་པའི་བྱ་སྤྱོད་དེས་ཁྲིམས་འགལ་གྱིས་འཚེ་སྐྱེལ་མཁན་ལ་གནོད་སྐྱོན་བཟོས་པ་ནི་ལུགས་མཐུན་འགོག་སྲུང་ལ་གཏོགས་པས།   ཉེས་དོན་གྱི་འགན་འཁྲི་ཁུར་མི་དགོས།   ལུགས་མཐུན་འགོག་སྲུང་དེ་དགོས་ངེས་ཀྱི་ཚད་ལས་བརྒལ་དྲགས་པས་ཕ་རོལ་བོར་གནོད་སྐྱོན་ཆེན་པོ་བཟོས་ཚེ།   ཉེས་དོན་གྱི་འགན་འཁྲི་ཁུར་དགོས།   ཡིན་ཡང་ཉེས་ཆད་ཇེ་ཡང་དུ་གཏོང་བའམ་ཉེས་ཆད་མ་བཅད་ཀྱང་ཆོག    དྲག་རྡུང་དང་མི་གསོད་པ།   འཕྲོག་བཅོམ།བཙན་གཡེམ།   བཙན་ཁྲིད་དང་མི་ལུས་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོ་བའི་དྲག་ཤུགས་ཀྱིས་བྱས་ཉེས་གཞན་པ་བསགས་བཞིན་པ་ལ་ལུགས་མཐུན་འགོག་སྲུང་བྱས་ནས།   ཁྲིམས་འགལ་གྱིས་གནོད་འཚེ་སྐྱེལ་མཁན་ཤི་རྨས་སུ་བཏང་བ་དེ་ལུགས་མཐུན་འགོག་སྲུང་ཚད་ལས་བརྒལ་བར་མི་གཏོགས་པས།   ཉེས་དོན་གྱི་འགན་འཁྲི་ཁུར་མི་དགོས།

6.ཉེས་ཆད་ལ་རིགས་གང་དག་ཡོད།

 《ཉེས་ཁྲིམསཀྱི་དོན་ཚན་སོ་གཉིས་པས་གཏན་ཕབ་པ་ལྟར་ན།    ཉེས་ཆད་ལ་ཉེས་ཆད་གཙོ་བོ་དང་ཞོར་འགེལ་ཉེས་ཆད་གཉིས་སུ་དབྱེ་ཡོད།

7. ཉེས་ཆད་གཙོ་བོར་རིགས་གང་དག་འདུས།

 《ཉེས་ཁྲིམསཀྱི་དོན་ཚན་སོ་གསུམ་པས་གཏན་ཕབ་པ་ལྟར་ན།   ཉེས་ཆད་ལ་ཉེས་ཆད་གཙོ་བོ་ལ། གཅིགགཅུན་འདོམས།གཉིསབཙན་ཉར་ལས་སྐུལ།གསུམདུས་བཀག་བཙོན་འཇུག བཞིཚེ་བཙོན།ལྔསྲོག་ཆད་བཅས་ཡོད།

8.ཞོར་འགེལ་ཉེས་ཆད་ལ་རིགས་གང་དག་འདུས།

 《ཉེས་ཁྲིམསཀྱི་དོན་ཚན་སོ་བཞི་བས་གཏན་ལ་ཕབ་པ་ལྟར་ན།ཞོར་འགེལ་ཉེས་ཆད་ལ།   གཅིགདངུལ་ཆད་གཅོད་པ།གཉིསཆབ་སྲིད་ཀྱི་དབང་ཆ་ལེན་པ།གསུམརྒྱུ་ནོར་གཞུང་བཞེས་གཏོང་བ།   ཞོར་འགེལ་ཉེས་ཆད་གཅིག་པུར་ལག་བསྟར་བྱས་ཀྱང་ཆོག

9.གཅུན་འདོམས་དང་བཙན་ཉར་ལས་སྐུལ་གྱི་དུས་ཚད་སོ་སོར་ག་འདྲ་ཡིན་པ་དང་། ཇི་ལྟར་ལག་བསྟར་བྱེད་དགོས།

  ཉེས་ཁྲིམསཀྱི་དོན་ཚན་སོ་བརྒྱད་པ་དང་ཞེ་གཉིས་པ།   ཞེ་གསུམ་ལས་གཏན་ཕབ་པ་ལྟར་ན།  གཅུན་འདོམས་ཀྱི་དུས་ཚད་ནི་ཟླ་གསུམ་ཡན་དང་ལོ་གཉིས་མན་ཡིན་ལ།    སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་བྱེད་དགོས།   བཙན་ཉར་ལས་སྐུལ་གྱི་དུས་ཚད་ནི་ཟླ་གཅིག་ཡན་དང་ཟླ་དྲུག་མན་ཡིན་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཉེ་ས་ནས་ལག་བསྟར་བྱེད་དགོས།

10.ཅི་ཞིག་ལ་བྱས་ཉེས་རིམ་པར་གསོག་མཁན་ཟེར།ཉེས་ཆད་ཇི་ལྟར་གཅོད་དགོས།

 ཉེས་ཁྲིམསཀྱི་དོན་ཚན་རེ་ལྔ་བས་གཏན་ལ་ཕབ་པ་ལྟར་ན།   དུས་བཀག་བཙོན་འཇུག་ཡན་ཆད་ཀྱི་ཉེས་ཆད་བཅད་པའི་ཉེས་ཅན་གྱིས་ཉེས་ཆད་ལག་བསྟར་བྱས་ཚར་བའམ་ཉེས་ཆད་རྩ་ཆག་ཏུ་བཏང་རྗེས།   ལོ་ལྔ་ཡི་ནང་དུ་ཡང་བསྐྱར་དུས་བཀག་བཙོན་འཇུག་ཡན་ཆད་ཀྱི་ཉེས་ཆད་གཅོད་དགོས་པའི་བྱས་ཉེས་བསགས་པ་ལ་བྱས་ཉེས་རིམ་པར་གསོག་མཁན་ཟེར་ལ།   ནོར་འཛོལ་གྱིས་བྱས་ཉེས་བསགས་པ་ལས་གཞན་ཉེས་ཆད་ལྕི་མོ་གཅོད་དགོས།

11.ཅི་ཞིག་ལ་རང་ཉེས་རང་ཞུ་ཟེར། ཉེས་ཆད་ཇི་ལྟར་གཅོད་དགོས།

 ཉེས་ཁྲིམསཀྱི་དོན་ཚན་རེ་བདུན་པར་གཏན་འཁེལ་བྱས་དོན།   བྱས་ཉེས་བསགས་རྗེས་རང་འགུལ་གྱིས་བྱས་ཉེས་ཞུས་ནས་རང་གི་བྱས་ཉེས་ཇི་བཞིན་ངོས་ལེན་ཞུས་པ་ལ་རང་ཉེས་རང་ཞུ་ཟེར།   རང་ཉེས་རང་ཞུ་བྱེད་མཁན་ཉེས་ཅན་ལ་ཡང་བཟོས་ཀྱི་ཉེས་ཆད་གཅོད་པའམ་ཉེས་ཆད་ཇེ་ཡང་དུ་བཏང་ཆོག   དེའི་ནང་དུ་བྱས་ཉེས་ཚབས་ཅུང་ཆུང་བར་ཉེས་ཆད་རྩ་བ་ནས་མ་བཅད་ཀྱང་ཆོག      བཙན་ཤེད་ཀྱི་བྱེད་ཐབས་སྤྱོད་ཡུལ་དོགས་ཡོད་ཉེས་ཅན་དང་གཏུག་ཡུལ།   ཉེས་ཆད་འཁུར་བཞིན་པའི་ཉེས་ཅན་གྱིས་ཁྲིམས་འཛིན་ལས་ཁུངས་ཀྱིས་ད་དུང་མ་ཤེས་པའི་རང་གི་བྱས་ཉེས་གཞན་དག་ཇི་བཞིན་དུ་ངོས་ལེན་ཞུས་ན།   རང་ཉེས་རང་ཞུ་རུ་བརྩི་རྒྱུ།

12.ཉེས་ཅན་གང་དག་ལ་ཁྲིམས་ཆད་ཕྱིར་འགྱངས་ཞེས་ཁྱབ་བསྒྲགས་བྱེད་ཆོག་པ་རེད།

 ཉེས་ཁྲིམསཀྱི་དོན་ཚན72པའི་གཏན་འབེབ་གཞིར་བཟུང་སྟེ།    དུས་ཐུང་བཙོན་འཇུག་དང་ལོ་གསུམ་མན་ཆད་ཉེས་ཆད་བཅད་པའི་ཉེས་ཅན་ལ།   ཉེས་ཅན་གྱི་ཉེས་བསགས་གནས་ཚུལ་དང་ནག་ཉེས་ལ་འགྱོད་སེམས་སྐྱེ་ཚུལ་གཞིར་བཟུང་སྟེ།   ཁྲིམས་ཆད་ཕྱིར་འགྱངས་སྤྱོད་སྟངས་ཐད་དངོས་གནས་སྤྱི་ཚོགས་ལ་ཡང་བསྐྱར་གནོད་འཚེ་མེད་པར།   ཁྲིམས་ཆད་ཕྱིར་འགྱངས་ཞེས་ཁྱབ་བསྒྲགས་བྱེད་ཆོག་པ་རེད།

