ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་གསར་བ་བཏང་བ་ལྟར་ན། ཚེས27ཉིན་ནས་བཟུང་ཇེ་འཁྱགས་སུ་འགྲོ་བ་དང་ཁངས་འབབ་པའི་གནམ་གཤིས་འོང་ཞིང་། དེའི་ནང་དུ་ཟི་ལིང་དང་ཡུས་ཧྲུལ། མགོ་ལོག་སོགས་ས་ཁུལ་དུ་ཁངས་ཆུང་ཆུང་འབབ་པ་དང་། ཆེས་མཐོའི་དྲོད་ཚད་ཏོའུ3མ་གཏོགས་མེད་ལ་ཆེས་དམའི་དྲོད་ཚད་གོར་ཐུག་མན་གྱི་ཏོའུ12ཡིན། ཚེས28ཉིན་མཚོ་ནུབ་སོགས་ས་ཁུལ་དུ་ཚད་རིམ6ནས7བར་གྱི་རླུང་གཡུག་རྒྱུ་རེད། ཟི་ལིང་ས་ཁུལ་དུ་ཁངས་ཆུང་ཆུང་ནས་གནམ་རུབ་པར་འགྱུར་རྒྱུ་རེད། དྲོད་ཚད་ཆེས་མཐོ་ན་ཏོའུ4ཡིན་ལ་ཆེས་དམའི་དྲོད་ཚད་ཏོའུ14ཡིན་པ་རེད། ཚེས29ཉིན་དུ་འཁྱགས་རླུང་རང་ཞིང་དང་བྲལ་མོད་རླུང་གཡུག་པ་དང་ཇེ་འཁྱགས་སུ་སོང་བ། ཁངས་བབས་པ་བཅས་ཀྱི་རྐྱེན་གྱིས་ཟི་ལིང་གི་དྲོད་ཚད་ད་དུང་དམའ་བ་རེད།
ཆེད་མཁས་པས་བསྟན་ན། དགུན་ཁར་གནམ་གཤིས་མངོན་གསལ་དུ་ཇེ་འཁྱགས་སུ་འགྲོ་བས་སྔ་དགུང་གི་དྲོད་འཁྱགས་ཁྱད་པར་ཆེ། གནམ་གཤིས་འཁྱགས་ན་ནད་དུག་ལ་ཕན་ཞིང་མིའི་འགོག་ཤུགས་ཇེ་དམའ་རུ་འགྲོ་བས་མི་ཚང་མས་དྲོད་འཛིན་བྱེད་པ་དང་ལུས་སྦྱོང་བྱེད་པར་མཉམ་འཇོག་དགོས། |