ལོ་གསར་གྱི་རོ་སྙོམ་ནི་རིག་གནས་ཀྱི་རོ་སྙོམ་ཡིན་ལ། རིག་གནས་གསོལ་སྟོན་དེས་དགའ་སྤྲོ་དང་འཆམ་མཐུན་རྒྱས་བྱུང་། ཡར་ངོའི་ཟླ་ལྟར་འཕེལ་བའི་གྲོང་ཁྱེར་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བའི་ཆེད་དུ། ཟི་ལིང་གྲོང་ཁྱེར་གྱིས་ཕུལ་དུ་བྱུང་བའི་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་པོར་གཏོང་བ་དང་། གྲོང་ཁྱེར་ཀྱི་འཚོ་བའི་སྤུས་ཚད་ཡར་འདེགས་བྱེད་པ། བཀྲ་ཤིས་ཤིང་དགའ་སྤྲོ་འཁོལ་བའི་ལོ་གསར་གྱི་ངང་ཚུལ་སྐྲུན་ཏེ། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་ཟི་ལིང་གྲོང་ཁྱེར་གྲོང་གསེབ་ཀྱི་དངོས་པོའི་དཔལ་ཡོན་གྱི་རླབས་ཆེན་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་འབྲས་བུར་ལོངས་སྤྱོད་བྱེད་དུ་འཇུག་དགོས། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་འགོ་ཁྲིད་འོག “བདེ་འཇགས་དང་པོར་བརྩི་བ་དང་། ཁ་ཐོར་བ་དབྱིབས་ཆུང་བ། ནང་དོན་ཕུན་སུམ་ཚོགས་པ། བཀྲ་ཤིས་སྤྲོ་སྣང་ལྡན་པ། གྲོན་ཆུང་ཞིང་ཕན་འབྲས་ལྡན་པ”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ལུགས་རྙིང་ལོ་གསར་དང་རྒྱ་ལོ་བཅོ་ལྔའི་དུས་ཆེན་གྱི་སྐབས་སུ། ཟི་ལིང་གྲོང་ཁྱེར་དང་དེ་མིན་ཆུའུ་བཞི་རྫོང་གསུམ་བཅས་ཀྱི་ཡུལ་སྐོར་དང་རིག་གནས་སྡེ་ཁག་གིས“དམངས་ཁྲོད་རྒྱ་འཆམ་ལྟ་བ་དང་། ཚོན་ཁྲ་ལྒང་ཞུར་གཟིགས་པ། འཁྱགས་བརྐོས་མར་ལྟ་བ། བསིལ་གྲོང་ལྗོངས་རྒྱུ། ལོ་གསར་བསུ་བ”སོགས་ལོ་གསར་གྱི་ཡུལ་སྐོར་རིག་གནས་བྱ་འགུལ་རབ་དང་རིམ་པ་གཙོ་གནད་དུ་བཟུང་ནས་སྤེལ་རྒྱུ་ཡིན།
ཟི་ལིང་གྲོང་ཁྱེར་ཡུལ་སྐོར་ཅུའུ་དང་རིག་གནས་རྒྱང་བསྒྲགས་ཅུའུ། ནགས་ལས་ཅུའུ་བཅས་ཀྱིས་དཔྱིད་ཀྱི་དཔལ་ཡོན་རྒྱས་པའི་ཁྲོད་སྐུ་ཉིད་ཁྱིམ་མི་དང་གྲོགས་པོ་མཉམ་དུ་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་རེ་རེར་དགའ་བ་ལོངས་སྤྱོད་དུ་ཕེབས་པར་གདན་ཞུ་བྱེད་བཞིན་ཡོད། དུས་ཐོག་དེར། “མཚར་སྡུག་གི་ཟི་ལིང་། དགའ་སྤྲོ་འཁོལ་བའི་བསིལ་གྲོང་། བསྐལ་བཟང་ཀྲུང་ཧྭ། བརྩེ་བས་ཕྱུག་པའི་བསིལ་གྲོང”སོགས་ལྟད་མོ་སྣ་ཚོགས་ཀྱིས་གྲོང་ཁྱེར་འབངས་མི་དང་ཁུལ་དང་རྫོང་སོ་སོའི་གྲོགས་པོ་རྣམས་ཀྱི་ཡིད་ཚིམ་ཞིང་མིག་གི་ཟས་སུ་འགྱུར་ངེས་ཡིན།