13.ཅི་ཞིག་ལ་བསམ་བཞིན་དུ་མི་བསད་པའི་ནག་ཉེས་ཟེར། ཉེས་ཆད་ཇི་ལྟར་གཅོད་དགོས།

    བསམ་བཞིན་དུ་མི་བསད་པའི་ནག་ཉེས་ནི་བསམ་བཞིན་དུ་ཁྲིམས་དང་མི་མཐུན་པ་མི་གཞན་པའི་ཚེ་སྲོག་བཅོམ་པའི་བྱ་སྤྱོད་ལ་ཟེར།ཉེས་ཁྲིམསཀྱི་དོན་ཚན232པའི་གཏན་འབེབ་གཞིར་བཟུང་སྟེ།   བསམ་བཞིན་དུ་མི་བསད་མཁན་ལ།   སྲོག་ཆད་དང་ཚེ་བཙོན་དང་ཡང་ན་ལོ་བཅུ་ཡན་ཆད་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་དགོས།གནས་ཚུལ་ཅུང་ཡང་བར།   ལོ་གསུམ་ཡན་ཆད་དང་ལོ་བཅུ་མན་ཆད་དུས་བཀག་བཙོ་འཇུག་གི་ཉེས་ཆད་གཅོད་དགོས།

14.ཅི་ཞིག་ལ་བསམ་བཞིན་དུ་རྨས་སྐྱོན་བཟོས་པའི་ནག་ཉེས་ཟེར། ཉེས་ཆད་ཇི་ལྟར་གཅོད་དགོས།

     བསམ་བཞིན་དུ་རྨས་སྐྱོན་བཟོས་པའི་ནག་ཉེས་ནི་བསམ་བཞིན་དུ་ཁྲིམས་དང་མི་མཐུན་པ་མི་གཞན་པའི་བདེ་ཐང་ལ་གནོད་པ་སྐྱེལ་བའི་བྱ་སྤྱོད་ལ་ཟེར།ཉེས་ཁྲིམསཀྱི་དོན་ཚན234བའི་གཏན་འབེབ་གཞིར་བཟུང་སྟེ།    བསམ་བཞིན་དུ་མི་གཞན་པའི་ལུས་པོར་གནོད་པ་སྐྱེལ་མཁན་ལ།   ལོ་གསུམ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་དུས་ཐུང་བཙོན་འཇུག་དང་ཡང་ན་དོ་དམ་གྱི་ཉེས་ཆད་གཅོད་དགོས།ཚན་པ་སྔོན་མའི་ནག་ཉེས་བསགས་པ་དང་།   མི་ལ་རྨས་སྐྱོན་ཚབས་ཆེན་བཟོ་མཁན་ལ།   ལོ་གསུམ་ཡན་ཆད་དང་ལོ་བཅུ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་དགོས།མི་ཤི་རྐྱེན་བཟོས་པ་དང་ཡང་ན་ཧ་ཅང་གདུག་རྩུབ་ཀྱི་ལག་ཐབས་སྤྱད་དེ་མི་ལ་རྨས་སྐྱོན་ཆེན་པོ་ཐེབས་ནས་དབང་པོར་སྐྱོན་ཚབས་ཆེན་བཟོ་མཁན་ལ།   ལོ་བཅུ་ཡན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་ཚེ་བཙོན་དང་ཡང་ན་སྲོག་ཆད་ཀྱི་ཉེས་ཆད་གཅོད་དགོས།   བཅའ་ཁྲིམས་འདི་ཉིད་ལོགས་སུ་གཏན་འབེབ་ཡོད་ན།   གཏན་འབེབ་ལྟར་སྒྲུབ་དགོས།

15.ཅི་ཞིག་ལ་བུད་མེད་དང་བྱིས་པ་གཡོ་ཚོང་བྱེད་པའི་ནག་ཉེས་ཟེར།ཉེས་ཆད་ཇི་ལྟར་གཅོད་དགོས།

    བུད་མེད་དང་བྱིས་པ་གཡོ་ཚོང་བྱེད་པའི་ནག་ཉེས་ནི་ཕྱིར་ཚོང་དམིགས་ཡུལ་དུ་བྱས་ཏེ།   བུད་མེད་དང་བྱིས་པ་གཡོ་ཚོང་དང་བཀྱིགས་ཁྲིད།   རྔན་སླུ།   ལོག་ཚོང་།   བརྒྱུད་སྐྱེལ།   བར་བཤུག་བཅས་བྱེད་པ་དང་ཡང་ན་བཙན་ཤེད་དང་འཇིགས་སྐུལ།   ཡང་ན་ཚོང་སྦྲིད་ཀྱི་ལག་ཐབས་བཀོལ་ནས་བུད་མེད་དང་བྱིས་པ་དཀྱིགས་ཁྲིད་བྱེད་པ་དང་ཕྲུ་གུ་དམར་འབྱར་ལྐོག་བརྐུ་བྱེད་པ་བཅས་ཀྱི་བྱ་སྤྱོད་ལ་ཟེར།ཉེས་ཁྲིམསཀྱི་དོན་ཚན240བའི་གཏན་འབེབ་གཞིར་བཟུང་སྟེ།   བུད་མེད་དང་བྱིས་པ་གཡོ་ཚོང་བྱེད་མཁན་ལ།   ལོ་ལྔ་ཡན་ཆད་དང་ལོ་བཅུ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་པ་མ་ཟད།   དངུལ་ཆད་ཀྱང་གཅོད་དགོས།   གཤམ་གྱི་གནས་ཚུལ་རིགས་གཅིག་ལྡན་ཚེ།   ལོ་བཅུ་ཡན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་ཡང་ན་ཚེ་བཙོན་གྱི་ཉེས་ཆད་གཅོད་པ་མ་ཟད།དངུལ་ཆད་གཅོད་པ་དང་ཡང་ན་རྒྱུ་ནོར་ཀྱང་གཞུང་བསྡུ་བྱེད་དགོས།   གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་ན།   སྲོག་ཆད་གཅོད་པ་མ་ཟད།   རྒྱུ་ནོར་ཀྱང་གཞུང་བསྡུ་བྱེད་དགོས།གཅིགབུད་མེད་དང་བྱིས་པ་གཡོ་ཚོང་བྱེད་པའི་ཚོགས་ཁག་གི་གཏེ་བོ།གཉིསབུད་མེད་དང་བྱིས་པ་གསུམ་ཡན་ཆད་གཡོ་ཚོང་བྱེད་མཁན།གསུམགཡོ་ཚོང་བྱས་པའི་བུད་མེད་ལ་ལོག་གཡེང་བྱེད་མཁན།བཞིགཡོ་ཚོང་བྱས་པའི་བུད་མེད་བསླུ་བྲིད་དང་བཙན་སྐུལ་བྱེད་པ་དང་ཡང་ན་གཡོ་ཚོང་བྱས་པའི་བུད་མེད་མི་གཞན་ལ་བཙོང་ནས་བཙན་ཤེད་ཀྱི་སྨད་ཚོང་བྱེད་དུ་འཇུག་མཁན།ལྔཕྱིར་འཚོང་བྱེད་པ་དམིགས་ཡུལ་དུ་བྱས་ནས།   བཙན་ཤེད་དང་འཇིགས་སྐུལ་དང་ཡང་ན་ཚོར་སྦྲིད་ཀྱི་ལག་ཐབས་བཀོལ་ནས་བུད་མེད་དང་བྱིས་པ་དཀྱིགས་ཁྲིད་བྱེད་མཁན།དྲུགཕྱིར་འཚོང་བྱེད་པ་དམིགས་ཡུལ་དུ་བྱས་ནས།   ཕྲུ་གུ་དམར་འབྱར་ལྐོག་བརྐུ་བྱེད་མཁན།བདུནགཡོ་ཚོང་བྱས་པའི་བུད་མེད་དང་བྱིས་པ་དང་ཡང་ན་དེའི་ཉེ་འབྲེལ་ལ་རྨས་སྐྱོན་ཚབས་ཆེན་བཟོས་པ་དང་ཤི་བ་དང་ཡང་ན་དེ་མིན་མཐའ་འབྲས་ཚབས་ཆེན་བཟོ་མཁན།བརྒྱདབུད་མེད་དང་བྱིས་པ་མངའ་ཁོངས་ཕྱི་ལ་བཙོང་མཁན།

