དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། སྲིད་གཞུང་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
“ཡུས་ཧྲུའུ་མ་ཉམས་ན་མེས་རྒྱལ་ལ་དྲིན་ལེན་འཇལ་དགོས”ཞེས་པའི་མཚོ་སྔོན་ཡུས་ཧྲུའུ་
ས་འགུལ་གནོད་ཐེབས་ས་ཁུལ་གྱི་མཛེས་སྡུག་གི་ཁྱིམ་གཞི་བསྐྱར་འཛུགས་བྱེད་པའི་
ཆེད་སྒྲིག་ལེ་ཚན་དགོང་ཚོགས་དེ་པེ་ཅིན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བསྡུས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ7པའི་ཚེས29ཉིན།    


ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར“ཡུས་ཧྲུའུ་མ་ཉམས་ན་མེས་རྒྱལ་ལ་དྲིན་ལེན་འཇལ་དགོས”ཞེས་པའི་མཚོ་སྔོན་ཡུས་ཧྲུའུ་ས་ཡོམ་གནོད་ཐེབས་
ས་ཁུལ་གྱི་མཛེས་སྡུག་གི་ཁྱིམ་གཞི་བསྐྱར་འཛུགས་བྱེད་པའི་ཆེད་སྒྲིག་ལེ་ཚན་དགོང་ཚོགས་དེ་པེ་ཅིན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བསྡུས།

    མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི“ཡུས་ཧྲུའུ་མ་ཉམས་ན་མེས་རྒྱལ་ལ་དྲིན་ལེན་འཇལ་དགོས”ཞེས་པའི་མཚོ་སྔོན་ཡུས་ཧྲུའུ་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་མཛེས་སྡུག་གི་ཁྱིམ་གཞི་བསྐྱར་འཛུགས་བྱེད་པའི་ཆེད་སྒྲིག་ལེ་ཚན་དགོང་ཚོགས་དེ་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་པེ་ཅིན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བསྡུས་པར་མ་ཟད་ཐད་གཏོང་བྱས།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། པེ་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཆི་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ།  རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་དབྱང་ཁྲོན་ཐང་། པེ་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་གོ་ཅིན་ལུང་།  ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཏང་ཙུའུ་ཧྲུའུ་ཅི།  རྒྱུན་ལས་ཚོགས་གཙོ་གཞོན་པ་བང་བེ།  དེ་མིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། པེ་ཅིན་གྲོང་ཁྱེར། མཚོ་སྔོན་ཞིང་ཆེན་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་པས་ཆེད་སྒྲིག་ལེ་ཚན་ལ་བལྟས། 

    ཆེད་སྒྲིག་ལེ་ཚན་དེ་བཀྲ་ཤིས་བདེ་ལེགས་ཞེས་པའི་སྙན་འཇེབས་ཀྱི་གླུ་སྐད་དང་འཇོ་སྒེག་གི་ཞབས་བྲོའི་སྟངས་སྟབས་ཁྲོད་ནས་དངོས་སུ་མགོ་བརྩམས་པ་དང་།  སྤྲོ་སྐྱིད་ཀྱི་གླུ་གར་དེས་གནའ་བའི་ལྐོག་གྱུར་དང་མཛེས་སྡུག་གི་ཡུས་ཧྲུའུ་དེ་མི་རྣམས་ཀྱི་མཐོང་ལམ་དུ་མངོན་པར་བྱས། ལེ་ཚན་མཇུག་རྫོགས་ལ་ཉེ་བའི་སྐབས་སུ་མགོ་འཛིན་པས་ཡུལ་དངོས་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་ལ་བཅར་འདྲི་བྱས།

   མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་དམངས་སྲིད་ཐིན།  ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ། ཞིང་ཆེན་སྙིང་རྗེ་སྤྱིའི་ཚོགས་པ།  མཚོ་སྔོན་བརྙན་འཕྲིན་ཁང་། པེ་ཅིན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་ཐེངས་འདིའི་ཆེད་སྒྲིག་ལེ་ཚན་གྱི་སྒྲུབ་འགན་འཁུར་བ་རེད།

ལོ་ཙཱ་བ།  བཀྲ་ཤིས་འབུམ།

  འབྲེལ་ཡོད་དྲ་སྦྲེལ།
ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་ཞང་དང་གྲོང་བརྡལ་གྱི་ཁྱིམ་གཞི་བསྐྱར་འཛུགས་འཆར་[09-06]
ཨ་ཆེན་གངས་རྒྱབ་ཀྱི་རི་དྭགས་གཙོད་སྲུང་སྐྱོབ་བྱེད་པའི་ཐད་ལ་རོགས་སྐྱོར་བྱེད་པའི་[09-06]
གཙང་གསུམ་འབྱུང་ཡུལ་ས་ཁུལ་ནས་བྱེ་ཐང་བཅོས་སྐྱོང་བྱེད་[09-06]
ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཕྱོགས་ཀྱི་གཞི་རིམ་ལས་བྱེད་པའི་སྟོན་ཁ་དང་དགུན་[09-06]
མ་དངུལ་སྒོར་མོ་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་གཉིས་ཁྲི་གསུམ་བཏང་སྟེ་གཏེར་[09-06]
རང་ཞིང་གི་དུས་སྐབས་གཉིས་པའི“ཀྲུང་གོའི་དམངས་ཡོངས་ཀྱི་བདེ་[09-05]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)