1.ཅིའི་ཕྱིར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས》གཏན་འབེབ་བྱས་པ་ཡིན།
ལན། རྒྱལ་དར་གྱི་གཟི་རྔམ་སྲུང་སྐྱོང་དང་སྤྱི་དམངས་ཀྱི་རྒྱལ་ཁབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ། ཀྲུང་ཧྭ་མི་རིགས་ཀྱི་རང་རློམ་གྱི་བསམ་པ་དང་སྤོབས་པ་ཆེ་རུ་བསྐྱེད་པ་བཅས་ཀྱི་ཆེད་དུ་གཏན་འབེབ་བྱས་པ་ཡིན།
2.རང་རྒྱལ་རྩ་ཁྲིམས་ཀྱིས་རང་རྒྱལ་གྱི་རྒྱལ་དར་སྐོར་ལ་གཏན་ཕབ་ག་འདྲ་བྱས་ཡོད་དམ།
ལན། ཀྲུང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་ཆིག་བརྒྱ་སོ་དྲུག་པ་ལས། ཀྲུང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཡིན་ཞེས་གཏན་ཕབ་བྱས་ཡོད།
3.རྒྱལ་དར་གྱི་ནང་དོན་དང་དེའི་མཚོན་དོན་ཅི་ཞིག་ཡིན་ནམ།
ལན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན། རྒྱལ་དར་གྱི་ཁ་དོག་དམར་པོས་གསར་བརྗེ་མཚོན་པ་དང་། རྒྱལ་དར་སྟེང་གི་སྐར་མ་ཆུང་ངུ་ལྔ་དང་དེ་དག་བར་གྱི་འབྲེལ་བས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་མཚོན་ཡོད། སྐར་མའི་ཁ་དོག་སེར་པོས་ས་གཞི་དམར་པོའི་སྟེང་འོད་ཟེར་འཕྲོས་པ་མཚོན་ལ། ཁ་དོག་དཀར་པོ་ལས་སེར་པོ་གསལ་ཞིང་མཛེས་སྡུག་ལྡན། སྐར་ཆུང་བཞི་ཡི་རྩེ་གཅིག་གིས་སྐར་མ་ཅུང་ཆེ་བའི་དཀྱིལ་དབུས་ལ་གཏད་ཡོད་པ་དེས་ལྟེ་གནས་གཅིག་ལ་དམིགས་ནས་མཐུན་སྒྲིལ་བྱེད་པ་མཚོན་ཞིང་། ཕྱིའི་རྣམ་པའི་སྟེང་ནས་གྲལ་འགྲིག་ཅིང་མིག་ལ་མཛེས། དར་ཤིང་སྟེང་སྐོན་བྱེད་ཁ་དོག་དཀར་པོ་བྱས་པ་ནི་དར་ངོས་དམར་པོ་དང་དབྱེ་བ་འབྱེད་པའི་ཆེད་ཡིན། རྒྱལ་དར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན་ལ།ཕྱི་ཕྱོགས་ལ་རྒྱལ་ཁབ་ཀྱི་རང་བདག་དབང་ཆ་མཚོན་པ་དང་ནང་ཁུལ་ལ་རྒྱལ་ཁབ་ཀྱི་གཟི་རྔམ་མཚོན་པ་ཡིན། སྤྱི་དམངས་དང་རྩ་འཛུགས་གང་དང་གང་ཡིན་རུང་རྒྱལ་དར་ལ་བརྩི་བཀུར་དང་གཅེས་སྤྲས་དང་། རྒྱལ་དར་གྱི་གཟི་རྔམ་སྲུང་སྐྱོང་བྱེད་དགོས།
4.རྒྱལ་དར་བཅའ་ཁྲིམས་ཀྱིས་ཉིན་རེར་རྒྱལ་དར་འགེལ་སའི་སྐོར་ལ་གཏན་ཕབ་ག་འདྲ་བྱས་ཡོད་དམ།
ལན། རྒྱལ་དར་བཅའ་ཁྲིམས་ཀྱིས་གཤམ་གསལ་གྱི་གནས་སམ་ལས་ཁུངས་སུ་ཉིན་རེར་རྒྱལ་དར་འགེལ་དགོས་པར་གཏན་ཕབ་བྱས་ཡོད་དེ།(གཅིག)པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དང་ཞིན་ཧྭ་སྒོ་མོ།(གཉིས)རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་།(གསུམ)ཕྱི་འབྲེལ་པུའུ།(བཞི)རྒྱལ་ཁོངས་ཕྱི་ནང་དུ་འགྲོ་འོང་བྱེད་སའི་གནམ་གྲུ་ཐང་དང་གྲུ་ཁ། མེ་འཁོར་ས་ཚིགས། མཐའ་མཚམས་ཀྱི་འགག་སྒོ་དང་མཐའ་སྲུང་མཚོ་སྲུང་གི་སོ་ལྟ་ཁང་གཞན་པ།
5.རྒྱལ་དར་བཅའ་ཁྲིམས་ཀྱིས་བྱ་འགུལ་ཆེན་པོ་སྤེལ་སྐབས་རྒྱལ་དར་འགེལ་བའི་སྐོར་ལ་ཇི་ལྟར་གཏན་ཕབ་བྱས་ཡོད་དམ།
ལན།《རྒྱལ་དར་བཅའ་ཁྲིམས》ལས། རྟེན་འབྲེལ་དང་དྲན་གསོ་ཞུ་བའི་བྱ་འགུལ་དང་། རིག་གནས་དང་ལུས་རྩལ་བྱ་འགུལ། འགྲེམ་སྟོན་ཚོགས་འདུ་ཆེན་པོ་སོགས་ལྟ་བུའི་བྱ་འགུལ་ཆེན་པོ་སྤེལ་སྐབས་རྒྱལ་དར་བཀལ་ཆོག་ཅེས་གཏན་ཁེལ་བྱས་ཡོད། འདི་ནི་རྒྱལ་ཁབ་ཀྱི་གཟི་རྔམ་དང་སྤྱི་དམངས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བའི་གོ་སྐབས་ཤིན་ཏུ་བཟང་བོ་ཞིག་ཡིན།
6.མི་ཚོགས་འདུ་ས་རུ་བསམ་བཞིན་དུ་སྲེག་པ་དང་བརླག་པ།ནག་ནོག་བྱུགས་པ་།བཙོག་པོར་བཟོ་བ།རྡོག་བརྫིས་རྒྱག་པ་སོགས་བྱེད་སྟངས་སྤྱད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ལ་དམའ་འབེབས་བྱེད་མཁན་གྱིས་བཅའ་ཁྲིམས་ཀྱི་འགན་འཁྲི་ཅི་ཞིག་ཁུར་དགོས་སམ།
ལན། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་པ་དང་། གནས་ཚུལ་ཚབས་ཆུང་བར་བདེ་སྐྱོང་དོ་དམ་ཆད་གཅོད་སྲོལ་ཡིག་གི་ཆད་གཅོད་གཏན་ཕབ་ལྟར། སྤྱི་བདེ་ལས་ཁུངས་ཀྱིས་ཉིན་བཅོ་ལྔའི་མན་གྱི་བཀག་སྐྱིལ་བྱེད་རྒྱུ། |