16.ཅི་ཞིག་ལ་བཟའ་ཡོད་བསྐྱར་སྒྲིག་གི་ནག་ཉེས་ཟེར།ཉེས་ཆད་ཇི་ལྟར་གཅོད་དགོས།

     བཟའ་ཡོད་བསྐྱར་སྒྲིག་ནི་བཟའ་ཟླ་ཡོད་ཀྱང་མི་གཞན་དང་གཉེན་སྒྲིག་བྱེད་པ་དང་།   ཡང་ན་མི་གཞན་ལ་གཟའ་ཟླ་ཡོད་པ་ཤེས་གསལ་ལྟར་གཉེན་སྒྲིག་བྱེད་པའི་བྱ་སྤྱོད་ལ་ཟེར།ཉེས་ཁྲིམསཀྱི་དོན་ཚན258པའི་གཏན་འབེབ་གཞིར་བཟུང་སྟེ།    བཟའ་ཟླ་ཡོད་དེ་ཡང་བསྐྱར་གཉེན་སྒྲིག་བྱེད་མཁན་དང་ཡང་ན་མི་གཞན་ལ་བཟའ་ཟླ་ཡོད་པ་ཤེས་གསལ་ལྟར་གཉེན་སྒྲིག་བྱེད་མཁན་ལ།   ལོ་གཉིས་མན་ཆད་དུས་བཀག་བཙོན་འཇུག་དང་ཡང་ན་དུས་ཐུང་བཙོན་འཇུག་གི་ཉེས་ཆད་གཅོད་དགོས།

17.ཅི་ཞིག་ལ་བཙན་ཤེད་ཀྱིས་རང་དབང་གཉེན་སྒྲིག་ལ་ཐེ་གཏོགས་བྱེད་པའི་ནག་ཉེས་ཟེར། ཉེས་ཆད་ཇི་ལྟར་གཅོད་དགོས།

     བཙན་ཤེད་ཀྱིས་རང་དབང་གཉེན་སྒྲིག་ལ་ཐེ་གཏོགས་བྱེད་པ་ནི་བཙན་ཤེད་ཀྱིས་མི་གཞན་པའི་གཉེན་སྒྲིག་དང་ཡང་ན་གཉེན་ཐོར་རང་དབང་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ལ་ཟེར།    ཉེས་ཁྲིམསཀྱི་དོན་ཚན257པའི་གཏན་འབེབ་གཞིར་བཟུང་སྟེ།    བཙན་ཤེད་ཀྱིས་མི་གཞན་པའི་གཉེན་སྒྲིག་རང་དབང་ཐེ་གཏོགས་བྱེད་མཁན་ལ།    ལོ་གཉིས་ཡན་ཆད་དུས་བཀག་བཙོན་འཇུག་དང་ཡང་ན་དུས་ཐུང་བཙོན་འཇུག་གི་ཉེས་ཆད་གཅོད་དགོས།   ཚན་པ་སྔོན་མའི་ནག་ཉེས་བསགས་ཏེ།   གནོད་འཚེ་ཕོག་མཁན་ཤི་རྐྱེན་བཟོ་མཁན་ལ།    ལོ་གཉིས་ཡན་ཆད་དང་ལོ་བདུན་མན་ཆད་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་དགོས།   ཚན་པ་དང་པོའི་ནག་ཉེས་བསགས་པར།   ཁྲིམས་སྦྱོར་བྱས་ཚེ་ཐག་གཅོད་དགོས།

18.ཅི་ཞིག་ལ་མནར་གཅོད་ནག་ཉེས་ཟེར། ཉེས་ཆད་ཇི་ལྟར་གཅོད་དགོས།

     མནར་གཅོད་ནག་ཉེས་ནི་འཚོ་བ་མཉམ་དུ་རོལ་བའི་ཁྱིམ་མིར།   དུས་རྒྱུན་དུ་རྒྱག་རྡུང་དང་གཤེ་གཤེ་གཏོང་བ་དང་།   འཁྱག་ལྟོག་བྱེད་པ།   བཙན་ཤེད་ཀྱིས་ངལ་རྩོལ་ལྗིད་དྲགས་པ་ལས་སུ་འཇུག་པ།ནད་ཡོད་ཀྱང་སྨན་བཅོས་མི་བྱེད་པ།   རང་དབང་ལ་ཚོད་འཛིན་བྱེད་པ།   མིའི་ཐོབ་ཐང་ལ་བརྙས་བཅོས་བྱེད་པ་སོགས་ཀྱི་ཐབས་ཤེས་སྤྱོད་པ་དང་།   ལུས་ཕུང་ཐོག་དང་བསམ་པའི་ཐོག་མནར་གཅོད་བྱེད་པ་བཅས་གནས་ཚུལ་ཚབས་ཆེན་ཀྱི་བྱ་སྤྱོད་ལ་ཟེར།ཉེས་ཁྲིམསཀྱི་དོན་ཚན260པའི་གཏན་འབེབ་གཞིར་བཟུང་སྟེ།   ཁྱིམ་མིར་མནར་གཅོད་བྱས་པའི་གནས་ཚུལ་ཚབས་ཆེན་ཡིན་ཚེ།   ལོ་གཉིས་མན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་དུས་ཐུང་བཙོན་འཇུག་དང་ཡང་ན་དོ་དམ་གྱི་ཉེས་ཆད་གཅོད་དགོས།    ཚན་པ་སྔོན་མའི་ནག་ཉེས་བསགས་པ་དང་།   མི་ལ་རྨས་སྐྱོན་ཚབས་ཆེན་དང་ཤི་རྐྱེན་བཟོ་མཁན་ལ།   ལོ་གཉིས་ཡན་ཆད་དང་ལོ་བདུན་མན་ཆད་ཀྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་དགོས།   ཚན་པ་དང་པོའི་ནག་ཉིས་བསགས་པར།   ཁྲིམས་སྦྱོར་བྱས་ཚེ་ཐག་གཅོད་དགོས།

19.ཅི་ཞིག་ལ་གསོ་འགན་མི་ཁུར་བའི་ནག་ཉེས་ཟེར།ཉེས་ཆད་ཇི་ལྟར་གཅོད་དགོས།

    གསོ་འགན་མི་ཁུར་བའི་ནག་ཉེས་ནི་རྒས་པ་དང་ལོ་ཆུང་།   ནད་པ་དང་ཡང་ན་རང་ཚུགས་ཀྱིས་འཚོ་བ་སྤྱོད་པའི་ནུས་པ་མེད་མཁན་དང་།   འཚོ་སྐྱོང་གི་འོས་འགན་ཁུར་ཡོད་ཀྱང་འོས་འགན་མི་ཁུར་བ་བཅས་གནས་ཚུལ་ཚབས་ཆེན་གྱི་བྱ་སྤྱོད་ལ་ཟེར།ཉེས་ཁྲིམསཀྱི་དོན་ཚན261པའི་གཏན་འབེབ་གཞིར་བཟུང་སྟེ།   ལོ་ལྔ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་དུས་ཐུང་བཙོན་འཇུག་དང་ཡང་ན་དོ་དམ་གྱི་ཉེས་ཆད་གཅོད་དགོས།

