ཟླ7པའི་ཚེས20བར་དུ། མགོ་ལོག་ཁུལ་གྱི2010ལོའི་ཡུག་སྦྲེལ་གསར་སྤེལ་བྱེད་པའི་ཕྱོགས་བསྡུས་དབུལ་སྐྱོར་ཚོད་གནས་ལས་ཁག་དེ་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་ཞིབ་བཤེར་རིགས་སྒྲུབ་ཀྱིས་ངེས་ལེན་བྱས་ཤིང་། རྫོང་དྲུག་པོས་ལས་ཁག་གི་སྔོན་གྱི་གྲ་སྒྲིག་བྱ་བ་འགྲུབ་ཡོད་ལ། དེས་རང་ཁུལ་གྱི་ཡུག་སྦྲེལ་གསར་སྤེལ་གྱི་ཕྱོགས་བསྡུས་དབུལ་སྐྱོར་ལག་བསྟར་བྱ་བ་ཁྱོན་ཡོངས་ནས་མགོ་བརྩམ་པ་མཚོན་ཡོད།
2010ལོའི་ཡུག་སྦྲེལ་གསར་སྤེལ་བྱེད་པའི་ཕྱོགས་བསྡུས་དབུལ་སྐྱོར་ཚོད་གནས་ལས་ཁག་དེ་རྫོང་དྲུག་གི་ཡུལ་ཚོ་གྲོང་རྡལ8དང་སྡེ་བ14ལ་ཁྱབ་ཡོད་ཅིང་། མིག་སྔར། རྫོང་སོ་སོའི་ལས་ཁག་འཛུགས་བསྐྲུན་གྱི་བྱ་བ་སྣ་ཚོགས་ལས་འགོ་ཚུགས་པའི་སྒང་ཡིན།
ཁུལ་དབུལ་སྐྱོར་གཞུས་ལས་ཁང་གིས་འདོན་སྤྲོད་བྱས།
ཡིག་བསྒྱུར་པ། འབྲུག་བྱམས་རྒྱལ། འགྱུར་ཞུས་པ། མཚོ་སྐྱེས་རྡོ་རྗེ། |