ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། 2010ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མུའུ་སི་ལིན་གྱི་ཟས་རིགས་དང་ཅ་ལག་འགྲེམ་སྟོན་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། འགྲེམ་སྟོན་ཚོགས་འདུ་ལ་གྲ་སྒྲིག་བྱེད་པའི་གནས་ཚུལ་ཁྱབ་སྒྲོག་བྱས།
གསར་འགོད་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཉོ་ཚོང་སྐུལ་འདེད་ལྷན་ཚོགས་གཉིས་ཀྱིས་ཧྲན་ཞི་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་བཅས་ཀྱི་མི་དམངས་སྲིད་གཞུང་དང་མཉམ་འབྲེལ་བྱས་ནས་སྒྲུབ་རྒྱུ་རེད། སྐབས་འདིའི་འགྲེམ་སྟོན་ཚོགས་འདུའི་ནང་དོན་གཙོ་བོ་ནི་ལྷད་མེད་དང་མཆོང་སྐྱོད། མཉམ་ལས། མཉམ་རྒྱལ་ཞེས་པ་དེ་ཡིན་ལ། ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་བརྒྱད་པའི་ཚེས་གཉིས་ཉིན་བར་ཟི་ལིང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་གཟབ་རྒྱས་ངང་བསྡུ་རྒྱུ་རེད། རྒྱལ་ཁབ་དང་ས་ཁུལ་ཉེར་གཉིས་དང་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཉེར་བཞིའི་ཁེ་ལས་བདུན་བརྒྱ་ལྷག་སྐབས་འདིའི་འགྲེམ་སྟོན་ཚོགས་འདུར་ཞུགས་རྒྱུ་རེད།
ལོ་ཙཱ་བ། ཞའོ་ཡན། |