ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ། ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།
《རྒྱལ་སྲིད་སྤྱི་ཁྱབ་ཁང་གི<རྒྱལ་ཡོངས་ཀྱི་ལོ་གསར་དུས་ཆེན་དང་དྲན་གསོའི་ཉིན་གུང་གསེང་གཏོང་བའི་བྱ་ཐབས>བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན》གཞིར་བཟུང་སྟེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དུས་ཆེན་ནམ་གནང་བ་གཏོང་སྐབས་ཀྱི་གནས་སྐོར་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཐོན་སྐྱེད་བདག་གཉེར་སོགས་འབྲེལ་ཡོད་བྱ་བར་སྔ་མོ་ནས་བཀོད་སྒྲིག་འོས་འཚམ་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆོག་མཆན་བཀོད་པ་བརྒྱུད་དེ།
2010ལོའི་ལོ་གསར་དང་ལུགས་རྙིང་ལོ་གསར། བཞི་བའི་ཚེས་ལྔའི་དུས་ཆེན། ངལ་རྩོལ་དུས་ཆེན། ལྔ་བའི་དབྱར་སྟོན། བརྒྱད་པའི་བཅོ་ལྔ། རྒྱལ་སྟོན་དུས་ཆེན་བཅས་ཀྱི་གུང་གསེང་གཏོང་བའི་ངལ་གསོའི་ཉིན་བྱེ་བྲག་གིས་བཀོད་སྒྲིག་བྱས་པའི་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།
གཅིག ལོ་གསར། ཟླ1པའི་ཚེས1ནས་ཚེས3གྱི་བར་གུང་གསེང་ངལ་གསོ་ཉིན་ཡིན། བསྡོམས་པས་ཉིན3ཡོད།
གཉིས། ལུགས་རྙིང་ལོ་གསར། ཟླ2པའི་ཚེས13ནས་ཚེས19ཡི་བར་གུང་གསེང་ངལ་གསོ་ཉིན་ཡིན། བསྡོམས་པས་ཉིན7ཡོད་དེ། ཟླ2པའི་ཚེས20ཉིན(གཟའ་སྤེན་པ)དང་ཟླ2པའི་ཚེས21ཉིན(གཟའ་ཉི་མ)གཉིས་ལས་གྲྭ་ཚུགས་དགོས།
གསུམ། བཞི་བའི་ཚེས་ལྔའི་དུས་ཆེན། ཟླ4བའི་ཚེས3ནས་ཚེས5ཡི་བར་གུང་གསེང་ངལ་གསོ་ཉིན་ཡིན། བསྡོམས་པས་ཉིན3ཡོད།
བཞི། ངལ་རྩོལ་དུས་ཆེན། ཟླ5བའི་ཚེས1ནས་ཚེས3གྱི་བར་གུང་གསེང་ངལ་གསོ་ཉིན་ཡིན། བསྡོམས་པས་ཉིན3ཡོད།
ལྔ། ལྔ་བའི་དབྱར་སྟོན་དུས་ཆེན། ཟླ6བའི་ཚེས14ནས་ཚེས16གི་བར་གུང་གསེང་ངལ་གསོ་ཉིན་ཡིན། བསྡོམས་པས་ཉིན3ཡོད་དེ། ཟླ6པའི་ཚེས12ཉིན(གཟའ་སྤེན་པ)དང་ཟླ6པའི་ཚེས13ཉིན(གཟའ་ཉི་མ)གཉིས་ལས་གྲྭ་ཚུགས་དགོས།
དྲུག བརྒྱད་པའི་བཅོ་ལྔའི་དུས་ཆེན། ཟླ9བའི་ཚེས22ནས་ཚེས24ཡི་བར་གུང་གསེང་ངལ་གསོ་ཉིན་ཡིན། བསྡོམས་པས་ཉིན3ཡོད་དེ། ཟླ9པའི་ཚེས19ཉིན(གཟའ་ཉི་མ)དང་ཟླ9པའི་ཚེས25ཉིན(གཟའ་སྤེན་པ)གཉིས་ལས་གྲྭ་ཚུགས་དགོས།
བདུན། རྒྱལ་སྟོན་དུས་ཆེན། ཟླ10བའི་ཚེས1ནས་ཚེས7ཀྱི་བར་གུང་གསེང་ངལ་གསོ་ཉིན་ཡིན། བསྡོམས་པས་ཉིན7ཡོད་དེ། ཟླ9པའི་ཚེས26ཉིན(གཟའ་ཉི་མ)དང་ཟླ10བའི་ཚེས9ཉིན(གཟའ་སྤེན་པ)གཉིས་ལས་གྲྭ་ཚུགས་དགོས།
དུས་ཆེན་ནམ་ངལ་གསོའི་སྐབས་སུ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལས་རེས་དང་ཉེན་འགོག སྲུང་སྐྱོབ་བཅས་ཀྱི་བྱ་བ་བཀོད་སྒྲིག་འོས་འཚམ་བྱེད་དགོས་པ་དང། གལ་སྲིད་གློ་བུར་དུ་དོན་རྐྱེན་ཚབས་ཆེན་བྱུང་ཚེ། གཏན་ཁེལ་བྱས་པ་ལྟར་གནས་ཚུལ་མགྱོགས་མྱུར་སྒོས་གོང་རིམ་དུ་ཞུ་དགོས་པ་མ་ཟད་ཐག་གཅོད་འོས་འཚམ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་ཞིང་བར་ཆད་མེད་པའི་དུས་ཆེན་སྐྱིད་པོ་ཞིག་རོལ་ཐུབ་པར་ཁག་ཐེག་བྱེད་དགོས་སོ།།
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་ནས།
2009ལོའི་ཟླ12པའི་ཚེས7ཉིན། |