དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་
གདམ་འདྲེན་བྱས་ནས“གསུམ་སྐྱོར་རོགས་གཅིག”
འཆར་གཞིར་ཞུགས་པའི་སྤྱི་བསྒྲགས།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།    སྤེལ་དུས།:2010ལོའི་ཟླ2པའི་ཚེས23ཉིན།    

གཅིག  གདམ་འདྲེན་མི་གྲངས།

  ཞིང་ཆེན་ཡོངས་སུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ200གདམ་འདྲེན་བྱས་ནས་མཚོ་བྱང་དང་མཚོ་ལྷོ། མཚོ་ནུབ། རྨ་ལྷོ། ཡུས་ཧྲུལ། མགོ་ལོག་བཅས་མི་རིགས་རང་སྐྱོང་ཁུལ་དྲུག་གི་ཞང་གྲོང་ལས་དོན་སྡེ་ཚན་དུ་སོང་ནས་ཞིང་ལས་རོགས་སྐྱོར་དང་འཕྲོད་བསྟེན་རོགས་སྐྱོར། སློབ་གསོ་རོགས་སྐྱོར་བཅས་དང་དབུལ་སྐྱོར་གསར་སྤེལགསུམ་སྐྱོར་རོགས་གཅིགགྱི་དང་ལེན་ཞབས་ཕྱི་སྒྲུབ་རྒྱུ། དེའི་ཁྲོད་མཚོ་ནུབ་ཁུལ་དུ་མི30དང་མཚོ་ལྷོ་ཁུལ་དུ་མི30།  མཚོ་བྱང་ཁུལ་དུ་མི30།  རྨ་ལྷོ་ཁུལ་དུ་མི40།  ཡུས་ཧྲུལ་ཁུལ་དུ་མི35།  མགོ་ལོག་ཁུལ་དུ་མི35བཅས་ཡོད།   
    གཉིས། གདམ་འདྲེན་བྱེད་ཡུལ་དང་ཞབས་ཕྱིའི་དུས་ཡུན།

 གསུམ་སྐྱོར་རོགས་གཅིག འཆར་གཞིའི་གདམ་འདྲེན་བྱེད་ཡུལ་ནི་ལོ30མན་ཆད་ཀྱི་རང་ཞིང་གི་ཉིན་ཧྲིལ་བོ་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་ཆེད་སྦྱོང་སློབ་གྲྭ་ཆེན་མོ་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མཐར་ཕྱིན་བཞིན་པ་དང་མཐར་ཕྱིན་ཟིན་པའི་སློབ་མ་དང་། སྐྱེ་ཡུལ་རང་ཞིང་ཡིན་པ་དང་ཞིང་ཆེན་གཞན་དུ་ཉིན་ཧྲིལ་བོ་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་རྗེས་བྱ་བར་མ་ཞུགས་པའི་མཚོ་སྔོན་དུ་ཕྱིར་ལོག་པའི་མི་སྣ་ཡིན། ཁྱིམ་ཚང་ལ་དཀའ་ཁག་ཡོད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གཙོ་གནད་དུ་བཟུང་ནས་གདམ་འདྲེན་བྱེད་རྒྱུ། ཞབས་ཕྱིའི་དུས་ཡུན་ལོ་གསུམ་ཡིན། ཞབས་ཕྱི་དུས་ཡུན་འདང་རྗེས་བྱ་བ་རང་ཉིད་ཀྱིས་བཙལ་དགོས།

     གསུམ། མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར།

  ཐེངས་འདིའི་གདམ་འདྲེན་བྱེད་པ་ནི་ཁུལ་དང་གྲོང་ཁྱེར། ཏིས་བཅས་ཀྱི་མི་དོན་སྡེ་ཁག་སོ་སོས་ས་གནས་རང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་མིང་ཐོ་འགོད་པར་རྩ་འཛུགས་བྱས་ནས་འགན་ཁུར་དགོས།  རྩ་དོན་ཐོག་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རང་ཉིད་ཀྱི་སྐྱེས་ཡུལ་དུ་སོང་ནས་མིང་ཐོ་འགོད་དགོས།  མིང་ཐོ་འགོད་པའི་ཆ་རྐྱེན་དང་མཐུན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མསམཐོ་རིམ་སློབ་གྲྭའིགསུམ་སྐྱོར་རོགས་གཅིགའཆར་གཞིའི་ཐོ་འགོད་རེའུ་མིགསྐོང་དགོས། རེའུ་མིག་འདི་ས་གནས་དེ་གའི་རྩ་འཛུགས་དང་མི་དོན་སྡེ་ཁག་ཏུ་སོང་ནས་བླངས་ཆོག་ལ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སམ་སྤྱི་ཚོགས་འགན་སྲུང་ཐིན་གྱི་དྲ་གནསWWW.qhrs.gov.cnསྟེང་ནས་ཕབ་ལེན་བྱེད་ཀྱང་ཆོག

