དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།    སྤེལ་དུས།:2010ལོའི་ཟླ6པའི་ཚེས30ཉིན།    

1.ཅི་ཞིག་ལ་རྩ་ཁྲིམས་ཟེར།

     རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཡིན།  དེས་སྤྱིར་བཏང་དུ་རྒྱལ་ཁབ་ཅིག་གི་སྤྱི་ཚོགས་ལམ་ལུགས་དང་རྒྱལ་ཁབ་ཀྱི་ལམ་ལུགས།   རྒྱལ་ཁབ་ལས་ཁུངས་ཀྱི་རྩ་འཛུགས་དང་བྱེད་སྒོ་སྤེལ་བའི་རྩ་དོན།  སྤྱི་དམངས་ཀྱི་གཞི་རྩའི་དབང་ཆ་དང་འོས་འགན་སོགས་ནང་དོན་གཏན་ཁེལ་བྱེད་པ་ཡིན་ལ།  རྒྱལ་ཁབ་ཀྱི་བཅའ་ཁྲིམས་མ་ལག་ཧྲིལ་བོའི་ཁྲོད་རྩ་ཁྲིམས་ལ་བཅའ་ཁྲིམས་ཀྱི་ཕན་ནུས་ཆེས་ཆེན་པོ་ལྡན་པ་ཡིན།

2.རྩ་ཁྲིམས་ཀྱི་ཁྱད་ཆོས་གཙོ་བོ་ཅི་ཞིག་ཡིན།

     རྩ་ཁྲིམས་ཀྱི་ཁྱད་ཆོས་གཙོ་བོ་ཕྱོགས་གསུམ་དུ་བསྡུས་ཆོག་སྟེ།  གཅིགགཏན་ཕབ་བྱས་པའི་ནང་དོན་གྱི་ཐད་ནས།   རྩ་ཁྲིམས་ཀྱིས་གཏན་ལ་ཕབ་པ་ནི་རྒྱལ་ཁབ་ཀྱི་ལམ་ལུགས་དང་སྤྱི་ཚོགས་ལམ་ལུགས་ཀྱི་ཆེས་གཞི་རྩའི་རྩ་དོན་དང་།   སྤྱི་དམངས་ཀྱི་གཞི་རྩའི་དབང་ཆ་དང་འོས་འགན།   རྒྱལ་ཁབ་ལས་ཁུངས་ཀྱི་རྩ་འཛུགས་དང་དེས་བྱེད་སྒོ་སྤེལ་བའི་རྩ་དོན་སོགས་ཡིན།གཉིསབཅའ་ཁྲིམས་ཀྱི་གོ་གནས་སམ་ཕན་ནུས་ཐད་ནས།   རྩ་ཁྲིམས་ལ་བཅའ་ཁྲིམས་ཀྱི་གོ་གནས་སམ་ཕན་ནུས་ཆེས་ཆེན་པོ་ལྡན་པ་ཡིན།གསུམལམ་ལུགས་དང་བཟོ་བཅོས་བྱེད་པ་དེ་སྤྱིར་བཏང་གི་བཅའ་ཁྲིམས་མི་འདྲ་བའི་གོ་རིམ་ཁྱད་པར་བ་བརྒྱུད་དགོས་པ་ཡིན།

3.རང་རྒྱལ་གྱི་གཞི་རྩའི་ལམ་ལུགས་ཅི་ཞིག་ཡིན།

    སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ལམ་ལུགས་ཡིན།

4.རང་རྒྱལ་གྱི་རྒྱལ་ཁབ་ཀྱི་ངོ་བོ་ཅི་ཞིག་ཡིན།

 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམསཀྱི་དོན་ཚན་དང་པོ་ལསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་བཟོ་བ་གྲལ་རིམ་གྱིས་འགོ་ཁྲིད་པ་དང་།   བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིནཞེས་གཏན་ལ་ཕབ་ཡོད།

