ཟླ་གསུམ་པའི་ཚེས་གཉིས་ཉིན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྒྲོག་སྦྱོང་ཚན་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཕྱུག་ཞང་ནས་བཅའ་སྡོད་བྱས་པ་ནས་བཟུང༌། སྒྲོག་སྦྱོང་ཚན་ཆུང་གི་མི་སྣས་གྲང་ངར་ཆེ་ཞིང་དབྱང་དབུག་དཀོན་པ། འཚོ་བ་སྟབས་བདེ་མིན་པ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་ནས། གཞི་རིམ་གྱི་གཏན་སྡོད་བྱེད་ས་དང་ཕྱུག་འཚོ་ས་སོགས་སུ་སོང་སྟེ། ཡིག་ཆ་དང་པོའི་དགོངས་དོན་ཇི་མ་ཇི་བཞིན་དུ་སྒྲོག་སྦྱོང་བྱས་པས། འབྲོག་པ་མང་ཚོགས་དང་སྡོད་ཁུལ་ལས་བྱེད་པས་དགའ་བསུ་ཆེན་པོ་ཐོབ།
སྒྲོག་སྦྱོང་དངོས་སུ་མ་བྱས་པའི་སྔོན་ལ། སྒྲོག་སྦྱོང་ཚན་ཆུང་གི་མི་སྣས་གཟབ་ནན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་གྱི་སྒྲོག་སྦྱོང་ནང་དོན་གནད་བསྡུས་བཏོན་པ་དང༌། འབྲོག་ཁུལ་གྱི་ཁྱད་ཆོས་དང་བསྟུན་པ་དང༌། གནད་ཆེ་ས་འཛིན་པ། འགག་རྩ་འཛིན་པ་བཅས་བྱས་ཏེ་སྒྲོག་སྦྱོང་གི་དམིགས་སའི་རང་བཞིན་དང་དགོས་གལ་རང་བཞིན་མངོན་འགྱུར་བྱེད་པར་ཁག་ཐེག་བྱས། སྒྲོག་སྦྱོང་བྱེད་སྐབས་བོད་ཡིག་གི་ཆུ་ཚད་ཅུང་བཟང་བའི་བློ་མཐུན་གསུམ་སྒྲོག་སྦྱོང་བྱེད་པའི་མི་སྣ་གཙོ་བོར་གཏན་འཁེལ་བྱས་ཏེ། སྒྲོག་སྦྱོང་གི་ནང་དོན་གནས་བསྡུས་བོད་ཡིག་གི་ལམ་ནས་འབྲོག་པ་མང་ཚོགས་དང་ལས་བྱེད་པར་ཞིབ་ཚགས་སྒོས་འགྲེལ་བཤད་བྱེད་པ་དང༌། དཀའ་གནད་ལ་ལན་འདེབས་པ་སོགས་བྱས་པས་སྒྲོག་སྦྱོང་གི་རྣམ་པ་ཧ་ཅང་བཟང༌། སྒྲོག་སྦྱོང་བྱས་པ་བརྒྱུད་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་དབྱང་གིས་ཞང་སྡེའི་བྱ་བའི་སྤྱིའི་དམིགས་འབེན་ལ་བཟུང་བའི་རེ་བ་དང་སྤྱིའི་བསམ་ཕྱོགས། ཉིས་སྟོང་བཅུ་ལོའི་རང་ཞིང་གི་རོང་འབྲོག་ཕྱོགས་བྱ་བའི་སྤྱིའི་རེ་བ་དང༌། དམངས་ཀྱི་འཚོ་བ་མགྱོགས་མྱུར་སྒོས་ལེགས་བཅོས་བྱེད་པའི་སྲིད་ཇུས་དང་བྱེད་ཕྱོགས། སྐྱེ་ཁམས་གནས་སྤོར་ཡུལ་མི། ཕྱོགས་བསྡུས་སྒོས་རོང་འབྲོག་ཕྱོགས་བཅོས་སྒྱུར་བྱེད་པ། ཞིང་ས་དང་རྩྭ་ས་གཞན་ལ་གླ་བ་དང་བཙོང་བ། སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སོགས་ལ་རྒྱུས་ལོན་ཡོད་པར་བྱས།
སྒྲོག་སྦྱོང་གི་གོ་རིམ་ཁྲོད་རོང་འབྲོག་མང་ཚོགས་ཀྱིས་སྒྲོག་སྦྱོང་ཚན་ཁག་གི་ལས་བྱེད་པ་དང་མཉམ་དུ་རོང་འབྲོག་སྡེ་གསར་བ་འཛུགས་སྐྲུན་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་འཆར་གཞི་སོགས་ཀྱི་ཕྱོགས་ལ་བགྲོ་གླེང་བྱས། དུས་ཡུན་ཉིན་བརྒྱད་ལ་སྒྲོག་སྦྱོང་ཚན་ཆུང་ཉིན་ཕྱུག་ཞང་ནས་བསྡད་པའི་རིང༌། སྒྲོག་སྦྱོང་ཚན་ཆུང་གིས་སྡོད་ཁུལ་གྱི་ལས་བྱེད་པ་དང་འབྲོག་པ་མང་ཚོགས་ལ་ཁྱོན་སྡོམ་རིམ་པ་མི་འདྲ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་བསྡུས་པ་དང༌། འབྲོག་ཁྱིམ་ཉེར་བརྒྱད་ལ་སོང་ནས་སྒྲོག་སྦྱོང་གི་ཡིག་ཆ་ལྔ་བཅུ་ལྷག་བྱིན་ཞིང༌། སྔ་ཕྱིར་ཁྱོན་སྡོམ་ལམ་ཐག་སྤྱི་ལེ་དགུ་བརྒྱ་ལྷག་ལ་སོང་།
ལོ་ཙཱ་བ། ཀླུ་རྒྱལ་དོན་གྲུབ། (དངོས་སྦྱོང) |