ད་ལོར་རང་ཞིང་གི་རིམ་པ་ཁག་གི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་སོ་སོས་སློབ་མ་ཁྲི་གསུམ་བསྡུ་རྒྱུ་རེད། ཞིང་ཆེན་སློབ་གསོ་ཐིན་གྱི་བཀོད་སྒྲིག་ལྟར། ད་ལོར་ཟི་ལིང་གྲོང་ཁྱེར་དང་ཁུལ་དྲུག་གི་འབྲིང་རིམ་སློབ་གྲྭ་སོ་སོས་མུ་མཐུད་དུ་གཙང་གསུམ་འབྱུང་ཡུལ་གྱི་དམའ་འབྲིང་རིག་གནས་ཀྱི་ཆུ་ཚད་ལྡན་པའི་གཞིས་སྤར་བའི་རོང་འབྲོག་པའི་བུ་བུ་མོའི་སློབ་མ་བསྡུ་བའི་བྱ་བ་བཟང་བོར་སྒྲུབ་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་ད་དུང་ཞིང་ལས་ལ་འབྲེལ་བ་ཡོད་པའི་སློབ་མ་དང་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་སློབ་མར་མ་དངུལ་ཐད་ནས་རོགས་སྐྱོར་དང་སློབ་ཡོན་མི་བསྡུ་བ་སོགས་ཀྱི་བྱ་བ་སྒྲུབ་རྒྱུ་རེད།
ལོ་ཙཱ་བ། ཀླུ་འབུམ་བྱམས། |