20.ཅི་ཞིག་ལ་འཕྲོག་བཅོམ་བྱས་པའི་ནག་ཉེས་ཟེར།ཉེས་ཆད་ཇི་ལྟར་གཅོད་དགོས།

    འཕྲོག་བཅོམ་བྱས་པའི་ནག་ཉེས་ནི་ཁྲིམས་འགལ་གྱིས་བདག་བཟུང་བྱེད་པ་དམིགས་འབེན་བྱས་ཏེ།  བཙན་ཤེད་དང་འཇིགས་སྐུལ་དང་ཡང་ན་བྱེད་ཐབས་དེ་མིན་སྤྱད་དེ།   སྤྱི་སྒེར་གཉིས་ཀྱི་རྒྱུ་ནོར་བཙན་འཕྲོག་བྱེད་པའི་བྱ་སྤྱོད་ལ་ཟེར།ཉེས་ཁྲིམསཀྱི་དོན་ཚན263པའི་གཏན་འབེབ་གཞིར་བཟུང་སྟེ།   བཙན་ཤེད་དང་འཇིགས་སྐུལ་དང་ཡང་ན་བྱེད་ཐབས་དེ་མིན་སྤྱད་དེ་སྤྱི་སྒེར་གཉིས་ཀྱི་རྒྱུ་ནོར་འཕྲོག་བཅོམ་བྱེད་མཁན་ལ།   ལོ་གསུམ་ཡན་ཆད་དང་ལོ་བཅུ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་པ་མ་ཟད།  དངུལ་ཆད་ཀྱང་གཅོད་དགོས།   གཤམ་གྱི་གནས་ཚུལ་རིགས་གཅིག་ལྡན་ཚེ།   ལོ་བཅུ་ཡན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་ཚེ་བཙོན་དང་ཡང་ན་སྲོག་ཆད་ཀྱི་ཉེས་ཆད་གཅོད་པ་མ་ཟད།   དངུལ་ཆད་གཅོད་པ་དང་ཡང་ན་རྒྱུ་ནོར་ཀྱང་གཞུང་བསྡུ་བྱེད་དགོས།གཅིགཁྱིམ་དུ་འཛུལ་ནས་འཕྲོག་བཅོམ་བྱེད་པ།གཉིསསྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ཐོག་ནས་འཕྲོག་བཅོམ་བྱེད་པ།གསུམདངུལ་ཁང་དང་དངུལ་ལོར་ལས་ཁུངས་གཞན་པ་ནས་འཕྲོག་བཅོམ་བྱེད་པ།བཞིཐེངས་མང་འཕྲོག་བཅོམ་དང་ཡང་ན་གྲངས་འབོར་ཧ་ཅང་ཆེ་བ་འཕྲོག་བཅོམ་བྱེད་པ།ལྔའཕྲོག་བཅོམ་བྱས་ནས་མི་ལ་རྨས་སྐྱོན་ཚབས་ཆེན་དང་ཤི་རྐྱེན་བཟོས་པ།དྲུགདམག་མི་དང་ཉེན་རྟོག་པར་བརྫུས་ནས་འཕྲོག་བཅོམ་བྱེད་པ།བདུནམེ་མདའ་བཟུང་ནས་འཕྲོག་བཅོམ་བྱེད་པ།བརྒྱདདམག་དཔུང་གི་དངོས་རྫས་འཕྲོག་བཅོམ་བྱེད་པ་དང་ཡང་ན་མྱུར་སྐྱོབ་དང་རྒུད་སྐྱོབ།  དབུལ་སྐྱོབ་བཅས་ཀྱི་དངོས་རྫས་འཕྲོག་བཅོམ་བྱེད་པ་བཅས་སོ།།

21.ཅི་ཞིག་ལ་རྐུ་ཁྱེར་བྱས་པའི་ནག་ཉེས་ཟེར།ཉེས་ཆད་ཇི་ལྟར་གཅོད་དགོས།

    རྐུ་ཁྱེར་བྱས་པའི་ནག་ཉེས་ནི་ཁྲིམས་འགལ་གྱིས་བདག་བཟུང་བྱེད་པ་དམིགས་འབེན་བྱས་ཏེ།   གྲངས་འབོར་ཅུང་ཆེ་བའི་སྤྱི་སྒེར་གཉིས་ཀྱི་རྒྱུ་ནོར་ལྐོག་ནས་རྐུ་ཁྱེར་བྱེད་པའི་བྱ་སྤྱོད་ལ་ཟེར།ཉེས་ཁྲིམསཀྱི་དོན་ཚན264པིའ་གཏན་འབེབ་གཞིར་བཟུང་སྟེ།    སྤྱི་སྒེར་གཉིས་ཀྱི་རྒྱུ་ནོར་རྐུ་ཁྱེར་བྱས་ཏེ།   གྲངས་འབོར་ཅུང་ཆེ་བ་དང་ཡང་ན་ཐེངས་མང་རྐུ་ཁྱེར་བྱེད་མཁན་ལ།   ལོ་གསུམ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་དུས་ཐུང་བཙོན་འཇུག་དང་ཡང་ན་དོ་དམ་གྱི་ཉེས་ཆད་གཅོད་པ་མ་ཟད།   དངུལ་ཆད་གཅོད་པ་དང་ཡང་ན་ཁེར་གཅོད་ཀྱང་བྱེད་དགོས།   གྲངས་འབོར་ཆེ་བ་དང་ཡང་ན་དེ་མིན་གནས་ཚུལ་ཚབས་ཆེན་ཡོད་ཚེ།   ལོ་གསུམ་ཡན་ཆད་དང་ལོ་བཅུ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་པ་མ་ཟད།    དངུལ་ཆད་ཀྱང་གཅོད་དགོས།   གྲངས་འབོར་ཧ་ཅང་ཆེ་བ་དང་ཡང་ན་དེ་མིན་གནས་ཚུལ་ཧ་ཅང་ཚབས་ཆེན་ཡོད་ཚེ།   ལོ་བཅུ་ཡན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་ཡང་ན་ཚེ་བཙོན་གྱི་ཉེས་ཆད་གཅོད་པ་མ་ཟད།   དངུལ་ཆད་གཅོད་པ་དང་ཡང་ན་རྒྱུ་ནོར་ཀྱང་གཞུང་བསྡུ་བྱེད་དགོས།   གཤམ་གྱི་གནས་ཚུལ་རིགས་གཅིག་ལྡན་ཚེ།   ཚེ་བཙོན་དང་སྲོག་ཆད་གཅོད་པ་མ་ཟད།   རྒྱུ་ནོར་ཀྱང་གཞུང་བསྡུ་བྱེད་དགོས་ཏེ།གཅིགདངུལ་ལོར་ལས་ཁུངས་ནས་རྐུ་ཁྱེར་བྱས་ཏེ།   གྲངས་འབོར་ཧ་ཅང་ཆེ་བ།གཉིསརིན་འགངས་ཆེ་བའི་རིག་གནས་དངོས་རྫས་རྐུ་ཁྱེར་བྱས་ཏེ།   གནས་ཚུལ་ཧ་ཅང་ཚབས་ཆེ་བ་བཅས་སོ།།

22.ཅི་ཞིག་ལ་བསམ་བཞིན་དུ་རྒྱུ་ནོར་རྩ་བརླག་བྱས་པའི་ནག་ཉེས་ཟེར། ཉེས་ཆད་ཇི་ལྟར་གཅོད་དགོས།
   
བསམ་བཞིན་དུ་རྒྱུ་ནོར་རྩ་བརླག་བྱས་པའི་ནག་ཉེས་ནི་བསམ་བཞིན་དུ་ཁྲིམས་དང་མི་
པར་སྤྱི་བའི་རྒྱུ་ནོར་དང་ཡང་ན་སྤྱི་དམངས་སྒེར་ལ་དབང་བའི་ཁྲིམས་མཐུན་རྒྱུ་ནོར་ལ་རྩ་བརླག་གཏོང་བ་དང་གནོད་སྐྱོན་བཟོས་ཏེ།   རྒྱུ་ནོར་གང་རུང་ཞིག་གི་རིན་ཐང་དང་ཕན་ནུས་རྦད་དེ་ཤོར་བ་དང་ཡང་ན་ཆ་ཤས་ཤོར་བའི་བྱ་སྤྱོད་ལ་ཟེར།ཉེས་ཁྲིམསཀྱི་དོན་ཚན275བའི་གཏན་འབེབ་གཞིར་བཟུང་སྟེ།   བསམ་བཞིན་དུ་སྤྱི་སྒེར་གཉིས་ཀྱི་རྒྱུ་ནོར་རྩ་བརླག་བཏང་སྟེ།   གྲངས་འབོར་ཅུང་ཆེ་བ་དང་ཡང་ན་དེ་མིན་གནས་ཚུལ་ཚབས་ཆེན་ཡོད་ཚེ།   ལོ་གསུམ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་དུས་ཐུང་བཙོན་འཇུག་དང་ཡང་ན་དངུལ་ཆད་གཅོད་དགོས།   གྲངས་འབོར་ཧ་ཅང་ཆེ་བ་དང་ཡང་ན་དེ་མིན་གནས་ཚུལ་ཧ་ཅང་ཚབས་ཆེན་ཡོད་ཚེ།ལོ་གསུམ་ཡན་ཆད་དང་ལོ་བདུན་མན་ཆད་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་དགོས།

23.ཅི་ཞིག་ལ་ཐོན་སྐྱེད་བདག་གཉེར་ལ་གཏོར་བརླག་བྱས་པའི་ནག་ཉེས་ཟེར། ཉེས་ཆད་ཇིལྟར་གཅོད་དགོས།
    ཐོན་སྐྱེད་བདག་གཉེར་ལ་གཏོར་བརླག་བྱས་པའི་ནག་ཉེས་ནི་འཁོན་ལན་སློག་པ་དང་ཡང་ན་སྒེར་གྱི་དམིགས་ཡུལ་གཞན་པ་སྟབས་ཀྱིས།   འཕྲུལ་འཁོར་སྒྲིག་ཆས་རྩ་བརླག་གཏོང་བ་དང་རྨོ་ཕྱུགས་ལ་གནོད་པ་སྐྱེལ་བ་དང་ཡང་ན་བྱེད་ཐབས་གཞན་མིན་སྤྱད་དེ་ཐོན་སྐྱེད་བདག་གཉེར་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་ཟེར།ཉེས་ཁྲིམསཀྱི་དོན་ཚན276པའི་གཏན་འབེབ་གཞིར་བཟུང་སྟེ།   ལོ་གསུམ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་དུས་ཐུང་བཙོན་འཇུག་དང་ཡང་ན་དོ་དམ་གྱི་ཉེས་ཆད་གཅོད་པ་མ་ཟད།   གནས་ཚུལ་ཚབས་ཆེན་ཡིན་ཚེ།   ལོ་གསུམ་ཡན་ཆད་དང་ལོ་བདུན་མན་ཆད་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་དགོས།

