དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་རོང་འབྲོག་པའི་འཆར་ལྡན་བུ་སྐྱེ་
ཁྱིམ་ཚང་བརྒྱ་དང་གྱ་བདུན་གྱིས་དགའ་སྤྲོའི་ངང་བྱ་དགའི་རོགས་དངུལ་བླངས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ2པའི་ཚེས2ཉིན།    

    ཉེ་ལམ།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་རོང་འབྲོག་པའི་འཆར་ལྡན་བུ་སྐྱེ་ཁྱིམ་ཚང་བརྒྱ་དང་གྱ་བདུན་གྱིས་ཉིས་སྟོང་དགུ་ལོའི་བྱ་དགའི་རོགས་དངུལ་སྒོར་མོ་འབུམ་གཉིས་དང་ཁྲི་བཞི་ལྷག་བླངས།  རྒྱུས་ལོན་བྱུང་བ་ལྟར་ན་རྫོང་འདིའི་ཉིས་སྟོང་དགུ་ལོའི་བྱ་དགའི་རོགས་དངུལ་ལོ་རེ་ལ་མི་རེར་སྒོར་མོ་སྟོང་གཅིག་དང་སུམ་བརྒྱ་ཉི་ཤུ་ལ་འཕར་བ་དང་།  དེའི་ནང་དུ་རྫོང་སྲིད་གཞུང་གིས་མི་རེ་ལ་བྱིན་པའི་ཁ་གཏད་བྱ་དགའི་རོགས་དངུལ་སྒོར་མོ་ཉིས་བརྒྱ་རེ་ལ་འཕར།  བྱ་དགའི་རོགས་དངུལ་ལམ་ལུགས་ནི་གཙོ་བོ་རོང་འབྲོག་ཁུལ་གྱི་བྱིས་པ་ཁེར་སྐྱེས་དང་བུ་མོ་གཉིས་སྐྱེས་པའི་ཁྱིམ་ཚང་གི་ཕ་མ་ལོ་དྲུག་ཅུར་བུད་ཡོད་པའི་ཁྱིམ་ཚང་ལ་ཁ་གཏད་པ་ཡིན་ཞིང་།  བྱ་དགའི་རོགས་དངུལ་ལམ་ལུགས་ལག་བསྟར་བྱས་པ་དེས་རོང་འབྲོག་ས་ཁུལ་གྱི་ཡོང་སྒོ་ཇེ་མང་དུ་བཏང་པར་མ་ཟད།  རོང་འབྲོག་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ཇེ་མགྱོགས་སུ་གཏོང་བ་དང་མི་གྲངས་དང་ཐོན་ཁུངས་འཆམ་མཐུན་ངང་འཕེལ་རྒྱས་འབྱུང་བར་ཡར་སྐུལ་བྱེད་པར་ནུས་པ་ཧ་ཅང་གལ་ཆེན་ཐོན་ཡོད།

ལོ་ཙཱ་བ། གཡང་འབུམ་རྒྱལ།

  འབྲེལ་ཡོད་དྲ་སྦྲེལ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་[03-15]
ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྒྲོག་སྦྱོང་ཚན་ཆུང་གཞི་རིམ་དུ་[03-12]
ཞིང་ཆེན་དམངས་སྲིད་ཐིན་གྱིས་མགོ་ལོག་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་[03-12]
རང་ཞིང་གིས་ཕུལ་བྱུང་ལས་བྱེད་པ་གདམས་གསེས་བྱས་ནས་དབུལ་ཕོངས་[03-11]
མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ5Aརིམ་པའི་ཡུལ་ལྗོངས་ཁུལ་དང་ས་གཤིས་[03-11]
ད་ལོར་རང་ཞིང་གི་རིམ་པ་ཁག་གི་འབྲིང་རིམ་ལས་རིགས་ལག་རྩལ་[03-10]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)