དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
བང་ཅན་ཅོན་སོགས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་སྲང་ལམ་དང་སྡོད་ཁུལ་གྱི་
འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ2པའི་ཚེས5ཉིན།    

     ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་བང་ཅན་ཅོན་ཚེས་བཞི་ཉིན་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་མགོ་ཁྲིད་པ་དང་མཉམ་དུ་ཞི་ཀོན་སྲང་ལམ་གྱི་དོན་སྒྲུབ་ཁྲུའུ་དང་རྣམ་རྒྱལ་སྲང་ལམ་གྱི་དོན་སྒྲུབ་ཁྲུའུ་སོགས་ལ་སོང་ནས་གྲོང་ཁྱེར་ཡོངས་ཀྱི་སྲང་ལམ་དང་སྡོད་ཁུལ་གྱི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།  བང་ཅན་ཅོན་གྱིས་བཤད་རྒྱུར།  ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་བྱས་ཏེ།  བྱ་བའི་འདུ་ཤེས་ཆགས་པར་བྱེད་པ་དང་ཞབས་ཕྱིའི་དྲ་བ་ཁ་ཚང་དུ་གཏོང་དགོས་ལ།  སེམས་ཤུགས་གཅིག་ཏུ་སྒྲིལ་ནས་མང་ཚོགས་ལ་དོན་དངོས་དང་དོན་བཟང་སྒྲུབ་པ་དང་།  ཧུར་ཐག་སྒོས་ཟི་ལིང་གྲོང་ཁྱེར་དེ་དག་གཙང་གི་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཟེར།

   བང་ཅན་ཅོན་སོགས་ཞི་ཀོན་སྲང་ལམ་གྱི་དོན་སྒྲུབ་ཁྲུའུ་ལ་སོང་ནས་སྡོད་ཁུལ་གྱི་བྱ་བ་སྒྲུབ་མཁན་དང་སློབ་གྲྭ་ཆེན་མོ་བའི་དང་བླངས་མཁན་ལ་འཚམས་འདྲི་བྱས་པར་མ་ཟད།  ཁོ་ཚོ་བརྒྱུད་དེ་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་སྡོད་ཁུལ་གྱི་བྱ་བ་སྒྲུབ་མཁན་གྱིས་ལོ་གཅིག་གི་རིང་ལ་དཀའ་སྤྱད་སྒོས་བྱ་བ་བསྒྲུབས་པར་བཀའ་དྲིན་ཆེ་ཞུས།  བང་ཅན་ཅོན་གྱིས་སྲང་ལམ་དང་སྡོད་ཁུལ་གྱི་འཛུགས་སྐྲུན་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས།   སྲང་ལམ་དོན་སྒྲུབ་ཁྲུའུ་ཡིས་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་བྱས།  བང་ཅན་ཅོན་སོགས་ད་དུང་རྣམ་རྒྱལ་སྲང་ལམ་གྱི་དོན་སྒྲུབ་ཁྲུའུ་ལ་སོང་ནས་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་དང་མང་ཚོགས་ལས་ཀར་ཞུགས་པ།  སྤྱི་ཚོགས་བདེ་འཇགས་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས།

ལོ་ཙཱ་བ།    བཀྲ་ཤིས་འབུམ།

  འབྲེལ་ཡོད་དྲ་སྦྲེལ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་[03-15]
ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྒྲོག་སྦྱོང་ཚན་ཆུང་གཞི་རིམ་དུ་[03-12]
ཞིང་ཆེན་དམངས་སྲིད་ཐིན་གྱིས་མགོ་ལོག་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་[03-12]
རང་ཞིང་གིས་ཕུལ་བྱུང་ལས་བྱེད་པ་གདམས་གསེས་བྱས་ནས་དབུལ་ཕོངས་[03-11]
མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ5Aརིམ་པའི་ཡུལ་ལྗོངས་ཁུལ་དང་ས་གཤིས་[03-11]
ད་ལོར་རང་ཞིང་གི་རིམ་པ་ཁག་གི་འབྲིང་རིམ་ལས་རིགས་ལག་རྩལ་[03-10]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)