དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་ཚོགས་དང་ཁྲོམ་སྐོར།
ཟིལ་ངོམ་བཅས་སྐོར་གྱི་བཅའ་ཁྲིམས།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།    སྤེལ་དུས།:2009ལོའི་ཟླ5པའི་ཚེས29ཉིན།    

1.ཁྱོད་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་སྐོར་གྱི་བཅའ་ཁྲིམས་ལས་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཀྱི་གོ་དོན་ཤེས་སམ།

    ལན།  བཅའ་ཁྲིམས་འདི་ལས་བསྟན་པའི་འདུ་ཚོགས་ཞེས་པ་ནི།    མཐོངས་ཡངས་པའི་མི་ཚོགས་འདུ་ས་རུ་འདུས་ནས་བསམ་ཚུལ་དང་འདོད་བློ་བརྗོད་པའི་བྱ་འགུལ་ལ་ཟེར།

      བཅའ་ཁྲིམས་འདི་ལས་བསྟན་པའི་ཁྲོམ་སྐོར་ཞེས་པ་ནི།  སྤྱི་པའི་གཞུང་ལམ་དང་མཐོངས་ཡངས་པའི་མི་ཚོགས་འདུ་ས་རུ་དཔུང་བསྒྲིགས་ནས་སྐྱོད་པ་དང་ཐུན་མོང་གི་འདོད་བློ་བརྗོད་པའི་བྱ་འགུལ་ལ་ཟེར།

     བཅའ་ཁྲིམས་འདི་ལས་བསྟན་པའི་རྔམ་སྟོན་ཞེས་པ་ནི།   མཐོངས་ཡངས་པའི་མི་ཚོགས་འདུ་སའམ་སྤྱི་པའི་གཞུང་ལམ་སྟེང་དུ་འདུ་ཚོགས་དང་ཁྲོམ་སྐོར།   འཇམ་སྡོད་སོགས་བྱེད་སྟངས་སྤྱད་ནས།   རེ་འདུན་དང་རྒོལ་གཏམ་བཤད་པའམ་རྒྱབ་སྐྱོར་དང་ངག་ཐོག་གི་རྒྱབ་སྐྱོར་བྱེད་པ་སོགས་ཐུན་མོང་གི་འདོད་བློ་མཚོན་པའི་བྱ་འགུལ་ལ་ཟེར།

2.སྤྱི་དམངས་ཀྱིས་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་དབང་ཆ་སྤྱོད་སྐབས་འོས་འགན་གང་དག་སྒྲུབ་དགོས་སམ།

    ལན།  སྤྱི་དམངས་ཀྱིས་འདུ་ཚོགས་དང་ཁྲོམ་སྐོར།   ཟོལ་ངོམ་བཅས་བྱེད་པའི་དབང་ཆ་སྤྱོད་སྐབས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་དགོས་པ་ལས།   རྩ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་གཞི་རྩའི་རྩ་དོན་དང་འགལ་མི་ཆོག་པ་དང་།  རྒྱལ་ཁབ་དང་སྤྱི་ཚོགས།   ཐུན་མོང་བཅས་ཀྱི་ཁེ་ཕན་དང་སྤྱི་དམངས་གཞན་པའི་ཁྲིམས་མཐུན་གྱི་རང་དབང་དང་ཁེ་དབང་ལ་གནོད་སྐྱེལ་མི་ཆོག  འདུ་ཚོགས་དང་ཁྲོམ་སྐོར།   ཟིལ་ངོམ་བཅས་ཞི་བའི་སྒོ་ནས་བྱེད་དགོས་པ་ལས།   མཚོན་ཆ་དང་བཀག་སྡོམ་བྱ་ཡུལ་གྲི་ཆས།   འགེལ་རྫས་བཅས་ཁྱེར་མི་ཆོག་པ་དང་།   དྲག་ཤུགས་བཀོལ་བའམ་དྲག་ཤུགས་བཀོལ་བར་ངན་སྐུལ་བྱས་མི་ཆོག

3.འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པར་གཙོག་གཉེར་ལས་ཁུངས་གང་ཡིན།

     ལན།   འདུ་ཚོགས་དང་ཁྲོམ་སྐོར།   ཟིལ་ངོམ་བཅས་བྱེད་སའི་གྲོང་ཁྱེར་དང་རྫོང་གི་སྤྱི་བདེ་ཅུའུ་དང་གྲོང་ཁྱེར་གྱི་སྤྱི་བདེ་ཡན་ལག་ཅུའུ་ཡིན།   ཁྲོམ་སྐོར་དང་ཟིལ་ངོམ་བྱེད་པའི་བགྲོད་ལམ་དེ་ཆུའུ་དང་རྫོང་གཉིས་ཡན་ཆད་བརྒྱུད་དགོས་ཚེ།   གཙོ་གཉེར་ལས་ཁུངས་ནི་དེ་བརྒྱུད་སའི་ཆུའུ་དང་རྫོང་གི་སྤྱི་བདེ་ལས་ཁུངས་ཐུན་མོང་གི་གོང་རིམ་སྤྱི་བདེ་ལས་ཁུངས་ཡིན།

4.འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པར་རེ་འདུན་ཇི་ལྟར་ཞུ་དགོས།