24.ཅི་ཞིག་ལ་ཉེས་བསགས་ཟེར།
    རང་རྒྱལཉེས་ཁྲིམསཀྱི་དོན་ཚན་བཅུ་གསུམ་པའི་ནང་དུ་བྱས་ཡོད་པ་སྟེ།   རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་།   བདེ་འཇགས་བཅས་ལ་གནོད་འཚེ་གཏོང་བ་དང་།   རྒྱལ་ཁབ་ཁ་བྲལ་གཏོང་བ་དང་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྲིད་དབང་རྩ་སློག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མགོ་མཇུག་སློག་པ།   སྤྱི་ཚོགས་ཀྱི་སྒྲིག་ལམ་དང་དཔལ་འབྱོར་གྱི་སྒྲིག་ལམ་གཏོར་བརླག་གཏོང་བ།   རྒྱལ་དབང་རྒྱུ་ནོར་དང་ཡང་ན་ངལ་རྩོལ་མང་ཚོགས་ཀྱི་ཐུན་མོང་ལ་དབང་བའི་རྒྱུ་ནོར་ལ་གནོད་འཚེ་གཏོང་བ།   སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་དམངས་གཙོའི་དབང་ཆ།   དབང་ཆ་གཞན་པ་བཅས་ལ་གནོད་འཚེ་གཏོང་བ་དང་དེ་མིན་སྤྱི་ཚོགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་བཅས་ལ།   བཅའ་ཁྲིམས་ལྟར་ཉེས་ཆད་དང་ཆད་པ་བཅད་པ་ཚང་མ་ཉེས་བསགས་ཡིན་མོད།   འོན་ཀྱང་ཉེས་ནག་བསགས་ཚུལ་མངོན་གསལ་གྱིས་ཡང་ཞིང་གནོད་འཚེ་མི་ཆེ་བར་ཉེས་བསགས་ཡིན་པའི་ངེས་པ་མེད།

25.ཅི་ཞིག་ལ་ལུགས་མཐུན་འགོག་སྲུང་ཟེར། ཉེས་དོན་གྱི་འགན་འཁྲི་ཁུར་དགོས་སམ།
     ལུགས་མཐུན་འགོག་སྲུང་ནི་བཅའ་ཁྲིམས་གྱིས་སྤྱི་དམངས་ལ་རྒྱལ་ཁབ་དང་ཐུན་མོང་།   མི་སྒེར་གསུམ་གྱི་རྒྱུ་ནོར་དང་མི་ལུས་བདེ་འཇགས་དང་།   ཁྲིམས་འགལ་ཉེས་བསགས་བཅས་ཀྱི་བྱ་སྤྱོད་ལ་འཐབ་རྩོད་བྱེད་པའི་འཐབ་རྩོད་བྱ་སྤྱོད་ཀྱི་སྲུང་སྐྱོང་རང་བཞིན་ལྡན་པའི་གཏན་འབེབ་ཅིག་ཡིན།   རང་རྒྱལཉེས་ཁྲིམསནང་དུ་གཏན་འབེབ་བྱས་ཡོད་པ་སྟེ།རྒྱལ་ཁབ་དང་སྤྱི་དམངས་ཀྱི་ཁེ་ཕན།  རང་ཉིད་དང་ཡང་ན་མི་གཞན་པའི་ལུས་ཕུང་དང་རྒྱུ་ནོར།   དབང་ཆ་གཞན་པ་བཅས་སྒྲུབ་བཞིན་པའི་ཁྲིམས་འགལ་གནོད་འཚེ་ལས་ཡོལ་ཐབས་བྱེད་པའི་ཐད་ལ་སྤྱོད་པའི་ཁྲིམས་འགལ་གནོད་འཚེ་ལ་བཀག་འགོག་བྱེད་པའི་བྱ་སྤྱོད་དེསཁྲིམས་འགལ་གནོད་འཚེ་གཏོང་མཁན་ལ་གནོད་སྐྱོན་བཟོས་ཚེ།   དེ་ནི་ལུགས་མཐུན་འགོག་སྲུང་ལ་གཏོགས་པ་ཡིན་པས།   ཉེས་དོན་གྱི་འགན་འཁྲི་ཁུར་མི་དགོས།   ལུགས་མཐུན་འགོག་སྲུང་བྱེད་སྐབས་དགོས་ངེས་ཀྱི་ཚད་ལས་མངོན་གསལ་དུ་བརྒལ་ཏེ་གནོད་སྐྱོན་ཚབས་ཆེན་བཟོས་ཚེ།   ཉེས་དོན་གྱི་འགན་འཁྲི་ཁུར་དགོས་མོད།   འོན་ཀྱང་ཉེས་ཆད་ཇེ་ཡང་དུ་གཏོང་བ་དང་ཡང་ན་མེད་པ་བྱེད་དགོས།   མི་རྡུང་གསོད་དང་འཕྲོག་བཅོམ།   བཙན་གཡེམ་བཀྱིགས་ཁྲིད་དང་དེ་མིན་མི་ལུས་བདེ་འཇགས་ལ་ཉེན་ཁ་བཟོས་པའི་གདུག་རྩུབ་ཅན་གྱི་ནག་ཉེས་གཞན་པ་བསགས་བཞིན་པའི་སྐབས་དེར།   འགོག་སྲུང་གི་བྱེད་ཐབས་སྤྱད་དེ།   ཁྲིམས་འགལ་གནོད་འཚེ་གཏོང་མཁན་ཤི་རྨས་བཟོས་ཚེ།འགོག་སྲུང་བྱེད་ཐལ་དྲགས་པར་གཏོགས་ཏེ།   ཉེས་དོན་གྱི་འགན་འཁྲི་ཁུར་མི་དགོས།
26.ཅི་ཞིག་ལ་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་ཟེར།
     སྤྱི་བའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་མི་བསམ་བཞིན་དང་ཡང་ན་ལས་འཛོལ་ཤོར་བའི་སྒོ་ནས་དམིགས་བསལ་མིན་པའི་མི་མང་གི་ཚེ་སྲོག་དང་བདེ་ཐང་དང་ཡང་ན་སྤྱི་སྒེར་གཉིས་ཀྱི་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཟེར།   དེ་ནི་ཚབས་ཆེ་བའི་ཉེས་དོན་ཉེས་བསགས་ཀྱི་རིགས་ཤིག་རེད།   དེའི་ནང་དུ།   མེ་འབར་བའི་ནག་ཉེས་དང་།   ཆུ་གཅོད་པའི་ནག་ཉེས།   གས་གཏོར་གྱི་ནག་ཉེས།   དུག་བླུད་པའི་ནག་ཉེས།   འགྲུམ་འགྲིལ་ཡོ་བྱད་གཏོར་བརླག་བྱེད་པའི་ནག་ཉེས།   འཇིགས་སྐུལ་བྱ་འགུལ་ལ་རྩ་འཛུགས་བྱེད་པ་དང་འགོ་ཁྲིད་པ།   དེར་ཞུགས་པའི་རྩ་འཛུགས་ཀྱི་ནག་ཉེས།   ཁྲིམས་དང་མི་མཐུན་པར་མི་མདའ་དང་མདེའུ།   གས་གཏོར་སོགས་བཟོ་སྐྲུན་དང་།   ཉོ་ཚོང་།   སྐྱེལ་འདྲེན།   ཉར་ཚགས་བྱེད་པའི་ནག་ཉེས།འགན་འཁྲིའི་ཐད་ནས་ཆག་སྒོ་གལ་ཆེན་བྱུང་བའི་ནག་ཉེས་སོགས་འདུས་ཡོད།
27.ཅི་ཞིག་ལ་སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་དམངས་གཙོའི་དབང་ཆར་གནོད་འཚེ་གཏོང་བའི་ནག་ཉེས་ཟེར།
     སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་དམངས་གཙོའི་དབང་ཆར་གནོད་འཚེ་གཏོང་བའི་ནག་ཉེས་ནི་སྤྱི་དམངས་ཀྱི་མི་ལུས་དང་མི་ལུས་ལ་ཐད་ཀར་འབྲེལ་བའི་དབང་ཆར་གནོད་འཚེ་གཏོང་བ་དང་།   དེ་མིན་སྤྱི་དམངས་རྣམས་རང་དབང་གིས་ཁྲིམས་ལྟར་ལྡན་པའི་རྒྱལ་ཁབ་ཀྱི་དོན་གཅོད་དོ་དམ་བྱེད་པ་དང་སྤྱི་ཚོགས་ཀྱི་ཆབ་སྲིད་བྱ་འགུལ་ཞུགས་པའི་དབང་ཆ་སྤྱོད་པར་ཁྲིམས་དང་མི་མཐུན་པ་མེད་པར་བཟོ་བ་དང་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཟེར།   དེའི་ནང་དུ།    བསམ་བཞིན་དུ་མི་གསོད་པའི་ནག་ཉེས་དང་།   ལས་འཛོལ་བྱུང་བའི་ནག་ཉེས།   བསམ་བཞིན་དུ་རྨས་སྐྱོན་བཟོས་པའི་ནག་ཉེས།   ལས་འཛོལ་བྱུང་ནས་རྨས་སྐྱོན་ཚབས་ཆེན་བཟོས་པའི་ནག་ཉེས།   བུད་མེད་ལ་བཙན་གཡེམ་བྱས་པའི་ནག་ཉེས།   བུ་མོ་ཆུང་ཆུང་ལོག་གཡེམ་བྱས་པའི་ནག་ཉེས།   བུད་མེད་ལ་འཆལ་རྩེད་བྱས་པའི་ནག་ཉེས།   བུད་མེད་ལ་བརྙས་བཅོས་བྱས་པའི་ནག་ཉེས།   བྱིས་པར་འཆལ་རྩེད་བྱས་པའི་ནག་ཉེས།   ཁྲིམས་དང་མི་མཐུན་པར་བཀག་སྐྱིལ་བྱས་པའི་ནག་ཉེས།   བཀྱིགས་ཁྲིད་བྱས་པའི་ནག་ཉེས།བུད་མེད་དང་བྱིས་པ་གཡོ་འཚོང་བྱས་པའི་ནག་ཉེས་སོགས་འདུས་ཡོད།