ལོ་གསར་ལ་རྟེན་འབྲེལ་ཞུ་བ། ཆུའུ་བཞི་དང་རྫོང་གསུམ་གྱི་རིག་གནས།
མཁར་ཤར་ཆུའུ།
རིག་གནས། ཚན་རྩལ། འཕྲོད་བསྟེན་བཅས“གྲོང་གསེབ་ཏུ་སྐྱོད་པ་གསུམ”གྱི་བྱ་འགུལ།
དུས་ཚོད། ཟླ1པའི་ཚེས6ཉིན། ས་གནས། ཡུན་ཅ་ཁོའུ་གྲོང་རྡལ་གྱི་ཧྥུ་ཅ་ཀྲའེ་སྡེ་བ།
མཁར་ཤར་ཆུའུ་ཕུལ་བྱུང་རྒྱ་འཆམ་མཉམ་འཁྲབ།
དུས་ཚོད། ཟླ2པའི་ཚེས23ཉིན། ས་གནས། མཁར་ཤར་ཆུའུ་སྲིད་གཞུང་གི་ཐོག་ཁང་ཆེན་མོའི་མདུན།
ཐང་ཆེན་རིག་རྩལ་འཁྲབ་སྟོན།
དུས་ཚོད། ཟླ2པའི་ཚེས18ཉིན། ས་གནས། ཐའེ་ཉིན་ལྡུམ་རའི་ཐང་ཆེན།
མཁར་ཤར་ཆུའུ་སྐབས28པའི་རྒྱ་ལོ་བཅོ་ལྔའི་ལྒང་ཞུའི་དུས་ཆེན།
དུས་ཚོད། ཟླ2པའི་ཚེས11ཉིན་ནས་ཟླ2པའི་ཚེས28ཉིན།(བོད་ལོ་ཚེས་ཉེར་བརྒྱད་ཉིན་ནས་རྒྱ་ལོ་ཚེས་བཅོ་ལྔའི་ཉིན་བར)
བརྗོད་བྱ་གཙོ་བོ། 《བར་ཆད་སེལ་བའི་རྔ་སྒྲ》《འཆམ་མཐུན་གྱི་དབྱངས་རྟ》《འབྱོར་ཕྱུག་གི་མེ་ཏོག་བཞད་པ》《བསྐལ་བཟང་པད་མ》《བཀྲ་ཤིས་པའི་ཀྲུང་གོ》《དཔེ་ཆ་བའི་ཡིད་དབང་འཕྲོག་ཤུགས》《མི་རིགས་སྤྲོ་གླུ》བཅས་ལེ་ཚན་བདུན་ཡོད།
“འབྲུག་ཟུང་གིས་ནོར་བུ་རྩེན་པའི”མཆོར་སྒོ་འཛུགས་པ།
མཁར་དཀྱིལ་ཆུའུ།
རིག་གནས། ཚན་རྩལ། འཕྲོད་བསྟེན་བཅས“གྲོང་གསེབ་ཏུ་སྐྱོད་པ་གསུམ”གྱི་བྱ་འགུལ།
མཁར་དཀྱིལ་ཆུའུ་ཕྱོགས་བསྡུས་སྒྱུ་རྩལ་མི་རིགས་གླུ་གར་ཆེད་ཚོགས་འཁྲབ་སྟོན།
དུས་ཚོད། ཟླ2པའི་ཚེས་15ཉིན། (རྒྱ་ལོ་ཚེས་གཉིས་ཉིན)
ས་གནས། ལྟེ་གནས་ཐང་ཆེན།
མཁར་ཤར་ཆུའུ་ཕུལ་བྱུང་རྒྱ་འཆམ་འཁྲབ་སྟོན།
དུས་ཚོད། ཟླ2པའི་ཚེས21ཉིན།(རྒྱ་ལོ་ཚེས་བརྒྱད་ཉིན)ཉིན་གུང་དུས་ཚོད12།
ས་གནས། ལྟེ་གནས་ཐང་ཆེན།
ཞིང་སྡེ་དང་སྡེ་ཁུལ་རིག་གནས་བྱ་འགུལ།
རྒྱ་སྲང་གློག་རྒྱན་དང་ཚོན་ཁྲ་ལྒང་བཞུས་ལྗོངས་སྤྲས།
ཤར་ནུབ་སྲང་ལམ་ཆེན་མོ་དང་ནུབ་སྒོ་རྒྱ་གྲམ། རྒྱ་གྲམ་ཆེན་མོ། ལྟེ་གནས་ཐང་ཆེན་སོག་སུ《འབྲུག་འཕྱོ་བསྐལ་བཟང》ཞེས་པའི་ཀླུ་སྒོ་ཆེན་པོ་དང《མདུན་ལམ་གསལ་བའི་ལྒང་ཞུ》《དཔྱིད་བསུ་བག་ཕེབས》《མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན》《རྨ་འབྲི་རྫ་གསུམ་མགོ་ཁུངས》《བཀྲ་ཤིས་པའི་ཟི་ལིང》《སྟག་ཁྱུས་དཔྱིད་བསུ》《རི་ཀླུང་ཀུན་ཏུ་སྟག་སྒྲས་ཁེངས་པ》《གྲོང་ཁྱེར་གྱི་མཚན་བྱང》《མི་རིགས་མཐུན་སྒྲིལ་ཀ་རིང》《བསྐལ་བཟང་འཆམ་མཐུན》སོགས་མཛེས་ལྗོངས་གནས་ས་དུ་མ་སྒྲིག་ཡོད་པར་མ་ཟད། ཟླ2པའི་ཚེས27ཉིན(རྒྱ་ལོ་ཚེས་བཅུ་བཞི་ཉིན)ལྒང་ཞུ་འགྲེམ་སྟོན་བྱེད་རྒྱུ་ཡིན།
