དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་
སོང་ནས་ཞིང་གསུམ་ལ་ཞབས་ཕྱི་བསྒྲུབས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས9ཉིན།    

    ཟླ་གསུམ་པའི་ཚེས་ལྔ་ཉིན་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་བརྒྱ་ལྷག་སོ་སོར་རྫོང་བཞི་ལ་སོང་ནས།  གཞི་རིམ་དུ་བསྐྱོད་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་དྲིལ་སྒྲོག་བྱས་པ་དང་།  སྟོབས་ཤུགས་ཡོད་དགུས་ཞིང་གསུམ་བྱ་བར་ཞབས་ཕྱི་བསྒྲུབས།  
   བྱ་འགུལ་དེ་ཉིན་བཅོ་ལྔའི་རིང་ལ་སྤེལ་རྒྱུ་ཡིན་པ་དང་། ཟླ་གསུམ་པའི་ཚེས་ལྔ་ཉིན་མགོ་བརྩམས་ཏེ་ཟླ་གསུམ་པའི་ཚེས་ཉི་ཤུའི་ཉིན་མཇུག་རྫོགས་རྒྱུ་རེད།  བྱ་འགུལ་སྤེལ་སྐབས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་བརྒྱུད།  ཏང་གི་དམངས་ཕྱུག་སྲིད་ཇུས་རོང་འབྲོག་ཁུལ་དུ་སྐྱེལ་བ་དང་།  མི་དམངས་མང་ཚོགས་ལ་ཏང་གི་ཡང་དག་པའི་ཞིང་ལས་སྲིད་ཇུས་ཤེས་སུ་འཇུག་པ་དང། སྤྲོ་སེམས་ཡོད་པའི་སྒོ་ནས་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སྤེལ་བྱས་ནས།   རོང་འབྲོག་པ་མང་ཚོགས་ཞིང་ཕྱུགས་ལས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་གཙོ་ཤུགས་དམགས་དཔུང་དུ་འགྱུར་བར་སྐུལ་འདེད་བྱས། 
   བྱ་བའི་ཚན་ཁག་སོ་སོས་དྲིལ་སྒྲོག་བྱ་བ་དམ་འཛིན་ལེགས་པོ་བྱས་པ་དང་མཉམ་དུ།  སྟོབས་ཤུགས་ཡོད་དགུས་ཞིང་བར་རྒྱབ་སྐྱོར་བྱེད་པའི་ཞབས་ཞུའི་བྱ་བ་བཟང་པོར་སྒྲུབ་པ་དང་།  གཞི་རིམ་གྱི་བརྟན་འཇགས་ལ་སྲུང་སྐྱོང་།  ཤུགས་ཆེན་པོས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱ་བར་རྟོག་དཔྱོད་ཞིབ་འཇུག་བྱེད་པ་སོགས་ཀྱི་བྱ་བ་བསྒྲུབ་རྒྱུ་རེད། 
   དེ་དང་མཉམ་དུ་དངུལ་ལོར་ལས་ཁུངས་ལ་མཐུན་སྦྱོར་འབྲེལ་གཏུགས་བྱས་ཏེ།  ཞིང་ལས་ཕྱོགས་ཀྱི་ཡིད་རྟོན་དངུལ་བུན་དངོས་འབེབ་བྱས་ནས་མི་དམངས་མང་ཚོགས་ལ་མ་དངུལ་དཀོན་པའི་གནད་དོན་ཐག་གཅོད་རྒྱུ་རེད།  གཞི་རིམ་དྲིལ་སྒྲོག་གི་བྱ་བར་ཕན་འབྲས་འབྱུང་བར་ཁག་ཐེག་བྱ་ཆེད། ཁུལ་གྱི་རོང་འབྲོག་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ལྟ་ཞིབ་ཚན་ཆུང་བཞི་བཙུགས་ཏེ།  ས་ཁུལ་སོ་སོར་སོང་ནས་ཚན་ཁག་སོ་སོའི་གཞི་རིམ་དུ་བསྐྱོད་པའི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་དང་རྟོག་དཔྱོད་བྱས། 

ལོ་ཙཱ་བ། དངོས་སྦྱོང་སློབ་མ་ཀླུ་རྒྱལ་དོན་གྲུབ།

  འབྲེལ་ཡོད་དྲ་སྦྲེལ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལྟེ་གནས་ཚན་ཆུང་གིས་ཞིང་ཆེན་ཏང་ཨུའི་ཆེད་དོན་བགྲོ་གླེང་[07-26]
མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོ་བར་གྱི་ལམ་[07-26]
ཀྲུང་གོ་ས་གཤིས་སློབ་གྲྭ་ཆེན་མོའི་ན་གཞོན་དང་བླངས་པ་དབྱར་གནང་གི་སྐབས་[07-26]
ཐེ་ཝན་གྱི་མགོ་ཁྲིད་པའི་གནས་སྐོར་ཚོགས་པས་རང་ཞིང་གི་[07-26]
མགོ་ལོག་ཁུལ་གྱིས་གཙང་གསུམ་མགོ་ཁུངས་བཟོ་བཀོད་ལས་ཁག་[07-26]
མགོ་ལོག་ཁུལ་གྱིས་ཡུག་སྦྲེལ་གསར་སྤེལ་བྱེད་པའི་ཕྱོགས་བསྡུས་[07-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)