དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། སྲིད་གཞུང་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
ཡུས་ཧྲུའུ་ས་ཁུལ་གྱི་མ་འོངས་པའི་ཉིན་
ལྔའི་རིང་གི་གནམ་གཤིས་སྔོན་བརྡ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས།:2010ལོའི་ཟླ6པའི་ཚེས13ཉིན།    

   མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་གི་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་གྱི་མ་འོངས་པའི་ཉིན་ལྔའི་རིང་གི་གནམ་གཤིས་སྔོན་བརྡ་ལྟར་ན།

  ཚེས་བཅུ་གཉིས་ཉིན་གྱི་དགོང་མོ་ནས་ཚེས་བཅུ་གསུམ་ཉིན་བར་ཡུས་ཧྲུའུ་ལ་ཆར་ཆུང་ཆུང་འབབ་རྒྱུ་རེད། དྲོད་གྲངས་དྲུག་ནས་བཅུ་བདུན་ཡིན་ལ་ས་དེའི་སྦྲ་གུར་ནང་གི་དྲོད་གྲངས་བཅུ་གཅིག་ནས་ཉེར་དྲུག་དང་ནུབ་རླུང་གི་ཆ་སྙོམས་རླུང་ཤུགས་ཚད་རིམ་གཉིས་ནས་གསུམ་ཡིན་པ་དང་ཆེས་ཆེ་བའི་རླུང་ཤུགས་ཚད་རིམ་བཞི་རེད།

  ཚེས་བཅུ་གསུམ་ཉིན་གྱི་དགོང་མོ་ནས་ཚེས་བཅུ་བཞིའི་ཉིན་བར་ཡུས་ཧྲུའུ་ལ་ཆར་ཆུང་ཆུང་འབབ་རྒྱུ་རེད། དྲོད་གྲངས་དྲུག་ནས་བཅུ་དྲུག་ཡིན་ལ་ས་དེའི་སྦྲ་གུར་ནང་གི་དྲོད་གྲངས་བཅུ་ནས་ཉེར་ལྔ་དང་ནུབ་རླུང་གི་ཆ་སྙོམས་རླུང་ཤུགས་ཚད་རིམ་གཉིས་དང་གསུམ་ཡིན་པ་དང་ཆེས་ཆེ་བའི་རླུང་ཤུགས་ཚད་རིམ་བཞི་རེད།

 ཚེས་བཅུ་བཞིའི་དགོང་མོ་ནས་ཚེས་བཅོ་ལྔའི་ཉིན་བར་ཡུས་ཧྲུའུ་ལ་ཆར་ཆུང་ཆུང་འབབ་རྒྱུ་རེད། དྲོད་གྲངས་དྲུག་ནས་བཅུ་བདུན་ཡིན་ལ་ས་དེའི་སྦྲ་གུར་ནང་གི་དྲོད་གྲངས་བཅུ་ནས་ཉེར་བཞི་དང་ནུབ་རླུང་གི་ཆ་སྙོམས་རླུང་ཤུགས་ཚད་རིམ་གཉིས་ནས་གསུམ་ཡིན་པ་དང་ཆེས་ཆེ་བའི་རླུང་ཤུགས་ཚད་རིམ་བཞི་རེད།

ཚེས་བཅོ་ལྔའི་དགོང་མོ་ནས་ཚེས་བཅུ་དྲུག་ཉིན་བར་ཡུས་ཧྲུའུ་ལ་ཆར་ཆུང་ཆུང་འབབ་རྒྱུ་རེད། དྲོད་གྲངས་དྲུག་ནས་བཅུ་བདུན་ཡིན་ལ་ས་དེའི་སྦྲ་གུར་ནང་གི་དྲོད་གྲངས་བཅུ་གཅིག་ནས་ཉེར་གསུམ་དང་ནུབ་རླུང་གི་ཆ་སྙོམས་རླུང་ཤུགས་ཚད་རིམ་གཉིས་ནས་གསུམ་ཡིན་པ་དང་ཆེས་ཆེ་བའི་རླུང་ཤུགས་ཚད་རིམ་བཞི་རེད།

ཚེས་བཅུ་དྲུག་གི་དགོང་མོ་ནས་ཚེས་བཅུ་བདུན་ཉིན་བར་ཡུས་ཧྲུའུ་ལ་ཆར་ཆུང་ཆུང་ནས་ཆར་འབྲིང་ཙམ་འབབ་རྒྱུ་རེད། དྲོད་གྲངས་དྲུག་ནས་བཅུ་བདུན་ཡིན་ལ་ས་དེའི་སྦྲ་གུར་ནང་གི་དྲོད་གྲངས་བཅུ་གཅིག་ནས་ཉེར་གསུམ་དང་ནུབ་རླུང་གི་ཆ་སྙོམས་རླུང་ཤུགས་ཚད་རིམ་གཉིས་ནས་གསུམ་ཡིན་པ་དང་ཆེས་ཆེ་བའི་རླུང་ཤུགས་ཚད་རིམ་བཞི་བཅས་ཡིན་པས་གནོད་ཐེབས་ས་ཁུལ་གྱི་སྡོད་དམངས་བཀོད་སྒྲིག་བྱས་ས་དང་བསྐྱར་འཛུགས་བྱེད་ས་ནས་ཐོག་དང་ཆར་བ་འགོག་པའི་བྱ་བ་ལེགས་པོར་སྒྲུབ་རྒྱུ་དང་ཡུས་ཧྲུའུ་ས་ཁུལ་དུ་འགྲོ་བའི་རླངས་འཁོར་ཁ་བ་རྣམས་ཀྱིས་རླངས་འཁོར་ཤུད་པ་སོགས་ཀྱི་བདེ་འཇགས་ཕྱོགས་ལ་མཉམ་འཇོག་ལེགས་པོ་བྱ་དགོས།

 

ལོ་ཙཱ་བ། བསོད་ནམས་ལྷ་མོ།

  འབྲེལ་ཡོད་དྲ་སྦྲེལ།
རང་ཞིང་གི་དྲོད་ཚད་མཐོ་བའི་ནམ་ཟླ་དེ་[08-02]
དྲག་ཆར་གྱི་ཉེན་བརྡ།[07-21]
མ་འོངས་པའི་ཉིན་ལྔའི་ཡུས་ཧྲུའུ་གནོད་ཐེབས་[07-03]
མ་འོངས་པའི་ཉིན་ལྔའི་ཡུས་ཧྲུའུ་གནོད་ཐེབས་[06-30]
ཡུས་ཧྲུའུ་ས་ཁུལ་གྱི་མ་འོངས་པའི་ཉིན་[06-13]
ཟླ་དྲུག་པའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར་ཞིང་[05-24]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)