མཁར་ནུབ་ཆུའུ།
མཁར་ནུབ་ཆུའུ་ཡིས“ལས་ཁུངས་སྒྱུ་རྩལ་དུས་ཆེན” སྐབས་དང་པོ་སྤེལ་བ།
དུས་ཚོད། 2009ལོའི་ཟླ12པ་ནས2010ལོའི་ཟླ2པའི་བར།
ས་གནས། མཁར་ནུབ་ཆུའུ་ཏང་ཨུ་དང་ཆུའུ་སྲིད་གཞུང་།
མཁར་ནུས་ཆུའུ་ཕུལ་བྱུང་རྒྱ་འཆམ་འཁྲབ་སྟོན།
དུས་ཚོད། ཟླ2པའི་ཚེས22ཉིན(རྒྱ་ལོ་ཚེས་དགུ་ཉིན)
ས་གནས། ཞིན་ཉིན་ཐང་ཆེན།
ལྔ་བཞི་སྲང་ལམ་ཆེན་མོ་ཤར་མཚམས་སུ་མཆོར་སྒོ་འཛུགས་པ།
དུས་ཚོད། ཟླ2པའི་ཚེས6ཉིན(བོད་ལོ་ཚེས་ཉེར་གསུམ་ཉིན)
རྒྱ་ལོ་བཅོ་ལྔའི་དུས་ཆེན(རྒྱ་ལོ་ཚེས་བཅོ་ལྔའི་ཉིན)ལྒང་ཞུ་འགྲེམ་སྟོན།
ས་གནས། ལྔ་བཞི་སྲང་ལམ་ཆེན་མོ། རྨ་ཆུ་ལམ། ཆི་ལིན་ཁུག ཞིན་ཉིན་ཐང་ཆེན།
ཆི་ལིན་ཁུག་བྱང་སྒོ་ཐང་ཆེན་དང་ཟུར་གསུམ་ལྡུམ་ར། ཞིན་ཉིན་ཐང་ཆེན། ལྔ་བཞི་སྲང་ལམ་ཆེན་མོ་བཅས་སུ《རྔམ་ཞིང་བརྗིད་པ》《འདབ་བརྒྱ་རྣམ་བཀྲ》《ཚོན་ཁྲའི་གློག་ཞུ་ཉི་མའི་སྣང་བར་འགྲན》《བཀྲ་ཤིས་པའི་སྟག་ལོ》《གཡོན་འགྲོ་གཡས་འགྲོ》《དགའ་སྤྲོ་རབ་ཏུ་སྐྱེ་བའི་ཏི་ཧྲི་ཉི》《རྨི་ལམ་ཁྲོད་ཀྱི་མཁར་ནུབ》སོགས་མཛེས་ལྗོངས་བཀོད་སྒྲིག་བྱས་ཡོད།
མཁར་བྱང་ཆུའུ།
ཆུའུ་ཡོངས་ཀྱི་དུས་ཆེན་གཉིས་ཀྱི་རིག་གནས་བྱ་འགུལ་གྱིས“དཔྱིད” ཅེས་པ་བརྗོད་བྱ་གཙོ་བོར་བྱས་པ་དང་། ལེ་ཚན་བཞིར་དབྱེ་ཡོད་དེ། “དཔྱིད་རླུང” “དཔྱིད་དྲོད” “དཔྱིད་དཔལ” “དཔྱིད་ཆར” བཅས་ཡིན།
“དཔྱིད་རླུང”
རིག་གནས། ཚན་རྩལ། འཕྲོད་བསྟེན་བཅས“གྲོང་གསེབ་ཏུ་སྐྱོད་པ་གསུམ”གྱི་བྱ་འགུལ་དང་། མཁར་བྱང་ཆུའུ་དགུན་དུས་ལུས་རྩལ་འགྲན་བསྡུར་སོགས་རིག་རྩལ་བྱ་འགུལ་རབ་དང་རིམ་པ། “ལོ་གསར་བསུ་བ”ཞེས་པའི་ལས་བྱེད་པ་མཐུན་འབྲེལ་བྱ་འགུལ། སློབ་རའི་དགེ་སློབ་ཀྱི་ཤེས་རྩལ་སྐོར་སྐྱོད་འགྲེམ་སྟོན། མཁར་བྱང་ཆུའུ་ཕུལ་བྱུང་རྒྱ་འཆམ་འཁྲབ་སྟོན། ཐང་ཆེན་རིག་རྩལ་འཁྲབ་སྟོན། དགའ་རྟགས་ཡོད་པའི་ལྒང་ཞུའི་གབ་ཚིག་ཐིག་འགྲན་བྱ་འགུལ། དམག་སྒར་རིག་གནས་བྱ་འགུལ། ཞིང་སྡེ་སྡེ་ཁུལ་རིག་གནས་བྱ་འགུལ། དེ་མིན་ལོ་གསར་སྐབས་ཀྱི་ཞང་དང་གྲོང་རྡལ་སོ་སོའི་ཞིང་སྡེ་སྡེ་ཁུལ་རིག་གནས་བྱ་འགུལ། གནམ་ལོ་གསར་བའི་མཐུན་འབྲེལ་ཚོགས་འདུ། འབྲི་ཏ་ས་འཛིན་དུས་ཆེན་བྱ་འགུལ། ལོ་གསར་དགའ་སྟོན་ཞུ་བའི་གློག་བརྙན་འགྲེམ་གཏོང་བྱ་འགུལ། ལོ་གསར་བསུ་བའི་རྒྱ་འཆམ་མཉམ་འཁྲབ་བྱ་འགུལ་སོགས་ཡོད།
“དཔྱིད་དྲོད”
“དབུལ་བོར་རོགས་སྐྱོབ་བརྩེ་སེམས་འབུལ་བ”ཞེས་པའི་བྱ་འགུལ་དང་ངལ་རྩོལ་པ་དཔེ་ལེགས་ཅན་འཚམས་འདྲི་བྱེད་པ་སོགས་བརྩེ་སེམས་འབུལ་བའི་བྱ་འགུལ་སྤེལ་བ་དང་། ལས་འཁྱུར་ངལ་གསོ་ལས་བྱེད་རྒན་པ་དང་དམར་དམག་རྒན་པར་འཚམས་འདྲི་བྱས་པ་སོགས། ཆུའུ་སྤྱི་ཁྱབ་བཟོ་ཚོགས་དང་ཆུའུ་ངལ་རྩོལ་དང་ལས་ཞུགས་འགན་སྲུང་ཅུའུ་ཡིས་ཞིང་པ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་དང་ལས་ཞུགས་དཀའ་ཁག་སོགས་ཀྱི་གནད་དོན་དངོས་གནས་ཐག་གཅོད་བྱས་པ།
“དཔྱིད་དཔལ”
སྲང་ལམ་ཆེན་མོ་དང་ཐང་ཆེན་གཙོ་བོར་རྒྱན་སྤྲས་དང་མཛེས་བཟོ། 《ལྟས་བཟང་ཀླུ་སྒོ》《དཀར་ཡོལ་སྔོན་པོ》《དར་རྒྱས་འཆམ་མཐུན》《བཀྲ་ཤིས་པའི་སྟག་ལོ》《རྟེན་འབྲེལ་བཟང་བོ》《ཁ་དཔེ་གཏམ་རྒྱུད》《ཀུན་ཏུ་བཞད་པའི་ཁམ་བུའི་མེ་ཏོག》《དཔྱིད་འགོའི་མེ་ཏོག་ཟུར་གསུམ་མ》སོགས་མཛེས་ལྗོངས་གནས་ས་བཀོད་སྒྲིག་བྱས་ཡོད།
“དཔྱིད་ཆར”
“གྲོང་ཁྱེར་པའི་སྤུས་ཚད་མཐོར་འདེགས་དང་འཆམ་མཐུན་གྱི་གཞི་ཁྱིམ་མཉམ་སྐྲུན”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ། ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྐྱོང་གསར་སྤེལ་དང་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲའི་འགན་སྲུང་ཞབས་འདེགས་ལེགས་པོར་སྒྲུབ་ནས་དུས་ཆེན་གྱི་ཁོར་ཡུག་གཙང་ཞིང་ཅ་དག་པ་ཞིག་བསྐྲུན་དགོས།
སྟོང་སྐོར་རྫོང་།
སྟོང་སྐོར་དམངས་སྲོལ་རིག་གནས་ཡུལ་སྐོར་བྱ་འགུལ།
དུས་ཚོད། ཟླ2པའི་ཚེས25ཉིན་ནས་ཟླ3པའི་ཚེས5ཉིན།(རྒྱ་ལོ་ཚེས་བཅུ་གཉིས་ཉིན་ནས་ཚེས་ཉི་ཤུ་ཉིན་བར)
མཚོ་སྔོན་སྐབས་དང་པོའི“སྟོང་སྐོར”རྟགས་ཅན་གྱི་གདོད་སྐྱེས་གཞས་མ་གཏམ་འགྲན་བསྡུར།
རྒྱ་ལོ་བཅོ་ལྔའི་དུས་ཆེན་གྱི་ཤོག་སྦག་དགོང་ཚོགས་འགྲེམ་སྟོན།
དུས་ཚོད། ཟླ2པའི་ཚེས28ཉིན(རྒྱ་ལོ་བཅུ་ལྔའི་ཉིན)
རྟ་ཐང་རྫོང་།
