དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
རང་ཞིང་ས་གནས་ཁག་གི་རྨོ་འདེབས་གྲ་སྒྲིག་དང་དཔྱིད་འདེབས་
ཐོན་སྐྱེད་དེ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས19ཉིན།    

    རང་ཞིང་ས་གནས་ཁག་གི་རྨོ་འདེབས་གྲ་སྒྲིག་དང་དཔྱིད་འདེབས་ཐོན་སྐྱེད་དེ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད།
   ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས། ཉེ་ལམ། ཧོང་ཀྲུང་རྫོང་སྟོད་པ་གྲོང་བརྡལ་གྱི་ཞིང་བས་རྨོ་འདེབས་གྲ་སྒྲིག་དང་དཔྱིད་འདེབས་ཐོན་སྐྱེད་དམ་འཛིན་བྱེད་ཀྱིན་ཡོད།  ད་ལོར་གྲོང་བརྡལ་དེ་གྲོ་མུའུ་ཁྲི་གཅིག་དང་སྟོང་གཅིག་བརྒྱད་བརྒྱ་དང་། སྲན་མ་མུའུ་ཁྲི་གཅིག་དང་སྟོང་བཞི་ལྷག  ཞོག་ཁོག་མུའུ་སྟོང་བདུན་དང་བརྒྱད་བརྒྱ།  ལོག་དཀར་མུའུ་ཁྲི་གཉིས་དང་སྟོང་ལྔ།  སྔོ་ཚོད་རིགས་སྣ་ཚོགས་མུའུ་ཁྲི་གཅིག་དང་སྟོང་གཉིས་བཅས་འདེབས་རྒྱུ་རེད།  ཞིང་བ་མང་ཚོགས་ལ་སྟབས་བདེ་བཟོ་ཆེད།  སྟོད་པ་གྲོང་བརྡལ་གྱི་ལུད་རྫས་མཁོ་འདོན་བྱེད་ས་བཞི་བཙུགས་པ་དང་། ལུད་རྫས་སྣ་ཚོགས་ཏུན་སྟོང་གཉིས་དང་སུམ་བརྒྱ་ནང་འདྲེན་བྱེད་པའི་འཆར་གཞི་བཀོད།  ད་ལྟ་ས་བོན་དང་ལུད་རྫས་མཁོ་འདོན་བྱེད་པའི་དགོས་མཁོ་ཕལ་ཆེར་སྐོར་ཐུབ་པ་དང་། ཞིང་བའི་ཁྱིམ་ཚང་གིས་ཀྱང་ཁྱིམ་ལུད་ཧྥང་འབུམ་གཅིག་དང་ཁྲི་བདུན་བསགས་ཡོད།
    ད་ལོར།  མཚོ་ནུབ་ཁུལ་གྱིས་འདྲེ་འཚེར་མ་ས་མུའུ་འབུམ་གཅིག་དང་ཁྲི་བདུན་ལྷག་དང་།  ལྷད་མེད་སྔོ་ཚོད་ས་མུའུ་ཁྲི་གཅིག་དང་སྟོང་ལྔ་འདེབས་པའི་འཆར་གཞི་བཀོད།  ད་ལྟ་ན་གོར་མོ་གྲོང་ཁྱེར་གྱི་ཞང་དང་གྲོང་བརྡལ། སྡེ་བ་སོ་སོས་དཔྱིད་འདེབས་སྔོན་གྱི་ཞིང་ས་བདེ་སྙོམས་དང་ལུད་འཇོག་པ།  ཞིང་ལས་རྒྱུ་ཆ་ཉོ་བ།  ཞིང་ལས་འཕྲུལ་ཆས་ཞིག་གསོ་དང་ཆུ་རྐ་ཕྱུང་བ་སོགས་བྱེད་ཀྱིན་ཡོད་ལ། ལུད་རྫས་དང་ཞིང་སྨན། ཁྲེ་སྣུམ།  ས་བོན་སོགས་ཐོན་སྐྱེད་རྒྱུ་ཆའང་འདང་ཚིམ་པ་ཞིག་གྲ་སྒྲིག་བྱས་ཡོད།

ལོ་ཙཱ་བ། ཀླུ་འབུམ་བྱམས།

  འབྲེལ་ཡོད་དྲ་སྦྲེལ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལྟེ་གནས་ཚན་ཆུང་གིས་ཞིང་ཆེན་ཏང་ཨུའི་ཆེད་དོན་བགྲོ་གླེང་[07-26]
མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོ་བར་གྱི་ལམ་[07-26]
ཀྲུང་གོ་ས་གཤིས་སློབ་གྲྭ་ཆེན་མོའི་ན་གཞོན་དང་བླངས་པ་དབྱར་གནང་གི་སྐབས་[07-26]
ཐེ་ཝན་གྱི་མགོ་ཁྲིད་པའི་གནས་སྐོར་ཚོགས་པས་རང་ཞིང་གི་[07-26]
མགོ་ལོག་ཁུལ་གྱིས་གཙང་གསུམ་མགོ་ཁུངས་བཟོ་བཀོད་ལས་ཁག་[07-26]
མགོ་ལོག་ཁུལ་གྱིས་ཡུག་སྦྲེལ་གསར་སྤེལ་བྱེད་པའི་ཕྱོགས་བསྡུས་[07-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)