ལན།   འདུ་ཚོགས་དང་ཁྲོམ་སྐོར།   ཟིལ་ངོམ་བཅས་བྱེད་པར་ངེས་པར་དུ་འགན་ཁུར་བ་ཡོད་དགོས།འགན་ཁུར་བས་བྱ་འགུལ་མ་སྤེལ་བའི་ཉིན་ལྔའི་སྔོན་ལ་གཙོ་གཉེར་ལས་ཁུངས་ལ་རེ་འདུན་ཞུ་ཡིག་འབུལ་དགོས་ཤིང་།   རེ་འདུན་ཞུ་ཡིག་གི་ནང་དུ་འདུ་ཚོགས་དང་ཁྲོམ་སྐོར།   ཟིལ་ངོམ་བཅས་བྱེད་པའི་དམིགས་ཡུལ་དང་བྱེད་སྟངས།   སྦྱར་ཡིག    ཁ་གཡང་།   མི་གྲངས།   རླངས་འཁོར་གྱི་གྲངས་ཀ    སྒྲ་སྐྱེད་སྒྲིག་ཆས་སྤྱོད་པའི་རིགས་དང་གྲངས་ཚད།   འགོ་རྩོམ་པ་དང་མཇུག་བསྡུ་བའི་དུས་ཚོདའདུ་ས་དང་ཐོར་ས་འདུས།   ལམ་ཕྱོགས།འགན་ཁུར་བའི་རུས་མིང་དང་ལས་རིགས།   སྡོད་གནས་བཅས་གསལ་བོར་འགོད་དགོས།
5.འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱས་མི་ཆོག་པའི་གནས་གང་དག་ཡོད།

 ལན།   རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་ཞིང་ཆེན་དང་རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་ལས་གཞན།  གཤམ་གསལ་གནས་ཡུལ་གྱི་མཐའ་འཁོར་དང་བར་ཐག་སྨི་བཅུ་ནས་སུམ་བརྒྱ་ཡོད་པའི་ནང་རོལ་དུ་འདུ་ཚོགས་དང་ཁྲོམ་སྐོར།   ཟིལ་ངོམ་བཅས་བྱས་མི་ཆོག་པ་སྟེ།

གཅིགརྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།   ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་།   ཆེས་མཐོའི་མི་དམངས་ཁྲིམས་ཁང་།   ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་སྡོད་གནས།

གཉིསརྒྱལ་ཁབ་ཀྱི་སྐུ་མགྲོན་བཞུགས་ས།

གསུམདམག་དོན་སྒྲིག་ཆས་གལ་ཆེན་ཡོད་ས།

བཞིགནམ་གྲུ་ཐང་དང་གྲུ་ཁ།མེ་འཁོར་ས་ཚིགས།
6.ཁྱོད་ཀྱིས་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་དུས་ཡུན་ལ་ཚོད་འཛིན་ག་འདྲ་ཡོད་པ་ཤེས་སམ།

  ལན།  ས་དེ་གའི་མི་དམངས་སྲིད་གཞུང་གིས་ཐག་བཅད་པའམ་ཆོག་མཆན་བཀོད་པ་ལས་གཞན།    འདུ་ཚོགས་དང་ཁྲོམ་སྐོར།   ཟིལ་ངོམ་བཅས་བྱེད་པའི་དུས་ཚད་ནི་ནངས་མོའི་དུས་ཚོད་དྲུག་ནས་དགོང་མོའི་དུས་ཚོད་བཅུ་ཡི་བར་ཡིན།
7.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་ཚོགས་དང་ཁྲོམ་སྐོར་གྱི་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་སྐོར་གྱི་བཅའ་ཁྲིམས་དང་འགལ་བར་བཅའ་ཁྲིམས་ཀྱི་འགནན་འཁྲི་གང་དག་ཁུར་དགོས་སམ།

 ལན།  བདེ་སྐྱོང་དོ་དམ་བྱ་སྤྱོད་དང་འགལ་བར་བདེ་སྐྱོང་དོ་དམ་སྐོར་གྱི་ཉེས་ཆད་གཅོད་ཐབས་ཀྱི་གཏན་ཕབ་ལྟར་ཐ་ཚིག་སྒྲོག་པའམ་ཉིན་བཅོ་ལྔའི་མན་དུ་བཀག་སྐྱིལ་བྱེད་རྒྱུ།

ནག་ཉེས་བསགས་པའི་བྱ་སྤྱོད་ལྡན་པར།   ཉེས་ཁྲིམས་ཀྱི་འབྲེལ་ཡོད་ཀྱི་གཏན་ཕབ་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་རྒྱུ།

གཞུང་སྒེར་གྱི་རྒྱུ་ནོར་ལ་གཏོར་བརླག་བྱས་པའམ་མི་གཞན་པའི་ལུས་པོར་གནོད་སྐྱེལ་ནས་ཤི་རྨས་སུ་བཏང་བར།   ཉེས་ཁྲིམས་སམ་བདེ་སྐྱོང་དོ་དམ་སྐོར་གྱི་ཉེས་ཆད་གཅོད་ཐབས་ཀྱི་འབྲེལ་ཡོད་ཀྱི་གཏན་ཕབ་ལྟར་ཉེས་ཆད་གཅོད་པ་ལས་གཞན།   ད་དུང་སྐྱིན་ཚབ་སྤྲོད་པའི་འགན་འཁྲི་ཁུར་དགོས།

  འབྲེལ་ཡོད་དྲ་སྦྲེལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ[06-30]
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་ཚོགས་དང་ཁྲོམ་སྐོར།[05-29]
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒ[05-10]
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་[04-28]
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེ[04-20]
གཞུང་དཔང་བཅའ་ཁྲིམས།[03-25]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)