རྫོང་ཡོངས་ཀྱི་ཕུལ་བྱུང་དམངས་ཁྲོད་རྒྱ་འཆམ་གནས་བགོས་ནས་འཁྲབ་སྟོན་བྱེད་པ།
རྫོང་ཡོངས་ཀྱི་ཕུལ་བྱུང་དམངས་ཁྲོད་རྒྱ་འཆམ་དབྱང་ཀོའོ་རུ་ཁག་གདམ་གསེབ་བྱས་ཏེ་ཁག་བགོས་ནས་འཁྲབ་སྟོན་བྱེད་པ། ཉིན་རེར་འཁྲབ་ཐེངས8(གནས་རེ་ནས་འཁྲབ་ཐེངས2)སྡོམ་པས་འཁྲབ་ཐེངས40ཡོད།
དུས་ཚོད། ཟླ2པའི་ཚེས23ཉིན་ནས་ཚེས27ཉིན་བར(རྒྱ་ལོ་ཚེས་བཅུ་ནས་ཚེས་བཅུ་བཞི་ཉིན་བར)
ས་གནས། རྫོང་སྲིད་གཞུང་གི་ཐོག་ཁང་མདུན་དང་རིག་གནས་ཐང་ཆེན། རྫོང་རིག་གནས་དྲིལ་བསྒྲགས་ལྟེ་གནས་ཐང་ཆེན། རི་བོ་རྒན་པོ་ཐང་ཆེན།
རྟ་ཐང་རྫོང་གི་སྒྲོན་བརྙན་ཟློས་གར་སྒྱུ་རྩལ་འགྲེམ་སྟོན།
དུས་ཚོད། ཟླ2པའི་ཚེས23ཉིན་ནས་ཟླ3པའི་ཚེས5ཉིན་བར(རྒྱ་ལོ་ཚེས་བཅུ་ནས་ཚེས་ཉི་ཤུ་ཉིན་བར)
ས་གནས། རིག་གནས་ཁང་། (རྫོང་རིག་གནས་དྲིལ་བསྒྲགས་ལྟེ་གནས)
རྟ་ཐང་རྫོང་གི་སྐབས་བཅོ་ལྔ་བའི་རྒྱ་ལོ་བཅོ་ལྔའི་དུས་ཆེན་གྱི་ལྒང་ཞུ་འགྲེམ་སྟོན།
དུས་ཚོད། ཟླ2པའི་ཚེས27དང་ཚེས28ཉིན། (རྒྱ་ལོ་ཚེས་བཅུ་བཞི་དང་ཚེས་བཅོ་ལྔ་ཉིན)
མི་དམངས་ལམ་རྫོང་མཁར་ཐང་ཆེན་སྒྱུ་རྩལ་མཛེས་ལྗོངས་འགྲེམ་སྟོན།
དུས་ཚོད། ཟླ2པ(རྒྱ་ལོ་ཟླ་བ་དང་པོ)
ས་གནས། རིག་གནས་ཐང་ཆེན། ཅིན་ཉིན་ཐང་ཆེན། རི་བོ་རྒན་པོ་ཐང་ཆེན། རིག་གནས་དྲིལ་བསྒྲགས་ལྟེ་གནས་ཐང་ཆེན། མི་དམངས་ལམ།
མཚོ་སྔོན་ཧ་ཡང་ཁེ་ལས་ཀྱིས་ཤོག་སྦག་གཏོང་བ་དང་མཛེས་ལྗོངས་བྱ་འགུལ།
ཞིང་སྡེ་དང་སྡེ་ཁུལ་རིག་གནས་བྱ་འགུལ།
དགུན་ཁའི་སྐོར་གཡེང་རིག་གནས་ཡུལ་སྐོར་མ་ལག་བྱ་འགུལ།
དུས་ཚོད། ཟླ1པོ་ནས་ཟླ3པའི་བར།
ས་གནས། རྫོང་མཁར་གྱི་མཛེས་ལྗོངས་ཁུལ་སོ་སོ།
ཧོང་ཀྲུང་རྫོང་།
“ཧོང་ཀྲུང་གི་འགྱུར་ཁུགས་བརྒྱད”བྱ་འགུལ་གྲུབ་འབྲས་འགྲེམ་སྟོན།
དུས་ཚོད། ཟླ2པའི་ཚེས24ནས་ཚེས28ཉིན་བར། (རྒྱ་ལོ་ཚེས་བཅུ་གཅིག་ནས་ཚེས་བཅོ་ལྔ་ཉིན་བར)
སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་རྒྱན་བྱ་འགུལ།
སྐུ་འབུམ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཆོས་ལུགས་ཀྱི་ཆོ་ག་སྤེལ་བ་དང་རྒྱལ་ཁབ་རིམ་པའི་དངོས་བོ་མིན་པའི་ཤུལ་བཞག་རིག་གནས་མེ་ཏོག་མཆོད་རྒྱན་འགྲེམ་སྟོན།
དུས་ཚོད། ཟླ2པའི་ཚེས27དང་ཚེས28ཉིན། (རྒྱ་ལོ་ཚེས་བཅུ་བཞི་དང་ཚེས་བཅོ་ལྔ་ཉིན)
