ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་གྱིས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཞིང་ལས་དང་ཞིང་སྡེའི་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་སྟག་འབུམ་ཐར་གྱིས་བཤད་རྒྱུར། ད་ལྟ་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་དང་ཞིང་ཕྱུགས་ས་ཁུལ་གྱི་འཕེལ་རྒྱས་དེ་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྲོལ་རྒྱུན་ཞིང་ཕྱུགས་ལས་དེ་དེང་རབས་ཞིང་ཕྱུགས་ལས་ཀྱི་ཕྱོགས་སུ་བསྒྱུར་བའི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། ས་གནས་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཏང་ཨུའི་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་འཕེལ་རྒྱས་བཞིར་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་རྣམ་པ་བསྒྱུར་བ་དེ་རོང་འབྲོག་ཕྱོགས་ཀྱི་འཕེལ་རྒྱས་བཞིར་མྱུར་དུ་སྐུལ་འདེད་གཏོང་བའི་རྐང་འཛུགས་སར་བརྩིས་ཏེ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དམིགས་འབེན། གནད་ཆེ་ས་བཅས་ལ་ཞིབ་འཇུག་ཟབ་མོ་བྱས་ནས། མཐོ་སྒང་གི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གོམ་པ་ཇེ་མགྱོགས་སུ་གཏོང་དགོས་ཟེར།
ལོ་ཙཱ་བ། ཞའོ་ཡན། |