དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
འགྲིམ་འགྲུལ་དངུལ་ཁང་གིས་མཚོ་སྔོན་ནས་ཞིང་ཆེན་རིམ་པའི་ཡན་ལག་དངུལ་ཁང་ཞིག་བཙུགས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ7པའི་ཚེས29ཉིན།    

     ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་འགྲིམ་འགྲུལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ཟི་ལིང་ནས་སྒོ་ཕྱེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཧོས་ཉིན་དང་འགྲིམ་འགྲུལ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཧུའུ་དཔེ་ཕང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་བང་ཅན་ཅོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སངས་རྒྱས་དང་། ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆིན་རྣམ་རྒྱལ། འགྲིམ་འགྲུལ་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཡུས་ཡ་ལིས་སོགས་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་སྒོ་ཕྱེ་བའི་མཛད་སྒོར་ཞུགས།

    ཀའོ་ཡུན་ལུང་གིས་དངུལ་ཁང་སྒོ་ཕྱེ་བའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་དངུལ་ལོར་ཚོང་རས་ཡུན་རིང་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ནས་ས་གནས་དཔལ་འབྱོར་དར་རྒྱས་སུ་གཏོང་པ་དང་དཔལ་འབྱོར་འཕར་སྟངས་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བར་ནུས་བ་གལ་ཆེན་འདོན་སྤེལ་བྱས་ཟེར།

     འགྲིམ་འགྲུལ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་སྒོ་ཕྱེ་བའི་མཛད་སྒོའི་སྟེང་འགྲིམ་འགྲུལ་དངུལ་ཁང་གི་ཏང་ཡོན་ཡོངས་ཀྱིས་ཞལ་འདེབས་སུ་ཕུལ་བའི་སྒོར་མོ་ས་ཡ་དྲུག་དང་འབུམ་བདུན་དེ་ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བའི་ཐད་བཀོད་པར་བྱས་ནས་རང་ཞིང་ལ་བྱིན་པ་དང་། དེ་ནི་འགྲིམ་འགྲུལ་དངུལ་ཁང་གིས་བཞི་བའི་བཅུ་བཞིའི་ཡུས་ཧྲུའུ་ས་ཡོམ་ཆེན་པོ་བྱུང་རྗེས་སྒོར་མོ་ས་ཡ་ལྔ་དང་འབུམ་བདུན་ཁྲི་གསུམ་ཞལ་འདེབས་སུ་ཕུལ་རྗེས་ཡང་བསྐྱར་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ་བ་རེད།

 

 

ལོ་ཙཱ་བ། བསོད་ནམས་ལྷ་མོ།

  འབྲེལ་ཡོད་དྲ་སྦྲེལ།
ཟི་ལིང་གྲོང་ཁྱེར་གྱི་མགོ་ཁྲིད་པས་ཆང་བེ་དང་ལའོ་ཧོས་ཉིན་གཉིས་ཀྱི་མངག་བཅོལ་ལྟར་[07-29]
ཞིང་ཆེན་སྲིད་གཞུང་གིས2010ལོའི་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་[07-29]
མཱ་ཧྲུན་ཆིན་ན་གོར་མོ་གྲོང་ཁྱེར་ལ་སོང་ནས་ཡུས་ཧྲུའུ་བསྐྱར་འཛུགས་དངོས་རྫས་[07-29]
ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་དམག་ཁུལ་ཆབ་སྲིད་པུའུ་གཉིས་ཀྱིས་མཉམ་[07-29]
རིན་ཆེན་རྒྱལ་གྱིས་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྲིད་ཇུས་འཆར་[07-29]
འགྲིམ་འགྲུལ་དངུལ་ཁང་གིས་མཚོ་སྔོན་ནས་ཞིང་[07-29]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)