བོད་ཀྱི་རིག་གནས་འགྲེམ་སྟོན་ལྟེ་གནས་ཀྱི་རིག་གནས་བྱ་འགུལ།
དུས་ཚོད། ཟླ2པའི་ཚེས25ནས་ཚེས28ཉིན་བར། (རྒྱ་ལོ་ཚེས་བཅུ་གཉིས་ནས་ཚེས་བཅོ་ལྔ་ཉིན་བར)
ཞིང་སྡེ་དང་ཞང་། གྲོང་རྡལ་བཅས་ཀྱི་རིག་གནས་བྱ་འགུལ།
རྒྱ་འཆམ་སྐོར་སྐྱོད་འཁྲབ་སྟོན།
རྫོང་མཁར་སྲང་ལམ་ནས་རྒྱ་འཆམ་རུ་ཁག7གདམ་གསེབ་བྱས་ནས་སྐོར་སྐྱོད་འཁྲབ་སྟོན་བྱེད་རྒྱུ།
དུས་ཚོད། ཟླ2པའི་ཚེས25ནས་ཚེས27ཚེས28ཉིན་བར། (རྒྱ་ལོ་ཚེས་བཅུ་གཉིས་ནས་ཚེས་བཅོ་བཞི་ཚེས་བཅོ་ལྔ་ཉིན་བར)
དཔྱིད་ཉམས་སྟོན་པ། ཀྲུང་གོའི་བསིལ་གྲོང་སྐབས་ལྔ་བའི་འཁྱགས་བཟོས་གློག་སྒྲོན་སྒྱུ་རྩལ་ཚོགས་འདུ།
དུས་ཚོད། 2010ལོའི་ཟླ1པའི་ཚེས29ཉིན་ནས་ཟླ3པའི་ཚེས1ཉིན་བར།
ས་གནས། ཟི་ལིང་གྲོང་ཁྱེར་མི་དམངས་སྤྱི་གླིང་།
གཙོ་སྒྲུབ་སྡེ་ཚན། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་།
འགན་སྒྲུབ་སྡེ་ཚན། ཟི་ལིང་གྲོང་ཁྱེར་ནགས་ལས་ཅུའུ་དང་གྲོང་ཁྱེར་གནས་སྐོར་ཅུའུ།
མཆོར་སྒེག་གི་དཔྱིད་དཔལ།
མཁར་ཤར་ཆུའུ།
མཛེས་ལྗོངས་སྲང་ལམ་ལྒང་ཞུ་འགྲེམ་སྟོན། ཤར་ནུབ་སྲང་ལམ་ཆེན་མོ།
སྤྱི་སྤྱོད་ཐང་ཆེན་ལྒང་ཞུ་འགྲེམ་སྟོན། རྒྱལ་སྤྱི་སྡེ་མཁར་ཐང་ཆེན།
མཁར་དཀྱིལ་ཆུའུ།
མཛེས་ལྗོངས་སྲང་ལམ་ལྒང་ཞུ་འགྲེམ་སྟོན། ཤར་ནུབ་སྲང་ལམ་ཆེན་མོ།
སྤྱི་སྤྱོད་ཐང་ཆེན་ལྒང་ཞུ་འགྲེམ་སྟོན། ལྟེ་གནས་ཐང་ཆེན།
མཁར་ནུབ་ཆུའུ།
མཛེས་ལྗོངས་སྲང་ལམ་ལྒང་ཞུ་འགྲེམ་སྟོན། ལྔ་བཞི་སྲང་ལམ་ཆེན་མོ།
སྤྱི་སྤྱོད་ཐང་ཆེན་ལྒང་ཞུ་འགྲེམ་སྟོན། ཞིན་ཉིན་ཐང་ཆེན།
མཁར་བྱང་ཆུའུ།
མཛེས་ལྗོངས་སྲང་ལམ་ལྒང་ཞུ་འགྲེམ་སྟོན། ཉི་གཏད་ཤར་ལམ་ལྷོ་ཕྱོགས་མཚམས།
སྤྱི་སྤྱོད་ཐང་ཆེན་ལྒང་ཞུ་འགྲེམ་སྟོན། མི་དམངས་ཐང་ཆེན།
དཔྱིད་གར་དུ་འཁྲབ་པ།
ཟི་ལིང་གྲོང་ཁྱེར་སྐབས་དང་པོའི་ཞབས་བྲོ་འགྲན་བསྡུར།
དུས་ཚོད། ཟླ1པའི་ཚེས22ནས་ཚེས27ཉིན་བར།
ས་གནས། ཟི་ལིང་ལུས་རྩལ་ཁང་། ཟི་ལིང་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་།
གཙོ་སྒྲུབ་སྡེ་ཚན། ཟི་ལིང་གྲོང་ཁྱེར་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་ཞིང་ཆེན་ཞབས་བྲོ་མཁན་མཐུན་ཚོགས།