28.ཅི་ཞིག་ལ་རྒྱ་ནོར་ལ་གནོད་འཚེ་གཏོང་བའི་ནག་ཉེས་ཟེར།

     རྒྱུ་ནོར་ལ་གནོད་འཚེ་གཏོང་བའི་ནག་ཉེས་ནི་བསམ་བཞིན་དུ་ཁྲིམས་དང་མི་མཐུན་པའི་སྒོ་ནས་སྤྱི་པའི་རྒྱུ་ནོར་དང་སྤྱི་དམངས་ཀྱི་སྒེར་ལ་དབང་བའི་རྒྱུ་ནོར་བདག་གིས་བྱེད་པ་དང་ཡང་ན་སྤྱི་སྒེར་གཉིས་དང་རྒྱུ་ནོར་ལ་བསམ་བཞིན་དུ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་ཟེར།   འཕྲོག་བཅོམ་གྱི་ནག་ཉེས་དང་།  རྐུ་ཁྱེར་གྱི་ནག་ཉེས།   མི་མང་བསྡུས་ནས་སྤྱི་སྒེར་གཉིས་གྱི་རྒྱུ་ནོར་གཡོ་ཐབས་ཀྱིས་བཙན་འཕྲོག་བྱས་པའི་ནག་ཉེས།   བཙན་བཟུང་བྱས་པའི་ནག་ཉེས།   རྒྱུ་ནོར་གཡོ་ཟ་བྱས་པའི་ནག་ཉེས།   བསམ་བཞིན་དུ་རྒྱུ་ནོར་ལ་གཏོར་བརླག་བྱས་པའི་ནག་ཉེས་སོགས་འདུས་ཡོད།

29.ཅི་ཞིག་ལ་སྤྱི་ཚོགས་དོ་དམ་སྒྲིག་ལམ་ལ་གནོད་འཚེ་བྱས་པའི་ནག་ཉེས་ཟེར།

     སྤྱི་ཚོགས་དོ་དམ་སྒྲིག་ལམ་ལ་གནོད་འཚེ་བྱས་པའི་ནག་ཉེས་ནི་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱུན་ལྡན་གྱི་དོ་དམ་བྱ་འགུལ་ལ་གནོད་འཚེ་གཏོང་བ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་བྱས་པའི་བྱ་སྤྱོད་ལ་ཟེར།   གལ་ཏེ་གནས་ཚུལ་ཚབས་མི་ཆེ་ཚེ།བདེ་འཇགས་དོ་དམ་སྐོར་གྱི་ཉེས་ཆད་སྲོལ་ཡིགནང་གི་ཐག་གཅོད་ལྟར་བྱེད་ཆོག   གནས་ཚུལ་ཚབས་ཆེ་ཞིང་།   རྒྱལ་ཁབ་དང་སྤྱི་ཚོགས་ལ་གྱོང་རྒུད་ཚབས་ཆེན་བཟོས་པའི་དེ་དག་ཉེས་བསགས་སུ་གྱུར་ཡོད།   དཔེར་ན།   སྤྱི་བའི་སྒྲིག་ལམ་དཀྲུགས་པའི་ནག་ཉེས།  དེའི་ནང་དུ།   གཞུང་ཞབས་ལ་གནོད་སྐྱོན་བཟོས་པའི་ནག་ཉེས།   བཅའ་ཁྲིམས་ལག་ལེན་མི་བྱེད་པར་ངན་སྐུལ་བྱས་པའི་ནག་ཉེས།   ཧམ་བཤད་མགོ་སྐོར་བྱས་པའི་ནག་ཉེས།མི་མང་བསྡུས་ནས་རྡུང་འཕྲོག་བཅོམ་གསུམ་བྱས་པའི་ནག་ཉེས།    སྤྱི་ཚོགས་སྒྲིག་ལམ་ལ་གནོད་འཚེ་བྱས་པའི་ནག་ཉེས་དང་རྒྱལ་ཁབ་ལས་ཁུངས་སུ་སྒོ་རྒྱགས་བྱས་པའི་ནག་ཉེས།   མི་མང་བསྡུས་ནས་རྡུང་རེས་རྒྱག་པའི་ནག་ཉེས།   བསྙད་བརྐོ་ཟིང་སློག་བྱས་པའི་ནག་ཉེས།   སྤྱི་ཚོགས་ངན་དགུའི་ངོ་བོ་ལྡན་པ་རྩ་འཛུགས་བྱས་པའི་ནག་ཉེས་སོགས་དང་།   ཡང་དཔེར་ན།   དུག་རྫས་ལྐོག་ཚོང་དང་ལོག་ཚོང་།   སྐྱེལ་འདྲེན།   ལས་སྐྲུན་བཅས་བྱས་པའི་ནག་ཉེས་དང་།   སྨད་བཙོང་རྩ་འཛུགས་དང་བཙན་ཤེད།   བསླུ་བྲིད།   སྐུང་ཉར་བཅས་བྱས་པའི་ནག་ཉེས་སོགས་འདུས་ཡོད།

30.ལོ་ན་མ་ལོན་པའི་མིས་ནག་ཉེས་བསགས་ན་ཉེས་དོན་གྱི་འགན་འཁྲི་ཁུར་དགོས་སམ།  

  《ཉེས་ཁྲིམསཀྱི་དོན་ཚན་བཅུ་བདུན་པའི་ནང་གཏན་འབེབ་བྱས་པ་ལྟར་ན།   ལོ་བཅུ་དྲུག་ལོན་པའི་མིས་ནག་ཉེས་བསགས་ཚེ།ཉེས་དོན་གྱི་འགན་འཁྲི་ཁུར་དགོས།
     ལོ་བཅུ་བཞི་ལོན་ཞིང་ལོ་བཅུ་དྲུག་མ་ལོན་པའི་མིས་བསམ་བཞིན་དུ་མི་གསོད་པ་དང་བསམ་བཞིན་དུ་མིར་རྨས་སྐྱོན་ཚབས་ཆེན་དང་ཡང་ན་ཤི་རྐྱེན་བཟོས་པ་དང་།   བཙན་གཡེམ་བྱེད་པ་དང་འཕྲོག་བཅོམ་བྱེད་པ།   དུག་རྫས་ལྐོག་ཚོང་རྒྱག་པ།   མེ་རྒྱག་པ།   གས་གཏོར་བྱེད་པ།   དུག་བཏབ་པ་བཅས་ཀྱི་ནག་ཉེས་བསགས་ཚེ།ཉེས་དོན་གྱི་འགན་འཁྲི་ཁུར་དགོས།
    ལོ་བཅུ་བཞི་ལོན་ཞིང་ལོ་བཅོ་བརྒྱད་མ་ལོན་པའི་མིས་ནག་ཉེས་བསགས་ཚེ།   ཉེས་ཆད་ཡང་མོར་གཅོད་པ་དང་ཡང་ན་ཇེ་ཡང་དུ་གཏོང་དགོས།

    ལོ་བཅུ་དྲུག་མ་ལོན་པ་སྟབས་ཀྱིས་ཉེས་དོན་གྱི་ཉེས་ཆད་མ་གཅོད་པར།   དེའི་ཁྱིམ་བདག་དང་ཡང་ན་ལྟ་སྐྱོང་པས་དོ་དམ་སློབ་གསོ་ནན་མོ་བྱེད་པའི་འགན་དཀྲི་བ་དང་།   དགོས་ངེས་དུས་སུ་སྲིད་གཞུང་གིས་ཀྱང་བསྡུ་ཉར་སློབ་སྐྱོང་བྱེད་ཆོག

