མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་གིས་ཚེས་བཅོ་བརྒྱད་ཉིན་གྱི་དུས་ཚོད་བཅོ་བརྒྱད་ཐོག་བསྒྲགས་པའི་གནམ་གཤིས་སྔོན་བརྡ་ལྟར་ན། ཞིན་ཅང་གི་གྲང་ངར་ཆེ་བའི་ནམ་ཟླས་རང་ཞིང་ལ་ཤུགས་རྐྱེན་ཐེབས་འོག ཚེས་བཅུ་དགུའི་ཉིན་ནས་ཚེས་ཉི་ཤུ་ཉིན་གྱི་དགོང་མོའི་བར་ཞིང་ཆེན་ཡོངས་ལ་རླུང་གཡུགས་པ་དང་ཁངས་བབས་ནས་དྲོད་གྲངས་ཇེ་དམའ་རུ་འགྲོ་རྒྱུ་རེད། དེའི་ནང་མཚོ་ནུབ་དང་མཚོ་ལྷོ། མཚོ་སྔོན་པོ། སྨུག་པ་ལ་སྒང་། ཡུས་ཧྲུལ་ཡི་བྱང་ཕྱོགས་བཅས་ལ་ཚད་རིམ་བདུན་ནས་བརྒྱད་བར་གྱི་ནུབ་རླུང་གཡུགས་པ་དང་ཟི་ལིང་དང་མཚོ་ཤར་གྱི་ཆུ་མ་ས་ཁུལ་ལ་ཚད་རིམ་བཞི་ནས་ལྔ་བར་གྱི་ཤར་ལྷོའི་རླུང་གཡུགས་རྒྱུ་རེད། དེའི་སྐབས་སུ་རང་ཞིང་གི་བྱང་ཕྱོགས་ས་ཁུལ་གྱི་ཉིན་རེའི་ཆ་སྙོམས་དྲོད་གྲངས་ཏུའུ་བཞི་ནས་དྲུག་བར་དུ་ཇེ་འཁྱགས་སུ་འགྲོ་རྒྱུ་རེད། ཚེས་བཅུ་དགུ་ནས་ཚེས་ཉི་ཤུའི་ཉིན་བར་རང་ཞིང་གི་བྱང་ཕྱོགས་ས་ཁུལ་གྱི་ཉིན་རེའི་ཆ་སྙོམས་ཀྱི་ཆེས་མཐོ་བའི་དྲོད་གྲངས་ཏུའུ་བཅུ་ནས་ཏུའུ་བཅུ་བཞིའི་བར་ཇེ་དམའ་རུ་འགྲོ་བ་དང་ས་ཁུལ་ཁ་ཤས་སུ་ཏུའུ་བཅུ་བཞིའི་བར་དུ་ཇེ་དམའ་རུ་འགྲོ་རྒྱུ་རེད། ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་ཟི་ལིང་དང་མཚོ་ཤར་ས་ཁུལ་གྱི་ཆེས་དམའ་བའི་དྲོད་གྲངས་གོར་ཐིག་མན་གྱི་ཏུའུ་བཅོ་བརྒྱད་གཡས་གཡོན་དང་། མཚོ་ནུབ་ཀྱི་ཤར་ཕྱོགས་དང་མཚོ་བྱང་། ཟི་ལིང་། མཚོ་ལྷོའི་ལྷོ་ཕྱོགས། རྨ་ལྷོ། ཡུས་ཧྲུལ་ཡི་བྱང་ཕྱོགས། མགོ་ལོག་གི་བྱང་ཕྱོགས་བཅས་ལ་ཁངས་ཆུང་ཆུང་ནས་ཁངས་ཟམ་མེ་ཟིམ་མེ་འབབ་རྒྱུ་རེད། དེ་བས་རྒྱ་ཆེའི་རོང་འབྲོག་མང་ཚོགས་རྣམས་ཀྱིས་སྔ་མོ་ནས་ཁངས་རླུང་དང་ནམ་ཟླ་འཁྱགས་པས་རང་ཉིད་ཀྱི་ཐོན་སྐྱེད་དང་འཚོ་བར་གནོད་པ་བཟོ་བར་སྔོན་འགོག་བྱེད་དགོས།
ལོ་ཙཱ་བ། བསོད་ནམས་ལྷ་མོ། |