འགན་སྒྲུབ་སྡེ་ཚན། ཟི་ལིང་གྲོང་ཁྱེར་གླུ་གར་ཚོགས་པ་དང་ཟི་ལིང་གྲོང་ཁྱེར་ཟློས་གར་ཚོགས་པ། ཟི་ལིང་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་།
དཔྱིད་ཀར་སྐྱོད་པ།
2010ལོའི་ལུགས་རྙིང་ལོ་གསར་མི་རིགས་དམངས་སྲོལ་རིག་གནས་བྱ་འགུལ།
དུས་ཚོད། ཟླ2པའི་ཚེས14ནས་ཚེས28ཉིན་བར། (རྒྱ་ལོ་ཚེས་གཅིག་ནས་ཚེས་བཅོ་ལྔ་ཉིན་བར)
རྒྱ་ལོ་བཅོ་ལྔའི་དུས་ཆེན་གྱི་ཤོག་སྦག་གཏོང་བའི་བྱ་འགུལ།
དུས་ཚོད། ཟླ2པའི་ཚེས28ཉིན། (རྒྱ་ལོ་ཚེས་བཅོ་ལྔ་ཉིན)
ས་གནས། ལྷོ་རི་གླིང་ཀ
འགན་སྒྲུབ་སྡེ་ཚན། ཟི་ལིང་གྲོང་ཁྱེར་རིག་གནས་རྒྱང་བསྒྲགས་ཅུའུ་དང་གྲོང་ཁྱེར་སྤྱི་བདེ་ཅུའུ།
ཟི་ལིང་གྲོང་ཁྱེར་སྐབས་གཉིས་པའི་འབྲུག་རྩེད་འགྲན་བསྡུར།
དུས་ཚོད། ཟླ2པའི་ཚེས20ཉིན། (རྒྱ་ལོ་ཚེས་བདུན་ཉིན)
ས་གནས། ཞིན་ཉིན་ཐང་ཆེན།
དགའ་རྟགས་ཡོད་པའི་ལྒང་ཞུའི་གབ་ཚིག་འགྲན་བསྡུར་བྱ་འགུལ་ཆེན་པོ།
དུས་ཚོད། ཟླ2པའི་ཚེས26ནས་ཚེས27ཉིན་བར། (རྒྱ་ལོ་ཚེས་བཅུ་གསུམ་དང་ཚེས་བཅུ་བཞི་ཉིན)
ས་གནས། ལྟེ་གནས་ཐང་ཆེན།
འགན་སྒྲུབ་སྡེ་ཚན། ཟི་ལིང་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་།
ཐང་ཆེན་འཁྲབ་སྟོན་དང་མང་ཚོགས་རིག་རྩལ་བྱ་འགུལ།
དུས་ཚོད། ཟླ2པའི་ཚེས15ཉིན་ཚེས18ཉིན་བར། (རྒྱ་ལོ་ཚེས་གཉིས་ནས་ཚེས་ལྔ་ཉིན་བར)
དཔྱིད་ཉམས་སུ་ལེན་པ།
2010ལོའི་སྐབས་དང་པོའི་རྒྱ་ལོ་བཅོ་ལྔའི་དུས་ཆེན་དྲ་རྒྱ་པར་ལེན་འགྲན་བསྡུར།
དུས་ཚོད། ཟླ2པའི་ཚེས1ཉིན་ནས་ཟླ3པའི་ཚེས2ཉིན་བར།
དཔྱིད་རྩེད།
2010ལོའི་ལུགས་རྙིང་ལོ་གསར་མི་རིགས་དམངས་སྲོལ་རིག་གནས་བྱ་འགུལ།
དུས་ཚོད། ཟླ2པའི་ཚེས14ཉིན་ཚེས28ཉིན་བར། (རྒྱ་ལོ་ཚེས་གཅིག་ནས་ཚེས་བཅོ་ལྔ་ཉིན་བར)
རྒྱ་ལོ་བཅོ་ལྔའི་དུས་ཆེན་གྱི་ཤོག་སྦག་གཏོང་བའི་བྱ་འགུལ།
དུས་ཚོད། ཟླ2པའི་ཚེས28ཉིན། (རྒྱ་ལོ་ཚེས་བཅོ་ལྔ་ཉིན)
ས་གནས། ལྷོ་རི་གླིང་ཀ
འགན་སྒྲུབ་སྡེ་ཚན། ཟི་ལིང་གྲོང་ཁྱེར་རིག་གནས་རྒྱང་བསྒྲགས་ཅུའུ་དང་གྲོང་ཁྱེར་སྤྱི་བདེ་ཅུའུ།
ཟི་ལིང་གྲོང་ཁྱེར་སྐབས་གཉིས་པའི་འབྲུག་རྩེད་འགྲན་བསྡུར།
དུས་ཚོད། ཟླ2པའི་ཚེས20ཉིན(རྒྱ་ལོ་ཚེས་བདུན་ཉིན)
ས་གནས། ཞིན་ཉིན་ཐང་ཆེན།
དུས་ཚོད། ཟླ2པའི་ཚེས26ཉིན་ནས་ཚེས27བར།