31.ཆང་བཟི་བའི་མིས་ནག་ཉེས་བསགས་ན་ཉེས་དོན་གྱི་འགན་འཁྲི་ཁུར་དགོས།

 《ཉེས་ཁྲིམསནང་དུ་གཏན་འབེབ་གསལ་བོ་བྱས་ཡོད།   ཆང་བཟི་བའི་མིས་ནག་ཉེས་བསགས་ཚེ།ཉེས་དོན་གྱི་འགན་འཁྲི་ཁུར་དགོས།

32.བཙན་གཡེམ་གྱི་ནག་ཉེས་བསགས་ན་ཉེས་ཆད་ཇི་ལྟར་གཅོད་དགོས།

 《ཉེས་ཁྲིམསཀྱི་དོན་ཚན་ཉིས་བརྒྱ་དང་སོ་དྲུག་པའི་གཏན་འབེབ་བྱས་པ་ལྟར་ན་བཙན་ཤེད་དང་འཇིས་སྐུལ་དང་ཡང་ན་བྱེད་ཐབས་གཞན་པ་བཀོལ་ཏེ་བུད་མེད་ལ་བཙན་གཡེམ་བྱེད་མཁན་ཞིག་ཡིན་ཕྱིན།   ལོ་གསུམ་ཡན་ཆད་དང་ལོ་བཅུ་མན་ཆད་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་དགོས།

    ལོ་བཅུ་བཞི་མ་ལོན་པའི་བུ་མོ་ཆུང་ཆུང་ལ་ལོག་གཡེམ་བྱེད་མཁན་ཞིག་ཡིན་ཕྱིན།   བཙན་གཡེམ་བྱེད་པར་བརྩིས་ཏེ་ཉེས་ཆད་ལྗིད་མོར་གཅོད་དགོས།    བུད་མེད་ལ་བཙན་གཡེམ་དང་བུ་མོ་ཆུང་ཆུང་ལ་ལོག་གཡེམ་བྱས་ཏེ།   གཤམ་གྱི་གནས་ཚུལ་རིགས་གཅིག་ལྡན་ཚེ།   ལོ་བཅུ་ཡན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་ཚེ་བཙོན་དང་ཡང་ན་སྲོག་ཆད་ཀྱི་ཉེས་ཆད་གཅོད་དགོས་པ་སྟེ།
གཅིགབུད་མེད་ལ་བཙན་གཡེམ་དང་བུ་མོ་ཆུང་ཆུང་ལ་ལོག་གཡེམ་བྱས་པའི་གནས་ཚུལ་ཚབས་ཆེན་ཡིན་པ།
གཉིསབུད་མེད་ལ་བཙན་གཡེམ་དང་བུ་མོ་ཆུང་ཆུང་ལ་ལོག་གཡེམ་བྱེད་མཁན་གྱི་མི་མང་བ།གསུམམི་མང་འདུ་ས་ནས་བུད་མེད་ལ་བཙན་གཡེམ་བྱེད་པ།
བཞིམི་གཉིས་ཡན་ཆད་ཀྱིས་རེས་བསྐོར་ནས་བཙན་གཡེམ་བྱེད་པ།
ལྔམི་ལ་རྨས་སྐྱོན་ལྗིད་མོ་དང་ཤི་རྐྱེན་བཟོས་པ་དང་ཡང་ན་དེ་མིན་མཐའ་འབྲས་ཚབས་ཆེན་བཟོས་པ་བཅས་སོ།།

33.མི་གཞན་པར་ངན་སྐུལ་བྱས་ནས་ནག་ཉེས་བཟོ་རུ་བཅུག་མཁན་ལ།ཉེས་ཆད་ཇི་ལྟར་གཅོད་དགོས།

 《ཉེས་ཁྲིམསཀྱི་དོན་ཚན་ཉེར་དགུ་བའི་གཏན་འབེབ་བྱས་པ་ལྟར་ན།   མི་གཞན་པར་ངན་སྐུལ་བྱས་ནས་ནག་ཉེས་བཟོ་རུ་འཇུག་མཁན་ལ།   མཉམ་དུ་ནག་ཉེས་བསགས་ཁྲོད་དེའི་བཏོན་པའི་ནུས་པ་ལྟར་ཉེས་ཆད་གཅོད་དགོས།   ལོ་བཅོ་བརྒྱད་མ་ལོན་པའི་མིར་ངན་སྐུལ་བྱེད་མཁན་ལ།   ཉེས་ཆད་ལྗིད་པོ་གཅོད་དགོས།  གལ་ཏེ་ངན་སྐུལ་བྱ་ཡུལ་གྱི་མིར་ངན་སྐུལ་དང་ལེན་གྱི་ནག་ཉེས་བསགས་མེད་ཚེ།ངན་སྐུལ་ཉེས་ཅན་ལ་ཉེས་ཆད་ཡང་མོར་གཅོད་པ་དང་ཡང་ན་ཇེ་ཡང་དུ་གཏོང་ཆོག

34.ཁྱིམ་མིར་བརྙས་བཅོས་བྱེད་པའི་ནག་ཉེས་བསགས་ན་ཉེས་ཆད་ཇི་ལྟར་གཅོད་དགོས།

 《ཉེས་ཁྲིམསཀྱི་དོན་ཚན་ཉིས་བརྒྱ་དང་དྲུག་ཅུ་པའི་གཏན་འབེབ་བྱས་པ་ལྟར་ན།   ཁྱིམ་མིར་བརྙས་བཅོས་བྱས་པའི་གནས་ཚུལ་ཚབས་ཆེན་ཡིན་ཚེ།   ལོ་གཉིས་མན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་དུས་ཐུང་བཙོན་འཇུག་དང་ཡང་ན་དོ་དམ་གྱི་ཉེས་ཆད་གཅོད་དགོས།
     ཚན་པ་སྔོན་མའི་ནག་ཉེས་བསགས་པ་དང་།   མི་ལ་རྨས་སྐྱོན་ཚབས་ཆེན་དང་ཤི་རྐྱེན་བཟོ་མཁན་ལ།ལོ་གཉིས་ཡན་ཆད་དང་ལོ་བདུན་མན་ཆད་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་དགོས།
    ཚན་པ་དང་པོའི་ནག་ཉེས་བསགས་པར།  ཁྲིམས་སྦྱོར་བྱས་ཚེ་ཐག་གཅོད་དགོས།
    དོན་ཚན་ཉིས་བརྒྱ་དང་རེ་གཅིག་པའི་གཏན་འབེབ་བྱས་པ་ལྟར་ན།   རྒས་པ་དང་ལོ་ཆུང་།ནད་པ་དང་ཡང་ན་དེ་མིན་རང་ཚུགས་ཀྱིས་འཚོ་བ་སྤྱོད་པའི་ནུས་མེད་མཁན་དང་།   འཚོ་སྐྱོང་གི་འོས་འགན་ཁུར་ཡོད་ཀྱང་འོས་འགན་མི་ཁུར་བ་བཅས་ཀྱི་གནས་ཚུལ་ཚབས་ཆེན་ལ།   ལོ་ལྔ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་དུས་ཐུང་བཙོན་འཇུག་དང་ཡང་ན་དོ་དམ་གྱི་ཉེས་ཆད་གཅོད་དགོས།

35.ཁྲིམས་དང་འགལ་ནས་དུག་རྫས་ཁྱེར་ན་ཉེས་ཆད་ཇི་ལྟར་གཅོད་དགོས།

 《ཉེས་ཁྲིམསཀྱི་དོན་ཚན་སུམ་བརྒྱ་དང་ཞེ་བརྒྱད་པའི་གཏན་འབེབ་བྱས་པ་ལྟར་ན།  ཁྲིམས་དང་མི་མཐུན་པར་ཉལ་ཐ་ཁི་སྟོང་གཅིག་ཡན་ཆད་དང་ཉལ་ཐ་ཧེ་རུན་དང་ཡང་ན་ཅི་པུན་པིང་ཨན་ཀ་པ་ཁི་ལྔ་བཅུ་ཡན་ཆད་དང་ཡང་ན་དེ་མིན་དུག་རྫས་གྲངས་ཀ་མང་པོ་ཁྱེར་མཁན་ལ།   ལོ་བདུན་ཡན་ཆད་ཀྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་པ་མ་ཟད།དངུལ་ཆད་ཀྱང་གཅོད་དགོས།   ཁྲིམས་དང་མི་མཐུན་པར་ཉལ་ཐ་ཁི་ཉིས་བརྒྱ་ཡན་ཆད་དང་ཁི་སྟོང་གཅིག་ཁ་མི་གང་བ་དང་།   ཉལ་ཐ་ཧེ་རུན་དང་ཡང་ན་ཅི་པུན་པིང་ཨན་ཀ་པ་ཁི་བཅུ་ཡན་ཆད་དང་ཁི་ལྔ་བཅུ་ཁ་མི་གང་བ་དང་ཡང་ན་དེ་མིན་དུག་རྫས་གྲངས་ཀ་ཅུང་མང་པོ་ཁྱེར་མཁན་ལ།   ལོ་གསུམ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་དུས་ཐུང་བཙོན་འཇུག་དང་ཡང་ན་དོ་དམ་གྱི་ཉེས་ཆད་གཅོད་པ་མ་ཟད།   དངུལ་ཆད་ཀྱང་གཅོད་དགོས།

