དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་
ཚོགས་ཆེན་ཐེངས་དྲུག་པ་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:http://zw.guoluo.gov.cn    སྤེལ་དུས།:2010ལོའི་ཟླ3པའི་ཚེས19ཉིན།    
  

       ཟླ3པའི་ཚེས18ཉིན་གྱི་སྔ་དྲོ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་ཚོགས་ཆེན་ཐེངས་དྲུག་པ་གཟབ་རྒྱས་ངང་འཚོགས། གྲོས་ཚོགས་ལ་འཐུས་མི225 ཞུགས་དགོས་ཤིང་། དེ་རིང་སྔ་དྲོར་ཚོགས་ཆེན་སྟེང་ཞུགས་མཁན་འཐུས་མི189ཡོད་པ་དང་། རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་འོས་འཚམ་ཡིན།

ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་འཚབ་མ་པདྨ་རྡོ་རྗེ་ཡིས་སྲིད་གཞུང་བྱ་བའི་སྙན་ཞུ་བསྒྲགས།

 ཁུལ་དམངས་ཆེན་རྒྱུན་ཨུའི་གཙོ་འགན་རྟ་མགྲིན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས།

         ཚོགས་འདུ་ལ་ཀྲུའུ་ཞི་ཚོགས་པའི་རྒྱུན་ཨུའི་ཀྲུའུ་ཞི། ཚོགས་ཆེན་ལག་བསྟར་ཀྲུའུ་ཞི་རྟ་མགྲིན་གྱིས་མགོ་འཛིན་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ཨུའི་ཀྲུའུ་ཞི་ལེན་ཡ་སུང་དང་རྣམ་རྒྱལ། གཅེས་མ། དགེ་རྩེ་ཕུན་ཚོགས། ཆུག་ཞིན་མེན། སྤུ་ལོ། བློ་ཐུབ། ཀྲང་ཡན་ལེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་ཤར་དུ་བཞུགས། ཚོགས་འདུའི་སྟེང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་འཚབ་མ་པདྨ་རྡོ་རྗེ་ཡིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཚོགས་པའི་འགན་གཞོན་དགེ་རྩེ་ཕུན་ཚོགས་ཀྱིས་གསལ་བཤད་གནང་བའིམགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་རྒྱུད་ནང་བསྟན་ལས་དོན་སྲོལ་ཡིགའཆར་ཟིནབཅས་སོ་སོར་ཉན།

 སྲིད་གཞུང་བྱ་བའི་སྙན་ཞུཁག་ལྔ་རུ་བགོས་ཡོད་དེ། གཅིག   2009ལོའི་བྱ་བའི་ཕྱིར་འདང་། གཉིས། 2010ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསམ་བློའི་མཛུབ་སྟོན་དང་འབད་བརྩོན་དམིགས་འབེན། གསུམ། ཧུར་ཐག་གིས་འཕེལ་རྒྱས་རྣམ་པ་བསྒྱུར་སྤོར་ལ་སྐུལ་འདེད་དང་། དཔལ་འབྱོར་ཅུང་མགྱོགས་པོའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་ཚད་ཀྱིས་སྒུལ་འདེད་བྱེད་རྒྱུ། བཞི། སྐྱེ་ཁམས་ཁུལ་འཛུགས་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། ལྗང་མདོག་འཕེལ་རྒྱས་སྒུལ་འདེད་ལ་ཤུགས་ཕུད་རྒྱུ།  ལྔ། དམངས་ཚིས་ལེགས་བསྒྱུར་ལ་འགན་སྲུང་ཡོད་པ་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་བྱེད་དགོས།

ཁུལ་ཐད་གཏོགས་ལས་ཁུངས་དང་ཞིང་ཆེན་ཁུལ་སྡོད་ལས་ཁུངས་ཀྱི་བློ་མཐུན་ཚོགས་འདུར་ཞུགས་པ།

  འབྲེལ་ཡོད་དྲ་སྦྲེལ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལྟེ་གནས་ཚན་ཆུང་གིས་ཞིང་ཆེན་ཏང་ཨུའི་ཆེད་དོན་བགྲོ་གླེང་[07-26]
མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོ་བར་གྱི་ལམ་[07-26]
ཀྲུང་གོ་ས་གཤིས་སློབ་གྲྭ་ཆེན་མོའི་ན་གཞོན་དང་བླངས་པ་དབྱར་གནང་གི་སྐབས་[07-26]
ཐེ་ཝན་གྱི་མགོ་ཁྲིད་པའི་གནས་སྐོར་ཚོགས་པས་རང་ཞིང་གི་[07-26]
མགོ་ལོག་ཁུལ་གྱིས་གཙང་གསུམ་མགོ་ཁུངས་བཟོ་བཀོད་ལས་ཁག་[07-26]
མགོ་ལོག་ཁུལ་གྱིས་ཡུག་སྦྲེལ་གསར་སྤེལ་བྱེད་པའི་ཕྱོགས་བསྡུས་[07-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)