དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
རང་ཞིང་གི་མཐོ་རིམ་སློབ་གྲྭས2010ལོའི་སྒྱུ་རྩལ་
ཆེད་ལས་ཀྱི་སློབ་མ་བསྡུ་མགོ་བརྩམས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ1པའི་ཚེས10ཉིན།    

    ཉེ་སྔོན་རང་ཞིང་གི2010ལོའི་མཐོ་རིམ་སློབ་གྲྭས་སྒྱུ་རྩལ་ཆེད་ལས་ཀྱི་སློབ་མ་བསྡུ་བའི་འབྲེལ་ཡོད་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས།

    སྒྱུ་རྩལ་ཆེད་ལས་ལ་རྒྱུགས་སྤྲོད་པའི་རྒྱུགས་གཞིར་ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་གཞི་དང་སློབ་སྡུད་སློབ་གྲྭས་རྩ་འཛུགས་བྱས་པའི་རྒྱུགས་གཞི་གཉིས་ཡོད་ལ། གལ་ཏེ་ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་གཞི་ལས་སློབ་མ་བསྡུ་བའི་སློབ་གྲྭ་ཞིག་ཡིན་ཚེ།    རྒྱུགས་སྤྲོད་སློབ་མས་ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་གཞིའི་ཚད་ལོན་དཔང་རྟགས་བླངས་རྗེས་ད་གཟོད་སློབ་གྲྭའི་རྒྱུགས་གཞིར་ཞུགས་ཆོག   ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་གཞིར་ཞུགས་པའི་མིང་ཐོ་འགོད་པའི་དུས་ཚོད་ནི2010ལོའི་ཟླ་དང་པོའི་ཚེས15ནས་ཚེས17བར་ཡིན་ལ།   མིང་ཐོ་འགོད་པའི་ས་གནས་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔྱོད་ཁང་རེད།   མིང་ཐོ་འགོད་སྐབས་རང་གི་ཐོབ་ཐང་ལག་ཁྱེར་དང་རང་གི་ཁྱིམ་ཐོ་ཡོད་སའི་ས་གནས་ཀྱི་སློབ་སྡུད་གཞུང་ལས་ཁང་ནས་བླངས་པའི2010ལོའི་མཐོ་རིམ་སློབ་གྲྭར་རྒྱུགས་སྤྲོད་པའི་མིང་འགོད་ཨང་རྟགས་ཁྱེར་དགོས་པར་མ་ཟད།   རང་ཉིད་དངོས་སུ་མིང་ཐོ་འགོད་སར་སོང་ནས་པར་ལེན་དགོས་པ་ལས་གཞན་གྱིས་ཚབ་བྱེད་མི་ཆོག   ཐེངས་འདིའི་སྒྱུ་རྩལ་ཆེད་ལས་ལ་རི་མོ་དང་རོལ་དབྱངས།  ཞབས་བྲོ།    མི་རིགས་བཟོ་རྩལ་སོགས་ཡོད་ལ།   ལྷག་པར་དུ་ཐང་གའི་བཟོ་རྩལ་གྱི་སློབ་མའང་བསྡུ་རྒྱུ་རེད།  

རྩོམ་སྒྲིག་པ།     བཀྲ་ཤིས་འབུམ།

  འབྲེལ་ཡོད་དྲ་སྦྲེལ།
དྲག་ཆར་གྱི་ཉེན་བརྡ།[07-21]
མ་འོངས་པའི་ཉིན་ལྔའི་ཡུས་ཧྲུའུ་གནོད་ཐེབས་[07-03]
མ་འོངས་པའི་ཉིན་ལྔའི་ཡུས་ཧྲུའུ་གནོད་ཐེབས་[06-30]
ཡུས་ཧྲུའུ་ས་ཁུལ་གྱི་མ་འོངས་པའི་ཉིན་[06-13]
ཟླ་དྲུག་པའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར་ཞིང་[05-24]
ཚེས་ཉེར་དྲུག་ཉིན་ཡུས་ཧྲུའུ་ཡི་ནམ་ཟླ་ཇེ་བཟང་ལ་འགྲོ་མགོ་[04-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)