དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
“ སྲོལ་བཟང་སྤེལ་ཞིང་འཆམ་མཐུན་སྐུལ ” ཅེས་པའི་རྒྱལ་
ཡོངས་ཀྱི་སྲིད་གཙང་སྤྱི་ཕན་བརྡ་ཁྱབ་ཕུལ་བྱུང་ཅན་
འགྲེམ་གཏོང་བྱེད་པའི་བྱ་འགུལ་བརྡ་སྦྱོར།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།    སྤེལ་དུས།:2009ལོའི་ཟླ6པའི་ཚེས13ཉིན།    

ཏང་གི་ཚོགས་ཆེན་སྐབས་བཅུ་བདུན་པའི་དགོངས་དོན་ལག་བསྟར་དངོས་འབེབས་གཏིང་ཟབ་དུ་བྱེད་པ་དང་སྲིད་གཙང་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་ཆེད། 2008ལོའི་ཟླ4བ་ནས་བཟུང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ། རྒྱལ་ཁབ་ཀྱི་བཟོ་ཚོང་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་རྩ་འཛུགས་བྱས་ཏེ།   སྲོལ་བཟང་སྤེལ་ཞིང་འཆམ་མཐུན་སྐུལཔའི་རྒྱལ་ཡོངས་ཀྱི་སྲིད་གཙང་སྤྱི་ཕན་བརྡ་ཁྱབ་གསར་རྩོམ་འགྲེམ་གཏོང་གི་དཔྱད་བསྡུར་འདེམས་བསྐོའི་བྱ་འགུལ་སྤེལ་བ་ཡིན། བྱ་འགུལ་སྤེལ་བའི་ལོ་གཅིག་ནང་དུ་བརྙན་འཕྲིན་དང་རྒྱང་བསྒྲགས། ངོས་མཉམ་རི་མོ། རབ་བཏགས་རི་མོ་བཅས་རིགས4ཡི་བརྩམས་ཆོས་བསྡོམས་པས1289བསྡུ་ལེན་བྱས་ཡོད།  ཆེད་མཁས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གིས་ཞིབ་དཔྱད་ནན་མོ་བྱས་ནས། བརྗོད་བྱ་འབུར་དུ་ཐོན་ཞིང་གསར་རྩོམ་གྱི་རྣམ་པ་གསར་བ། བཟོ་བཀོད་མཛེས་ཤིང་སྒྱུ་རྩལ་གྱི་རོ་སྙོམ་ལྡན་པའི་ཕུལ་དུ་བྱུང་བའི་སྲིད་གཙང་སྤྱི་ཕན་བརྡ་ཁྱབ་སྐོར་ཅིག་བྱུང་ཡོད།  སྲིད་གཙང་སྤྱི་ཕན་བརྡ་ཁྱབ་ཕུལ་བྱུང་ཅན་འདི་དག་གིས་སྲིད་གཙང་རིག་གནས་སྒྲོག་སྤེལ་དང་རུལ་རྒོལ་གཙང་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད། སྤྱི་ཚོགས་འཆམ་མཐུན་ཡོང་བར་ཡར་སྐུལ་བཅས་ཀྱི་ཕྱོགས་ལ་གལ་ཆེའི་ནུས་པ་གང་ལེགས་འདོན་ཆེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། བཟོ་ཚོང་སྤྱི་ཁྱབ་ཅུའུ། རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་བཅས་ཀྱི་མགོ་ཁྲིད་པས་འཐད་པ་བྱུང་བ་བརྒྱུད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་སློབ་གསོ་ཁང་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ། དྲིལ་བསྒྲགས་སློབ་གསོ་ཅུའུ། བཟོ་ཚོང་སྤྱི་ཁྱབ་ཅུའུ། ཁྱབ་བསྒྲགས་ལྟ་སྐུལ་དོ་དམ་ཟི།  རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། སྨྱན་བྱད་ཁྱབ་འགྲེམས་ལས་ཁུངས་དོ་དམ་ཟི། གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་གི་གསར་འགྱུར་ཚགས་པར་དུས་དེབ་ཟི་བཅས་ཀྱིས་མཉམ་འབྲེལ་རྩ་འཛུགས་བྱས་ནས་སྲོལ་བཟང་སྤེལ་ཞིང་འཆམ་མཐུན་སྐུལ་སྤེལཅེས་པའི་རྒྱལ་ཡོངས་ཀྱི་སྲིད་གཙང་སྤྱི་ཕན་བརྡ་ཁྱབ་ཕུལ་བྱུང་ཅན་འགྲེམ་གཏོང་བྱེད་པའི་བྱ་འགུལ་སྤེལ་བ་རེད།  གཅིག་བསྡུས་ཀྱིས་འགྲེམས་གཏོང་བྱས་པའི་དགའ་རྟགས་ཐོབ་པའི་བརྩམས་ཆོས་45ཁྲོད། དེར་བརྙན་འཕྲིན་གྱི་རིགས16དང་རྒྱང་བསྒྲགས་ཀྱི་རིགས17། ངོས་མཉམ་རི་མོའི་རིགསརབ་བཏགས་རི་མོ་འདུས12བཅས་གདམ་གསེས་བྱས་བྱུང་། 2009ལོའི་ཟླ4བའི་ཚེས28ཉིན་ནས་བཟུང་།  བརྩམས་ཆོས་འདི་དག་མི་དམངས་ཉིན་རེའི་ཚགས་པར་དང་འོད་ཟེར་ཉིན་རེའི་ཚགས་པར་། དཔལ་འབྱོར་ཚགས་པར། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས།  ཀྲུང་དབྱང་བརྙན་འཕྲིན་ཁང་། ཞིན་ཧྭ་ཉིན་རེའི་གློག་འཕྲིན། ཀྲུང་གོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚགས་པར་སོགས་ཀྲུང་དབྱང་གསར་འགྱུར་སྨྱན་བྱད་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པ་སོ་སོའི་ཏང་གི་ཚགས་པར་དང་ཏང་གི་ཚགས་པར་ཁང་གིས་སྒྲུབ་པའི་དགོང་མོའི་ཚགས་པར་དང་གྲོང་ཁྱེར་ཚགས་པར། ཞིང་ཆེན་རིམ་པ་སོ་སོའི་རླུང་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ཁང་སོགས་ཀྱི་སྟེང་ནས་འགྲེམ་གཏོང་བྱེད་རྒྱུ་ཡིན་ལ། དེ་དང་ཆབས་གཅིག་ཏུ་མི་དམངས་དྲ་བ་དང་ཞིན་ཧྭ་དྲ་བ། དེ་མིན་ལྟ་ཞིབ་པུའུ་ཡི་དྲ་ཚིགས་དང་རྒྱལ་ཁབ་ཀྱི་རུལ་སུངས་སྔོན་འགོག་ཅུའུ་ཡི་དྲ་ཚིགས་སྟེང་ནས་འགྲེམ་གཏོང་བྱེད་རྒྱུ་ཡིན།
    རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཁག  སློབ་གྲྭ  གྲོང་ཁུལ་བཅས་ཀྱིས་དྲིལ་བསྒྲགས་བྱེད་ཡུལ་དང་དྲ་རྒྱ་སོགས་བེད་སྤྱོད་གང་ལེགས་བྱས་ཏེ་དུས་ཡུན་རིང་པོར་འགྲེམ་གཏོང་བྱེད་དགོས། སྤྱི་སྤྱོད་རླངས་འཁོར་དང་ས་འོག་མེ་འཁོར། མེ་འཁོར། གནམ་གྲུ་སོགས་སྤྱི་སྤྱོད་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ཆས་དང་རླངས་འཁོར་གྱིས་སྐྱེལ་པའི་འགུལ་སྤྱོད་བརྙན་འཕྲིན། དེ་མིན་རླངས་འཁོར་ས་ཚིགས་དང་ས་འོག་ལྕགས་ལམ་ས་ཚིགས། གནམ་གྲུ་ཐང་། བཟོ་ལས་ཁྲོམ་སྲང་། གནས་སྐོར་ཡུལ་ལྗོངས་སོགས་ཀྱི་སྤྱིའི་འདུས་ཁུལ་དང་། བརྡ་ཁྱབ་བྱང་བུ། ཕྱིར་བཀལ་བརྙན་འཕྲིན། གྲོང་ཁྱེར་
བརྙན་འཕྲིན་དང་འགུལ་སྤྱོད་བརྙན་འཕྲིན་སྣ་ཚོགས་སོགས་ཀྱི་སྟེང་ནས་སྲིད་གཙང་སྤྱི་ཕན་བརྡ་ཁྱབ་ཕུལ་བྱུང་ཅན་འགྲེམ་གཏོང་བྱེད་དགོས། འགྲེམ་གཏོང་བྱེད་ཡུན་ད་ལོའི་ལོ་མཇུག་བར་དུ་ཡིན།
                                                        ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སློབ་གསོ་ཁང་།   

