དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ5Aརིམ་པའི་ཡུལ་ལྗོངས་ཁུལ་དང་ས་གཤིས་
སྤྱི་གླིང་དུ་ཡར་ཞུ་བྱེད་པའི་བྱ་བ་མགོ་རྩོམ་རྒྱུ་ཡིན་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས11ཉིན།    

     གསར་འགོད་པས་མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  ཉིས་སྟོང་བཅུ་ལོར།  མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ5Aརིམ་པའི་ཡུལ་ལྗོངས་ཁུལ་དང་མཚོ་སྔོན་པོའི་ས་གཤིས་སྤྱི་གླིང་དུ་ཡར་ཞུ་བྱེད་པའི་བྱ་བ་མགོ་རྩོམ་རྒྱུ་ཡིན་པ་དང་།  དུས་མཚུངས་སུ་ཐོན་ཁུངས་སྲུང་སྐྱོབ་དང་། རྨང་གཞིའི་འཛུགས་སྐྲུན་སོགས་ལ་དམིགས་ནས།  གནས་སྐོར་འཆར་གཞི་ཞིབ་ཕྲ་བཀོད། 
    མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ཡུལ་ལྗོངས་ཁུལ་ལྔ་བོ་ནས་འཆར་གཞི་ཞིབ་ཕྲ་བཀོད་པ་དང་།  རང་བྱུང་ཐོན་ཁུངས་སྲུང་སྐྱོབ་དང་།  གནས་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། གནས་སྐོར་ཐོན་ཁུངས་གསར་སྤེལ་བྱེད་པ་ལ་བརྟེན་ནས།  ཡུལ་ལྗོངས་ཁུལ་གྱི་གནས་སྐོར་དོ་དམ་སོགས་གནད་འགག་གི་གོ་རིམ་དྲུག་ལ་ཤུགས་སྣོན་བྱས་ཏེ།  ད་ལོའི་གནས་སྐོར་བྱ་བར་འཆར་འགོད་བྱས་པ་དང་།  ཡུལ་ལྗོངས་ཁུལ་གྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས།  ཕན་འབྲས་ལྡན་པའི་སྒོ་ནས་མཚོ་སྔོན་པོའི་གནས་སྐོར་ཐོན་ཁུངས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས།  དུས་མཚུངས་སུ།  མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ད་རུང་ཡུལ་སྐོར་བྱེད་ས་གྲགས་ཅན་བསྐྲུན་པ་དང་།  གནས་སྐོར་ཞབས་ཞུ་ཚད་ལྡན་ཅན་དུ་གཏོང་བར་ཡར་སྐུལ་བྱེད་པ།  མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ5Aརིམ་པའི་ཡུལ་ལྗོངས་ཁུལ་དང་མཚོ་སྔོན་པོའི་ས་གཤིས་སྤྱི་གླིང་དུ་ཡར་ཞུ་བྱེད་པའི་བྱ་བ་དང་།  འཆམ་མཐུན་ཡུལ་ལྗོངས་ཁུལ་དང་། དཔལ་ཡོན་ཡུལ་ལྗོངས་ཁུལ། གནས་སྐོར་ཡུལ་ལྗོངས་གྲགས་ཅན་སོགས་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ནས།   ཡུལ་ལྗོངས་ཁུལ་གྱི་ཐོན་ཁུངས་ལེགས་སྒྲིག་དང་།  མཚོ་སྐོར་ཁུལ་གྱི་གཙང་སྦྲ་ལ་དོ་སྣང་བྱེད་པ།  གནས་སྐོར་ཚོང་ར་ལེགས་བཅོས་བྱེད་པ།  མཛེས་སྡུག་གི་ཡུལ་ལྗོངས་མཉམ་དུ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་དམིགས་ནས།  ཞབས་ཞུ་དང་།  གནས་སྐོར་ཚོང་རྫས།  ཟས་རིགས་སོགས་ལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་།  

ལོ་ཙཱ་བ།  ཚེ་རིང་སྒྲོལ་མ།

  འབྲེལ་ཡོད་དྲ་སྦྲེལ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལྟེ་གནས་ཚན་ཆུང་གིས་ཞིང་ཆེན་ཏང་ཨུའི་ཆེད་དོན་བགྲོ་གླེང་[07-26]
མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོ་བར་གྱི་ལམ་[07-26]
ཀྲུང་གོ་ས་གཤིས་སློབ་གྲྭ་ཆེན་མོའི་ན་གཞོན་དང་བླངས་པ་དབྱར་གནང་གི་སྐབས་[07-26]
ཐེ་ཝན་གྱི་མགོ་ཁྲིད་པའི་གནས་སྐོར་ཚོགས་པས་རང་ཞིང་གི་[07-26]
མགོ་ལོག་ཁུལ་གྱིས་གཙང་གསུམ་མགོ་ཁུངས་བཟོ་བཀོད་ལས་ཁག་[07-26]
མགོ་ལོག་ཁུལ་གྱིས་ཡུག་སྦྲེལ་གསར་སྤེལ་བྱེད་པའི་ཕྱོགས་བསྡུས་[07-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)