དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
རང་ཞིང་ལ་མི་འགྱང་བར་ཁ་བ་བུ་ཡུག་གི་ནམ་ཟླ་འབྱུང་རྒྱུ་
ཡིན་ལ་ཉིན་རེའི་ཆ་སྙོམས་དྲོད་གྲངས་ཏུའུ་བཞི་ནས་
དྲུག་བར་དུ་ཇེ་འཁྱག་ལ་འགྲོ་རྒྱུ་ཡིན་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ1པའི་ཚེས18ཉིན།    

   ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་གིས་སྔོན་བརྡ་བཏང་བ་ལྟར་ན།  ཚེས་བཅུ་དགུའི་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཞིན་ཅང་གི་གྲང་རླུང་རང་ཞིང་ལ་གཡུག་རྒྱུ་ཡིན་པས། རང་ཞིང་ལ་རླུང་ཆེན་གཡུག་ནས་ཁངས་འབབ་པའི་ནམ་ཟླ་འབྱུང་རྒྱུ་ཡིན་ལ་དེའི་སྐབས་སུ་རང་ཞིང་གི་བྱང་ཕྱོགས་ས་ཁུལ་གྱི་ཉིན་རེའི་དྲོད་གྲངས་ཆ་སྙོམ་སྒོས་ཏུའུ་བཞི་ནས་དྲུག་བར་དུ་ཇེ་འཁྱག་ལ་འགྲོ་རྒྱུ་རེད།

   ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོ་ནས་ཚེས་བཅུ་དགུའི་ཉིན་བར་དུ་ཆི་ལེན་རི་རྒྱུད་དུ་ཁངས་ཟམ་མེ་ཟིམ་མེ་འབབ་རྒྱུ་ཡིན་པ་དང་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་མཐིང་པ་དང་མཚམས་མཚམས་ལ་སྤྲིན་མང་རྒྱུ་རེད།  སྨུག་པ་ལ་སྒང་གི་རི་རྒྱུད་དང་མཚོ་ནུབ།  མཚོ་བྱང་།  མཚོ་སྔོན་པོ་བཅས་ལ་ཚད་རིམ་ལྔ་ནས་དྲུག་བར་གྱི་ནུབ་རླུང་གཡུག་རྒྱུ་ཡིན་པ་དང་ཟི་ལིང་དང་མཚོ་ཤར་ས་ཁུལ་ལ་ཚད་རིམ་བཞི་ནས་ལྔ་བར་གྱི་ཤར་ལྷོའི་རླུང་གཡུག་རྒྱུ་རེད།

   ཚེས་བཅུ་དགུའི་དགོང་མོ་ནས་ཚེས་ཉི་ཤུའི་ཉིན་བར་ཡུས་ཧྲུའུ་ཡི་བྱང་ཕྱོགས་དང་མགོ་ལོག་གི་བྱང་ཕྱོགས།  མཚོ་བྱང་གི་ཤར་ཕྱོགས།  ཟི་ལིང་།  མཚོ་ཤར།  མཚོ་ལྷོའི་ལྷོ་ཕྱོགས།  རྨ་ལྷོའི་ལྷོ་ཕྱོགས་བཅས་ལ་ཁངས་ཟམ་མེ་ཟིམ་མེ་འབབ་རྒྱུ་དང་།   སྨུག་པ་ལ་སྒང་དང་མཚོ་ནུབ།  མཚོ་བྱང་།  མཚོ་སྔོན་པོ།  མཚོ་ཤར་བཅས་ལ་ཚད་རིམ་བཞི་ནས་ལྔ་བར་གྱི་ཤར་ལྷོའི་རླུང་གཡུག་པ་དང་།  རང་ཞིང་གི་ཉིན་རེའི་ཆ་སྙོམས་དྲོད་གྲངས་ཏུའུ་བཞི་ནས་དྲུག་བར་དུ་ཇེ་འཁྱག་ལ་འགྲོ་རྒྱུ་རེད། 

   ཚེས་ཉི་ཤུའི་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཡུས་ཧྲུའུ་ཡི་བྱང་ཕྱོགས་དང་མགོ་ལོག་གི་བྱང་ཕྱོགས།  མཚོ་བྱང་གི་ཤར་ཕྱོགས།  ཟི་ལིང་།  མཚོ་ཤར།  མཚོ་ལྷོའི་ལྷོ་ཕྱོགས།  རྨ་ལྷོ་བཅས་ལ་ཁངས་ཆུང་ཆུང་འབབ་པ་དང་མཚོ་ནུབ་དང་མཚོ་བྱང་།  མཚོ་སྔོན་པོ་བཅས་ལ་ཚད་རིམ་དྲུག་ནས་བདུན་བར་གྱི་ནུབ་རླུང་གཡུག་པ་དང་།  མཚོ་ཤར་ས་ཁུལ་ལ་ཚད་རིམ་བཞི་ནས་ལྔ་བར་གྱི་ཤར་ལྷོའི་རླུང་གཡུག་རྒྱུ་རེད། 

ལོ་ཙཱ་བ།  བསོད་ནམས་ལྷ་མོ།

  འབྲེལ་ཡོད་དྲ་སྦྲེལ།
དྲག་ཆར་གྱི་ཉེན་བརྡ།[07-21]
མ་འོངས་པའི་ཉིན་ལྔའི་ཡུས་ཧྲུའུ་གནོད་ཐེབས་[07-03]
མ་འོངས་པའི་ཉིན་ལྔའི་ཡུས་ཧྲུའུ་གནོད་ཐེབས་[06-30]
ཡུས་ཧྲུའུ་ས་ཁུལ་གྱི་མ་འོངས་པའི་ཉིན་[06-13]
ཟླ་དྲུག་པའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར་ཞིང་[05-24]
ཚེས་ཉེར་དྲུག་ཉིན་ཡུས་ཧྲུའུ་ཡི་ནམ་ཟླ་ཇེ་བཟང་ལ་འགྲོ་མགོ་[04-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)