འགན་སྒྲུབ་སྡེ་ཚན། ཟི་ལིང་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་།
ཐང་ཆེན་འཁྲབ་སྟོན་དང་མང་ཚོགས་རིག་གནས་བྱ་འགུལ།
ཟི་ལིང་གྲོང་ཁྱེར་མང་ཚོགས་རིག་རྩལ་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་འཆར་འགོད་བྱས་ནས་ཆུའུ་བཞིའི་ཐང་ཆེན་དུ་མང་ཚོགས་རིག་གནས་བྱ་འགུལ་ཐེངས4རྩ་འཛུགས་བྱས་ནས་སྤེལ་བ་དང་། གྲོང་ཁྱེར་རིག་གནས་རྒྱང་བསྒྲགས་ཅུའུ་ཡིས་ཟློས་གར་དང་གླུ་གར་འཁྲབ་ཐེངས4རྩ་འཛུགས་བྱས་ནས་སྟོན་རྒྱུ། གྲོང་ཁྱེར་ལུས་རྩལ་ཅུའུ་ཡིས་མང་ཚོགས་རང་བཞིན་གྱི་ལུས་རྩལ་སྦྱོང་བརྡལ་བྱ་འགུལ་ཐེངས2རྩ་འཛུགས་བྱས་ནས་སྤེལ་བ། གྲོང་ཁྱེར་སློབ་གསོ་ཅུའུ་ཡིས་སློབ་མ་འབྲིང་ཆུང་གིས་ལུས་རྩལ་སྦྱོང་བརྡལ་དང་ཤེས་རྩལ་འགྲེམ་སྟོན་བྱ་འགུལ་ཐེངས2རྩ་འཛུགས་བྱས་ནས་སྤེལ་བ།
དུས་ཚོད། ཟླ2པའི་ཚེས15ཉིན་ནས་ཚེས18ཉིན་བར། (རྒྱ་ལོ་ཚེས་གཉིས་ནས་ཚེས་ལྔ་ཉིན་བར)
དཔྱིད་བསུ།
《བསྐལ་བཟང་སྤྲོ་གླུ》ཞེས་པའི་གྲོང་ཁྱེར་ཡོངས་ཀྱི་ཕུལ་བྱུང་རྒྱ་འཆམ་སྐོར་སྐྱོད་འཁྲབ་སྟོན།
དུས་ཚོད། ཟླ2པའི་ཚེས25ཉིན (རྒྱ་ལོ་ཚེས་བཅུ་གཉིས་ཉིན)སྔ་དྲོ་དུས་ཚོད10དང་སྐར་མ40སྟེང་།
ས་གནས། ལྟེ་གནས་ཐང་ཆེན་དང་འབྲི་ཆུ་ལམ། ནུབ་སྒོ་ཁ་ནས་ཕུལ་བྱུང་རྒྱ་འཆམ་སྐོར་སྐྱོད་འཁྲབ་སྟོན་དང་སྒོ་འབྱེད་དར་ཚོན་གཅོད་པའི་མཛད་སྒོ་སྤེལ་བ།
ལམ་ཐིག ནུབ་སྒོ་ཁ་ནས་བཞི་མདོ་ཆེན་པོ་དེ་ནས་ཧོང་ཀོང་།
གཙོ་སྒྲུབ་སྡེ་ཚན། ཟི་ལིང་གྲོང་ཁྱེར་མང་ཚོགས་རིག་རྩལ་ཨུ་ཡོན་ལྷན་ཁང་།
འགན་སྒྲུབ་སྡེ་ཚན། ཟི་ལིང་གྲོང་ཁྱེར་རིག་གནས་རྒྱང་བསྒྲགས་ཅུའུ་དང་གྲོང་ཁྱེར་སྤྱི་བདེ་ཅུའུ། ཆུའུ་དང་རྫོང་སོ་སོའི་མི་དམངས་སྲིད་གཞུང་།
ཆུའུ་བཞི་ཡི་ཕུལ་བྱུང་རྒྱ་འཆམ་འཁྲབ་སྟོན་འགྲན་བསྡུར།
མཁར་ཤར་དང་མཁར་དཀྱིལ། མཁར་ནུབ། མཁར་བྱང་བཅས་ཆུའུ་བཞི་ཡིས་ཐ་དད་དུ་མཁར་ཤར་ཆུའུ་སྲིད་གཞུང་གི་སྒོ་མདུན་དང་མཁར་ལྷོ་ཐང་ཆེན། ཞིན་ཉིན་ཐང་ཆེན། སྐྱེ་དངོས་ར་བའི་ཐང་ཆེན་བཅས་སུ་ཕུལ་བྱུང་རྒྱ་འཆམ་འཁྲབ་ཐེངས4བྱས་ནས་འགྲན་བསྡུར་བྱེད་རྒྱུ་རེད།
འགན་སྒྲུབ་སྡེ་ཚན། མཁར་ཤར་ཆུའུ་དང་མཁར་དཀྱིལ་ཆུའུ། མཁར་ནུབ་ཆུའུ། མཁར་བྱང་ཆུའུ་བཅས་ཀྱི་སྲིད་གཞུང་། |