5.ཅི་ཞིག་ལ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་ཟེར།

     ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་ནི་ཏང་གི་འགོ་ཁྲིད་འོག   རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་ཕབ་ལྟར།   ཐབས་ལམ་དང་རྣམ་པ་སྣ་ཚོགས་བརྒྱུད་ནས་རྒྱལ་ཁབ་ཀྱི་དོན་དག་དང་།   དཔལ་འབྱོར་དང་རིག་གནས་ལས་དོན།   སྤྱི་ཚོགས་ལས་དོན་བཅས་ལ་དོ་དམ་བྱས་ནས།   རྒྱལ་ཁབ་ཀྱི་བྱ་བ་སྣ་ཚོགས་ཚང་མ་ཁྲིམས་ལྟར་བསྒྲུབ་པར་ཁག་ཐེག་བྱེད་པ་དང་།   སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ལམ་ལུགས་དང་བཅའ་ཁྲིམས་ཅན་དུ་རིམ་བཞིན་མངོན་འགྱུར་བྱས་ཐོག  ལམ་ལུགས་དང་བཅའ་ཁྲིམས་དེ་འགོ་ཁྲིད་པ་འགྱུར་ལྡོག་བྱུང་བར་བསྟུན་ནས་མི་འགྱུར་བ་དང་།འགོ་ཁྲིད་པའི་ལྟ་ཚུལ་དང་བློ་རྩེ་འགྱུར་བར་བསྟུན་ནས་མི་འགྱུར་བར་བྱེད་དགོས།

6.ཅི་ཞིག་ལ་སྤྱི་དམངས་ཟེར།

    སྤྱི་དམངས་ཞེས་པ་ནི་རྒྱལ་ཁབ་ཅིག་གི་རྒྱལ་ཁོངས་ཡོད་པ་དང་།   རྒྱལ་ཁབ་དེའི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་ཕབ་ལྟར་ཁེ་དབང་ལོངས་སྤྱོད་པ་དང་འོས་འགན་སྒྲུབ་པའི་རང་བྱུང་གི་མི་ལ་ཟེར།   རང་རྒྱལ་གྱིརྩ་ཁྲིམསཀྱི་དོན་ཚན་སོ་གསུམ་པ་ལས།    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡོད་པའི་མི་ཞིག་ཡིན་ཕྱིན་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་ཞེས་གཏན་ལ་ཕབ་ཡོད་ལ།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མ་བཅའ་ཁྲིམས་ཀྱི་མདུན་དུ་འདྲ་མཉམ་ཡིན།

7.རང་རྒྱལ་གྱི་སྤྱི་དམངས་ལ་གཞི་རྩའི་དབང་ཆ་གང་དག་ཡོད་དམ།

  《རྩ་ཁྲིམསཀྱི་འབྲེལ་ཡོད་གཏན་ཕབ་ལྟར་ན།   རང་རྒྱལ་སྤྱི་དམངས་ལ་མངའ་བའི་གཞི་རྩའི་དབང་ཆའི་ནང་དུ་གཤམ་གྱི་ཕྱོགས་འགའ་འདུས་ཏེ།གཅིགའདེམས་བསྐོ་དང་འདེམས་བསྐོ་བྱ་ཡུལ་གྱི་དབང་ཆ་ཡོད་པ།གཉིསགཏམ་བརྗོད་དང་པར་སྐྲུན།   འདུ་ཚོགས།   ཚོགས་པ་གསར་འཛུགས།  ཁྲོམ་སྐོར།   རྔམ་སྟོན་བཅས་བྱེད་པའི་རང་དབང་ཡོད།གསུམམི་ལུས་རང་དབང་དང་མིའི་ཐོབ་ཐང་དང་ལ་རྒྱ།   སྡོད་ཤག  འཕྲིན་གཏོང་རང་དབང་དང་གསང་འཕྲིན་བཅས་ལ་གནོད་འཚེ་སྐྱེལ་མི་ཆོག་པ།བཞིསྐྱོན་བརྗོད་དང་གྲོས་གཞི་འདོན་པ།   རྒྱུ་མཚན་ཞུ་འབུལ།   གཏུག་བཤེར་དང་ཐར་འདོན་བྱེད་པ།   ཁྲིམས་ལྟར་སྐྱིན་ཚབ་ལེན་པ་བཅས་ཀྱི་དབང་ཆ་ཡོད།ལྔངལ་རྩོལ་གྱི་དབང་ཆ་དང་འོས་འགན་ཡོད་པ།དྲུགདངོས་པོའི་རོགས་སྐྱོར་ཐོབ་པའི་དབང་ཆ་ཡོད།བདུནརིག་གནས་སློབ་གསོ་ཐོབ་དབང་ཡོད།བརྒྱདབུད་མེད་དང་གཉེན་སྒྲིག་ཁྱིམ་ཚང་།   མ་བུ་བཅས་ལ་བཅས་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པ།དགུཕྱིར་སྡོད་རང་མི་དང་ཕྱིར་ལོག་རང་མི།   ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱི་ཁེ་དབང་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པ་བཅས་སོ།།8.རང་རྒྱལ་གྱི་ཆེས་མཐོ་བའི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ནི་གང་ཡིན།དེའི་གཏན་བཙུགས་ལས་ཁུངས་ནི་གང་ཡིན།

