2009ལོར། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་མཉམ་འཛུགས་ཁེ་ལས་ཀྱིས་སྡེ་བར་ཁ་གཏད་རོགས་སྐྱོར་བྱེད་པར་དངོས་པོ་དང་སྒོར་མོ་བྱེ་བ་གསུམ་དང་ས་ཡ་གསུམ་ཁྲི་དྲུག་ཞལ་འདེབས་སུ་ཕུལ་ནས་དོན་དངོས་དང་དོན་བཟང་ཉིས་བརྒྱ་དང་དྲུག་ཅུ་ལྷག་བསྒྲུབས། དེའི་ཁྲོད་དུ་ཞིང་སྡེའི་གཞུང་ལམ་སྤྱི་ལེ་བརྒྱ་དང་བཅུ་དགུ་ལས་པ་དང་། ཕྱུགས་སྐྱིལ་དྲོད་ཁང་བཞི་བཅུ་ཞེ་གསུམ་དང་། མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་བཟོ་སྐྲུན་གཉིས། ཁྱིམ་ཚང་ཉིས་བརྒྱ་དང་སུམ་ཅུའི་སྒོ་ཆེན་དང་ར་སྐོར། ཨར་འདམ་གྱི་ཆུ་རྐ་སྤྱི་ལེ་བཅུ་བདུན་བཅས་ལས་པར་མ་ཟད། ཁྱིམ་ཚང་བཞི་བརྒྱ་དང་སུམ་ཅུ་ཁེ་ལས་དང་ཐོན་ཁུངས་གསར་གཏོད་བྱེད་པའི་གྲས་སུ་བླངས་ཤིང་། ཞིང་སྡེའི་ངལ་རྩོལ་པ་བརྒྱད་ཅུ་ལས་ཞུགས་བྱས་པ། རོང་འབྲོག་ཁྱིམ་ཚང་ཉིས་བརྒྱ་དང་སུམ་ཅུ་ལ་ཁྱིམ་ཚང་གི་རྒྱུ་ནོར་ལ་ཉེན་ཚབ་བྱེད་པ་དང་། མི་ལུས་ལ་སྟབས་མ་ལེགས་པར་གནོད་སྐྱོན་ཐེབས་པར་ཉེན་ཚབ་བྱེད་པ། དབུལ་ཕོངས་ཁྱིམ་ཚང་ཉིས་བརྒྱ་ལ་ཕྱེ་དང་འབྲས་སོགས་འཚོ་བའི་མཁོ་ཆས་བྱིན་པ། འབྲོག་ཁྱིམ་བཅུ་ལ་རོགས་རམ་བྱས་ནས་གཏན་སྡོད་ཁང་པ་ལས་པ་སོགས་དོན་དངོས་དང་དོན་བཟང་མང་པོ་བསྒྲུབས།
ལོ་ཙཱ་བ། བསོད་ནམས་ལྷ་མོ། |