ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་སློབ་མའི་མཉམ་འབྲེལ་ལྷན་ཚོགས་བཅས་དང་མཉམ་འབྲེལ་བྱས་ཏེ། ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ཞབས་ཕྱི་སྒྲུབ་པ་དང་ཁྱིམ་གཞིས་གསར་བ་འཛུགས་སྐྲུན་བྱེད་པ་ཞེས་པའི2010ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་སློབ་མའི་དབྱར་གནང་སྐབས་ཀྱི་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ་པའི་མཛད་སྒོ་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མུའུ་ཏུང་ཧྲིན་དང་ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་གཉིས་བྱ་འགུལ་སྤེལ་བའི་མཛད་སྒོར་ཞུགས་པར་མ་ཟད་ཞབས་ཞུ་ཚོགས་པར་དར་ཆ་བྱིན།
ཀའོ་ཡུན་ལུང་གིས་བྱ་འགུལ་སྤེལ་བའི་མཛད་སྒོའི་སྟེང་གཏམ་བཤད། ཁོས་བཤད་རྒྱུར། སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ་བ་ནི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་སློབ་མར་བསམ་བློའི་ཆབ་སྲིད་སློབ་གསོ་གཏོང་བའི་ཕན་ཡོད་བྱེད་ཐབས་ཤིག་ཡིན་ལ། བརྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཀྱང་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དེར་ཧ་ཅང་མཐོང་ཆེན་བྱེད་པ་དང་སྐུལ་འདེད་གཏོང་དགོས་པར་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་ཀྱང་དེར་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་ཟེར། ཀའོ་ཡུན་ལུང་གིས་ལས་ཁུངས་སོ་སོ་དང་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་སློབ་གྲྭ་ཆེན་མོ་བའི་སྤྱི་ཚོགས་ལག་ལེན་བྱ་འགུལ་ལ་གཞུང་ལུགས་ཐད་ནས་མཛུབ་སྟོན་བྱེད་དགོས་ལ། རང་འགུལ་གྱིས་གནས་ཚུལ་གསར་བར་ཞིབ་འཇུག་བྱེད་པ་དང་། རྣམ་པ་གསར་བ་འཚོལ་ཞིབ་བྱེད་པ། བྱེད་ཐབས་གསར་བ་གཏན་འཁེལ་བྱེད་དགོས་པར་མ་ཟད། རྩ་འཛུགས་དང་ལམ་ལུགས་ཕྱོགས་ནས་དེར་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། གནད་དོན་དང་དཀའ་ཁག་དངོས་ཐག་གཅོད་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།
ལོ་ཙཱ་བ། ཞའོ་ཡན། |