  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་ཆེས་མཐོ་བའི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཡིན།དེའི་གཏན་བཙུགས་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡིན།
9.སྤྱི་དམངས་ལ་གཞི་རྩའི་འོས་འགན་གང་དག་ཡོད་དམ།

 རང་རྒྱལརྩ་ཁྲིམསཀྱིས་གཏན་ལ་ཕབ་བའི་སྤྱི་དམངས་ཀྱིས་ངེས་པར་དུ་སྒྲུབ་དགོས་པའི་གཞི་རྩའི་འོས་འགན་ནི།

  1.སྤྱི་དམངས་ལ་རྒྱལ་ཁབ་ཀྱི་གཅིག་གྱུར་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མཐུན་ སྒྲིལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད།

  2.སྤྱི་དམངས་ཀྱིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་དང་།   རྒྱལ་ཁབ་ གསང་དོན་དམ་་སྲུང་།  སྤྱིའི་རྒྱུ་ནོར་ལ་གཅེས་སྤྲས།  ངལ་རྩོལ་གྱི་སྒྲིག་ལམ་བརྩི་སྲུང་།   སྤྱིའི་སྒྲིག་ལམ་བརྩི་སྲུང་།  སྤྱི་ཚོགས་ཀྱི་ཀུན་སྤྱོད་བརྩི་མཐོང་བྱེད་པའི་འོས་འགན་ཡོད།
3.སྤྱི་དམངས་ལ་མེས་རྒྱལ་གྱི་བདེ་འཇགས་དང་མཚན་སྙན།   ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད།
4.སྤྱི་དམངས་ལ་མེས་རྒྱལ་སྲུང་སྐྱོང་དང་བཙན་འཛུལ་ལ་ངོ་རྒོལ།   ཁྲིམས་ལྟར་དམག་ཞབས་སྒྲུབ་པ་དང་དམངས་དམག་རྩ་འཛུགས་བྱེད་པའི་འོས་འགན་ཡོད།
5.སྤྱི་དམངས་ལ་ཁྲིམས་ལྟར་དཔྱ་ཁྲལ་འཇལ་བའི་འོས་འགན་ཡོད།   གོང་གི་ཕྱོགས་ལྔའི་གཞི་རྩའི་འོས་འགན་ལས་གཞན།  སྤྱི་དམངས་ལ་ད་དུང་ངལ་རྩོལ་བྱེད་པ་དང་སློབ་གསོ་མྱོང་བའི་འོས་འགན་ཡོད་པ་དང་།  ཁྱོ་ཤུག་གཉིས་ཀར་འཆར་ལྡན་བུ་སྐྱེས་ལག་བསྟར་བྱེད་པའི་འོས་འགན་དང་།   ཕ་མར་ནར་མ་སོན་པའི་བུ་བུ་མོ་གཉོར་སྐྱོང་བྱེད་པའི་འོས་འགན།  ནར་སོན་པའི་བུ་བུ་མོར་ཕ་མ་གསོ་སྐྱོང་བྱེད་པའི་འོས་འགན་སོགས་ཡོད།
10.བཅའ་ཁྲིམས་ཀྱིས་སྤྱི་དམངས་ཀྱི་མི་ལུས་རང་དབང་སྲུང་སྐྱོང་བྱེད་པའི་སྐོར་ལ་གཏན་ཕབ་གང་དག་བྱས་ཡོད་དམ།