    ཐོབ་ཐང་ཞིབ་བཤེར་དེ་མིང་ཐོ་འགོད་པ་རྩ་འཛུགས་བྱེད་ཞོར་དུ་སྒྲུབ་ན་ཆོག་པ་དང་། ཁུལ་དང་གྲོང་ཁྱེར། ཏིས་བཅས་སོ་སོའི་རྩ་འཛུགས་དང་མི་དོན་སྡེ་ཁག་གིས་བྱེ་བྲག་གི་འགན་ཁུར་དགོས།

   བཞི། གདམ་འདྲེན་རྒྱུགས་ལེན།

    གདམ་འདྲེན་ཡིག་རྒྱུགས་དང་ངག་རྒྱུགས་གཉིས་ཁྲོམ་བསྒྲགས་དང་འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་ལྟར་གཅིག་གྱུར་གྱིས་རྩ་འཛུགས་བྱེད་རྒྱུ། ཡིག་རྒྱུགས་ཀྱི་བརྗོད་གཞི་ཞིང་ཆེན་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའིགསུམ་སྐྱོར་རོགས་གཅིགབྱ་བའི་མཐུན་སྦྱོར་དོ་དམ་གཞུང་ལས་ཁང་གིས་གཅིག་གྱུར་གྱིས་འདོན་པ་དང་། ཁུལ་དང་གྲོང་ཁྱེར། ཏིས་བཅས་སོ་སོའི་མི་དོན་སྡེ་ཁག་གིས་གཅིག་གྱུར་གྱིས་རྩ་འཛུགས་བྱས་ནས་རྒྱུགས་ལེན་རྒྱུ། ཡིག་རྒྱུགས་ཀྱི་རྒྱུགས་འབྲས་ཁྱབ་བསྒྲགས་དང་དག་རྒྱུགས་ཀྱི་བྱ་བ་ཁུལ་དང་གྲོང་ཁྱེར། ཏིས་བཅས་སོ་སོས་འགན་ཁུར་དགོས།

 ཡིག་རྒྱུགས་ཀྱི་ནང་དོནནུས་པ་དང་བྱང་ཚད་ཚད་ལེན་ཚོད་ལྟཡིན་པ་དང་། དུས་ཚོད་ནི་ཟླ3པའི་ཚེས13ཉིན་ཡིན། རྒྱུགས་ལེན་དུས་ཚོད་དང་རྒྱུགས་ལེན་ས་གནས་དེ་རྒྱུགས་ཞུགས་འཛིན་བྱང་ལ་བལྟ་དགོས།

 ལུས་ཕུང་ཞིབ་བཤེར་འདེམས་མི་དེར་ས་ཁུལ་སོ་སོའི་རྒྱུགས་བླངས་པའི་གནས་ཚུལ་གཞིར་བཟུང་ནས11གི་བསྡུ་ཚད་ལྟར་ཐག་གཅོད་བྱེད་དགོས། ལུས་ཕུང་ཞིབ་བཤེར་བྱེད་མི་འོས་པའི་མི་སྣ་རྒྱུགས་འབྲས་སྐར་གྲངས་ཀྱི་མཐོ་དམའ་རིམ་པ་ལྟར་གསབ་དགོས། གདམ་འདྲེན་མི་སྣ་རིམ་པ་གོང་ལ་ཞིབ་བཤེར་ཆོག་མཆན་འགོད་པར་ཞུ་བ་དང་ལས་རྐང་མ་ཞུགས་སྔོན་གྱི་གསོ་སྦྱོང་བྱས་རྗེས།  ཟླ3པའི་ཟླ་མཇུག་གི་སྔོན་ལ་ཞབས་ཕྱིའི་ལས་གནས་སུ་ཐོན་དགོས།

 

 མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའིགསུམ་སྐྱོར་
རོགས་གཅིག
བྱ་བའི་མཐུན་སྦྱོར་དོ་དམ་གཞུང་ལས་ཁང་ནས།

 2010ལོའི་ཟླ2པའི་ཚེས20ཉིན།

  འབྲེལ་ཡོད་དྲ་སྦྲེལ།
དྲག་ཆར་གྱི་ཉེན་བརྡ།[07-21]
མ་འོངས་པའི་ཉིན་ལྔའི་ཡུས་ཧྲུའུ་གནོད་ཐེབས་[07-03]
མ་འོངས་པའི་ཉིན་ལྔའི་ཡུས་ཧྲུའུ་གནོད་ཐེབས་[06-30]
ཡུས་ཧྲུའུ་ས་ཁུལ་གྱི་མ་འོངས་པའི་ཉིན་[06-13]
ཟླ་དྲུག་པའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར་ཞིང་[05-24]
ཚེས་ཉེར་དྲུག་ཉིན་ཡུས་ཧྲུའུ་ཡི་ནམ་ཟླ་ཇེ་བཟང་ལ་འགྲོ་མགོ་[04-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)