2009ལོའི་ཟླ12པའི་ཚེས28ཉིན། ཀྲུང་ཧྭའི་དཔའ་ངར་མཛད་མེད་ཐེབས་རྩ་ཚོགས་པ་དང་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཀུང་ཟི་གཉིས་ཀྱིས་བསྒྲུབས་པའི“ཁུ་ནུའི་འཇམ་འདྲེད་སྣུམ་བྱ་དགའ”ཞེས་པའི་རྒྱལ་ཡོངས་དཔའ་བོ་མཛད་མེད་ཀྱི་ཁ་ལོ་བ་བཟང་བོ་བཅུའི་གཟེངས་བསྟོད་ཚོགས་ཆེན་སྐབས་དྲུག་པའི་སྟེང་། ཟི་ལིང་གྲོང་ཁྱེར་སྤྱི་སྤྱོད་འགྲིམ་འགྲུལ་ཀུང་ཟིའི་ཡན་ལག་ཀུང་ཟི་དྲུག་པའི་ཁ་ལོ་བ་མ་ལེང་ལ“རྒྱལ་ཡོངས་དཔའ་བོ་མཛད་མེད་ཀྱི་ཁ་ལོ་བ་བཟང་པོ”ཞེས་པའི་མཚན་སྙན་ཐོབ་པ་དང་། ཟི་ལིང་གྲོང་ཁྱེར་ལ“རྒྱལ་ཡོངས་དཔའ་བོ་མཛད་མེད་ཀྱི་ཁ་ལོ་བ་བཟང་པོ་བཅུའི་དཔྱད་འདེམས་བྱ་འགུལ”ཁྲོད་དུ་གྲོང་ཁྱེར་ཀྱི་བྱ་དགའ་གནང་། དེ་ནི་ཟི་ལིང་གྲོང་ཁྱེར་ལ1996ལོའི་ཚུན་ལ་ཐེངས་གཉིས་བར་བྱ་དགའ་དེ་ཐོབ་པ་རེད།
ཟླ2པའི་ཚེས2ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་ཧྭའི་དཔའ་ངར་མཛད་མེད་ཐེབས་རྩ་ཚོགས་པའི་ལས་འཛིན་འགོ་གཙོ་གཞོན་པ་ལིས་ཧྲོན་ཐོ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཕིན་ཞིན་གཉིས་རྒྱལ་ཡོངས་དཔའ་བོ་མཛད་མེད་ཀྱི་ཁ་ལོ་བ་བཟང་བོ་ཚོ་ཞི་དང་སུང་པའོ་ཆིན་གཉིས་ཀྱི་ཁྱིམ་ལ་སོང་ནས་ཁོ་གཉིས་ལ་འཚམས་འདྲིའི་སྒོར་མོ་སྟོང་ལྔ་རེ་བྱིན།
ཚོ་ཞི་དང་སུང་པོ་ཆིན་གཉིས་ཀྱིས་ཏང་དང་སྲིད་གཞུང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་། དཔའ་ངར་མཛད་མེད་ཀྱི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བྱས་ཏེ། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐད་ལ་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།
ལོ་ཙཱ་བ། ཀླུ་འབུམ་བྱམས། |