  《རྩ་ཁྲིམསཀྱི་དོན་ཚན་སོ་བདུན་པ་ལས།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་གནོད་འཚེ་སྐྱེལ་མི་ཆོག   སྤྱི་དམངས་སུ་ཡིན་རུང་།   མི་དམངས་ཞིབ་དཔྱོད་ཁང་གིས་ཆོག་མཆན་མ་བཀོད་པའམ་ཐག་མ་བཅད་པ་དང་།   ཡང་ན་མི་དམངས་ཁྲིམས་ཁང་གིས་ཐག་མ་བཅད་ཅིང་།   སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་མ་བྱས་པར་འཛིན་བཟུང་བྱས་མི་ཆོག   ཁྲིམས་འགལ་གྱིས་བཀག་སྐྱིལ་བྱེད་པ་དང་ཐབས་གཞན་པ་སྤྱད་ནས་སྤྱི་དམངས་ཀྱི་མི་ལུས་རང་དབང་ཁྲིམས་འགལ་གྱིས་ལེན་པའམ་ཚོད་འཛིན་གཏན་ནས་བྱེད་མི་ཆོག་པ་དང་།   སྤྱི་དམངས་ཀྱི་ལུས་པོར་ཁྲིམས་འགལ་གྱིས་སྔོག་བཤེར་གཏན་ནས་བྱས་མི་ཆོག་ཅེས་གཏན་ཕབ་གསལ་བོར་བྱས་ཡོད།
11.བཅའ་ཁྲིམས་ཀྱིས་སྤྱི་དམངས་ཀྱི་གཉེན་སྒྲིག་ཁྱིམ་ཚང་སྲུང་སྐྱོང་བྱེད་པའི་སྐོར་ལ་གཏན་ཕབ་གང་དག་བྱས་ཡོད་དམ།
  《རྩ་ཁྲིམསཀྱི་དོན་ཚན་ཞེ་དགུ་བ་ལས་གཏན་ལ་ཕབ་དོན།   གཉེན་སྒྲིག་དང་ཁྱིམ་ཚང་།མ་དང་བྱིས་པར་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་པ་ཡིན།   ཁྱོ་ཤུག་གཉིས་ཀར་འཆར་ལྡན་བུ་སྐྱེས་ལག་བསྟར་བྱེད་པའི་འོས་འགན་ཡོད།   ཕ་མར་ནར་མ་སོན་པའི་བུ་བུ་མོ་གཉོར་སྐྱོང་བྱེད་པའི་འོས་འགན་ཡོད།  ནར་སོན་བུ་བུ་མོར་ཕ་མ་གསོ་སྐྱོང་བྱེད་པའི་འོས་འགན་ཡོད།  གཉེན་སྒྲིག་རང་དབང་ལ་གཏོར་བརླག་བྱས་མི་ཆོག་པ་དང་།   མི་རྒན་པ་དང་བུད་མེད།   བྱིས་པ་བཅས་ལ་མནར་གཅོད་གཏོང་མི་ཆོག

  འབྲེལ་ཡོད་དྲ་སྦྲེལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ[06-30]
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་ཚོགས་དང་ཁྲོམ་སྐོར།[05-29]
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒ[05-10]
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་[04-28]
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེ[04-20]
གཞུང་དཔང་བཅའ་ཁྲིམས།[03-25]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)