དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། སྲིད་གཞུང་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། བློ་མཐུན་ཀྲིག་ཡུང་ཁང་གིས་
མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་ཀྱི་
དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ7པའི་ཚེས26ཉིན།    

    ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བློ་མཐུན་ཀྲིག་ཡུང་ཁང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པ་དང་དམག་དམངས་འཆམ་མཐུན་སྒོས་འཕེལ་རྒྱུས་སུ་གཏོང་བའི་བྱ་བ་གཙིགས་སུ་འཛིན་རྒྱུར་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་བེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།
    ཚོགས་ཐོག་ནས་བསྟན་དོན། བློ་མཐུན་ཀྲིག་ཡུང་ཁང་གི་གསུང་བཤད་ལས་ཉེ་བའི་ལོ་འགའི་རིང་གི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། མཚོ་སྔོན་གྱིས་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་སྔར་ལས་བཟང་བོར་སྒྲུབ་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་ལ་རེ་བ་གསལ་བོ་བཏོན་པས། བློ་མཐུན་ཀྲིག་ཡུང་ཁང་གི་གསུང་བཤད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་མགོ་ཚུགས་ས་གསར་བ་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ངེས་པར་དུ་དེར་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་གཅིག་གྱུར་བྱེད་པ་དང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།
    ཚོགས་ཐོག་ནས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུ་དམིགས་འབེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཤིང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་གཙོ་བོར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་འཆམ་མཐུན་དང་བརྟན་འཇགས་ཀྱི་གནས་བབ་ཆེན་པོ་མུ་མཐུད་དུ་སྲུང་འཛིན་བྱེད་དགོས་པའི་རེ་བ་བཏོན།
   ཚོགས་ཐོག་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།

    ལོ་ཙཱ་བ། ཞའོ་ཡན།

  འབྲེལ་ཡོད་དྲ་སྦྲེལ།
མཚོ་སྔོན་དང་བོད་ལྗོངས་ས་གཤིས་གཏེར་རྫས་ཐོན་ཁུངས་ཞིབ་བཤེར་[09-02]
ཞིང་ཆེན་ཡོངས་ཀྱི་ནགས་ཚལ་སྤྱི་བདེ་མངག་གཏོང་སའོ་ཀྲང་ལ་གཅིག་སྡུད་[09-02]
2010ལོའི་ཀྲུང་གོ་ཚོང་རྟགས་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོ་དང་འཐབ་ཇུས་ལག་བསྟར་[09-02]
ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་2010ལོའི་སྟོན་ཁའི་[09-02]
རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས་ཞང་དང་མཁར་གྲོང་སྡོད་དམངས་ཀྱི་[09-02]
ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་ཀྱི་པར་རིས་ཞིང་ཆེན་གཞན་ནས་སྐོར་སྐྱོད་འགྲེམ་སྟོན་བྱེད་[09-02]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)