    གནས་ཚུལ་ཚབས་ཆེན་ཡིན་ཚེ།   ལོ་གསུམ་ཡན་ཆད་དང་ལོ་བདུན་མན་ཆད་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་པ་མ་ཟད།   དངུལ་ཆད་ཀྱང་གཅོད་དགོས།

36.བཙན་ཤེད་ཀྱིས་ཉོ་ཚོང་རྒྱག་ཏུ་བཅུག་པའི་བྱ་སྤྱོད་ལ་ཉེས་ཆད་ཇི་ལྟར་གཅོད་དགོས།

 《ཉེས་ཁྲིམསཀྱི་དོན་ཚན་ཉིས་བརྒྱ་དང་ཉེར་དྲུག་པའི་གཏན་འབེབ་བྱས་པ་ལྟར་ན།   བཙན་ཤེད་དང་འཇིགས་སྐུལ་དང་ཡང་ན་དེ་མིན་གྱི་བྱེད་ཐབས་བཀོལ་ཏེ་བཙན་ཤེད་ཀྱིས་ཚང་རྫས་ཉོ་ཚོང་རྒྱག་ཏུ་བཅུག་པ་དང་།   མི་གཞན་པར་བཙན་ཤེད་ཀྱིས་ཞབས་འདེགས་འདོན་སྤྲོད་བྱེད་དུ་བཅུག་པ་དང་མི་གཞན་པར་བཙན་ཤེད་ཀྱིས་ཞབས་འདེགས་དང་ལེན་བྱེད་དུ་བཅུག་སྟེ།   གནས་ཚུལ་ཚབས་ཆེན་ཡིན་ཚེ།   ལོ་གསུམ་མན་ཆད་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་པ་མ་ཟད།   དངུལ་ཆད་གཅོད་པ་དང་ཡང་ན་ཁེར་གཅོད་ཀྱང་བྱེད་དགོས།

37.ལོག་ཆོས་རྩ་འཛུགས་མེད་པ་གཏོང་དགོས་སམ།

    ལོག་ཆོས་རྩ་འཛུགས་ཡིན་ཕྱིན་ངེས་པར་དུ་ཁྲིམས་ལྟར་མེད་པ་གཏོང་དགོས།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོག་ཆོས་རྩ་འཛུགས་མེད་པ་གཏོང་བ་དང་ལོག་ཆོས་བྱ་འགུལ་སྔོན་འགོག་དང་ཉེས་ཆད་གཅོད་པ་སྐོར་གྱི་གྲོས་ཆོད》(གཤམ་ནསགྲོས་ཆོདཞེས་པ་མིང་དུ་བསྡུས་ཡོདཀྱི་གཏན་འབེབ་གཞིར་བཟུང་སྟེ།   ལོག་ཆོས་རྩ་འཛུགས་རྦད་ཆོད་ཀྱིས་ཁྲིམས་ལྟར་མེད་པ་གཏོང་བ་དང་།  ལོག་ཆོས་རྩ་འཛུགས་ཀྱི་ཉེས་བསགས་བྱ་འགུལ་སྣ་ཚོགས་ལ་ཉེས་ཆད་དྲག་པོ་གཅོད་དགོས།   ལོག་ཆོས་རྩ་འཛུགས་ཀྱིས་ཆོས་ལུགས་དང་རླུང་སྒོམ་པ་དང་ཡང་ན་དེ་མིན་གྱི་མིང་ཁག་གཡར་ཏེ།   ཐབས་ཤེས་འདྲ་མིན་བཀོལ་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་བྱེད་པ་དང་།   མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ལ་གནོད་འཚེ་བཏང་ཚེ།   ངེས་པར་དུ་ཁྲིམས་ལྟར་མེད་པར་བཟོ་བ་དང་།   རྦད་ཆོད་ཀྱིས་ཉེས་ཆད་གཅོད་དགོས།   མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་།   སྤྱི་བདེ།  རྒྱལ་ཁབ་བདེ་འཇགས།  ཁྲིམས་འཛིན་སོགས་ཀྱི་སྲིད་འཛིན་ལས་ཁུངས་ཀྱིས་རང་འགན་རང་ཁུར་བྱས་ཏེ།   མཉམ་དུ་བྱ་བ་འདི་ལེགས་སྒྲུབ་བྱེད་དགོས།ལོག་ཆོས་རྩ་འཛུགས་བྱེད་པ་དང་བེད་སྤྱད་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལག་བསྟར་བྱེད་པར་གཏོར་བརླག་བྱེད་པ་དང་།   མི་མང་བསྡུས་ནས་དོན་རྐྱེན་སློང་བ།   སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་བྱེད་པ།   རྨོངས་དད་ཀྱི་འཆལ་གཏམ་བཤད་ནས་མི་གཞན་པ་མགོ་སྐོར་གཏོང་བ་དང་།   ཤི་རྐྱེན་བཟོས་པ།   ཡང་ན་བུད་མེད་ལ་ལོག་གཡེམ་དང་རྒྱུ་ནོར་གཡོ་ལེན་བྱེད་པ་སོགས་ཀྱི་ཉེས་བསགས་བྱ་འགུལ་ལ་ཁྲིམས་ལྟར་ཉེས་ཆད་དྲག་པོ་གཅོད་དགོས།

38.ལོག་ཆོས་བྱ་འགུལ་ཞུགས་པའི་མིར་ཉེས་ཆད་ཇི་ལྟར་གཅོད་དགོས།

  《ཆོད་དོནཀྱི་གཏན་འབེབ་གཞིར་བཟུང་སྟེ།  ལོག་ཆོས་བྱ་འགུལ་ལ་ཞུགས་པའི་མི་ལ་མཚོན་ན།སློབ་གསོ་དང་ཆད་གཅོད་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།   མགོ་སྐོར་དུ་ཚུད་པའི་མང་ཚོགས་མང་ཆེ་བར་མཐུན་སྒྲིལ་དང་སློབ་གསོ་བྱས་ཏེ།   ཆེས་ཉུང་ཤས་ཀྱི་ཉེས་ཅན་པར་ཁྲིམས་ལྟར་ཉེས་ཆད་དྲག་པོ་གཅོད་དགོས།   ལོག་ཆོས་རྩ་འཛུགས་ལ་ཁྲིམས་ལྟར་ཐག་གཅོད་བྱེད་པའི་བྱ་བའི་ཁྲོད་དུ།   གནས་ཚུལ་དངོས་མ་ཤེས་པ་ལོག་ཆོས་བྱ་འགུལ་ལ་ཞུགས་པའི་མི་དང་ལོག་ཆོས་རྩ་འཛུགས་རྩ་འཛུགས་དང་བེད་སྤྱོད་དེ་ཁྲིམས་དང་མི་མཐུན་པའི་བྱ་འགུལ་སྒྲུབ་པ་དང་།   སྤྱི་ཚོགས་གཏན་འཇགས་ལ་བསམ་ངན་ཁོག་བཅུག་གིས་གཏོར་བརླག་བྱེད་པའི་ཉེས་ཅན་དང་དབྱེ་བ་འབྱེད་དགོས།   མགོ་སྐོར་ཐེབས་པའི་མང་ཚོགས་ལ་རྩད་གཅོད་བྱེད་རྒྱུ་མིན།ཉེས་བསགས་སུ་གྱུར་པའི་རྩ་འཛུགས་པ་དང་ཇུས་འགོད་པ།   བཀོད་འདོམས་པ།   རྐང་འཛིན་པ་བཅས་ལ།   རྦད་ཆོད་ཀྱིས་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས།མགོ་སྒུར་བ་དང་ཡང་ན་བྱས་རྗེས་འཇོག་བསམ་པའི་མངོན་རྟགས་ཡོད་མཁན་ལ།   ཁྲིམས་ལྟར་ཉེས་ཆད་ཡང་མོར་གཅོད་པ་དང་ཡང་ན་ཉེས་ཆད་མ་གཅོད་ནའང་ཆོག

  འབྲེལ་ཡོད་དྲ་སྦྲེལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ[06-30]
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་ཚོགས་དང་ཁྲོམ་སྐོར།[05-29]
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒ[05-10]
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་[04-28]
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེ[04-20]
གཞུང་དཔང་བཅའ་ཁྲིམས།[03-25]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)