                                            ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུའུ།

རྒྱལ་ཁབ་ཀྱི་བཟོ་ཚོང་སྤྱི་ཁྱབ་ཅུའུ་བརྡ་ཁྱབ་ལྟ་སྐུལ་དོ་དམ་སི།
རྒྱལ་ཁབ་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་སྨྱན་བྱད་ཁྱབ་འགྲེམས་ལས་ཁུངས་དོ་དམ་སི།

གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་གསར་འགྱུར་ཚགས་པར་དུས་དེབ་སི། 

 2009ལོའི་ཟླ4བའི་ཚེས28ཉིན།

འདི་རུ་ནང་དུ་འཇུག་པར་ཞུ།།►

  འབྲེལ་ཡོད་དྲ་སྦྲེལ།
དྲག་ཆར་གྱི་ཉེན་བརྡ།[07-21]
མ་འོངས་པའི་ཉིན་ལྔའི་ཡུས་ཧྲུའུ་གནོད་ཐེབས་[07-03]
མ་འོངས་པའི་ཉིན་ལྔའི་ཡུས་ཧྲུའུ་གནོད་ཐེབས་[06-30]
ཡུས་ཧྲུའུ་ས་ཁུལ་གྱི་མ་འོངས་པའི་ཉིན་[06-13]
ཟླ་དྲུག་པའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར་ཞིང་[05-24]
ཚེས་ཉེར་དྲུག་ཉིན་ཡུས་ཧྲུའུ་ཡི་ནམ་ཟླ་ཇེ་བཟང་ལ་འགྲོ་མགོ་[04-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)