དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། སྲིད་གཞུང་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
2010ལོའི་ཀྲུང་གོ་གསེར་དངུལ་ཐང་མཛའ་གཞས་དུས་ཆེན་དང་སྐབས་བཞི་བའི་བང་
ལོ་པིན་གྱི་རོལ་དབྱངས་སྒྱུ་རྩལ་གནས་སྐོར་དུས་ཆེན་ཟི་ལིང་ནས་མཇུག་རྫོགས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ7པའི་ཚེས19ཉིན།    

    ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར། 2010ལོའི་ཀྲུང་གོ་གསེར་དངུལ་ཐང་མཛའ་གཞས་དུས་ཆེན་དང་སྐབས་བཞི་བའི་བང་ལོ་པིན་གྱི་རོལ་དབྱངས་སྒྱུ་རྩལ་གནས་སྐོར་དུས་ཆེན་གྱི་མཇུག་རྫོགས་པའི་མཛད་སྒོ་དེ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་བསྡུས། ལྟད་མོ་བ་སྟོང་ཕྲག་ལྷག་གིས་བློ་མཐུན་བང་ལོ་པིན་གྱི་གླུ་དབྱངས་གྲགས་ཅན«རྒྱང་རིང་གི་ཡུལ་གྲུ་འདི་ན»ཞེས་པ་བརྗོད་བྱ་གཙོ་བོ་ཡིན་པའི་རོལ་དབྱངས་དཀྲོལ་ལེན་དགོང་ཚོགས་ལ་བལྟས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་སྐྱིད་བདེ་རྨ་རྒྱལ། ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཆི་ཀྲུང་དང་ལིས་ཀྲུང་པའོ། ཧན་ཡུས་ཀོས་བཅས་ཀྱིས་འཁྲན་སྟོན་ལ་བལྟས།
    ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཐུན་མོང་མ་ཡིན་པའི་གནས་སྐོར་ཐོན་ཁུངས་ལ་བརྟེན་ནས། མ་དངུལ་མང་པོ་གཏོང་བ་དང་། ཐོན་ལས་གྲགས་ཅན་བསྐྲུན་པ། ཕྱི་ཕྱོགས་སུ་མཚམས་སྦྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས། གནས་སྐོར་གྱི་ཁུལ་གྲགས་ཅན་མྱུར་དུ་འཛུགས་སྐྲུན་བྱས་ཏེ། མཚོ་བྱང་ཁུལ་དེ་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་ས་ཁུལ་བཟང་བོ་ཞིག་ཏུ་བསྒྱུར། དེ་དང་མཉམ་དུ་མཚོ་བྱང་ཁུལ་གྱིས་བང་ལོ་པིན་སྒྱུ་རྩལ་སྔོག་འདོན་དང་མཚམས་སྦྱོར་བྱེད་རྒྱུ་དེ་མཐོ་སྒང་གནས་སྐོར་གྱི་རང་སྐྱོང་ཁུལ་གྲགས་ཅན་ཞིག་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། སྔ་གཞུག་ཏུ་བང་ལོ་པིན་གྱི་རོལ་དབྱངས་སྒྱུ་རྩལ་གནས་སྐོར་དུས་ཆེན་ཐེངས་གསུམ་ལ་བསྒྲུབས་པ་དང་། བསྡོམས་པས་མ་དངུལ་སྒོར་མོ་ས་ཡ་དྲུག་དང་འབུམ་བརྒྱད་བཏང་སྟེ་བང་ལོ་པིན་གྱི་རོལ་དབྱངས་སྒྱུ་རྩལ་ཁང་བཙུགས་པས། མཚོ་བྱང་གི་གནས་སྐོར་དང་རིག་གནས་གཉིས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་མགོ་གསར་བ་ཚུགས་པར་མ་ཟད། ས་དེའི་དཔལ་འབྱོར་དང་རིག་གནས་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་།

   ལོ་ཙཱ་བ།  ཞའོ་ཡན།

  འབྲེལ་ཡོད་དྲ་སྦྲེལ།
ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་ཞང་དང་གྲོང་བརྡལ་གྱི་ཁྱིམ་གཞི་བསྐྱར་འཛུགས་འཆར་[09-06]
ཨ་ཆེན་གངས་རྒྱབ་ཀྱི་རི་དྭགས་གཙོད་སྲུང་སྐྱོབ་བྱེད་པའི་ཐད་ལ་རོགས་སྐྱོར་བྱེད་པའི་[09-06]
གཙང་གསུམ་འབྱུང་ཡུལ་ས་ཁུལ་ནས་བྱེ་ཐང་བཅོས་སྐྱོང་བྱེད་[09-06]
ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཕྱོགས་ཀྱི་གཞི་རིམ་ལས་བྱེད་པའི་སྟོན་ཁ་དང་དགུན་[09-06]
མ་དངུལ་སྒོར་མོ་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་གཉིས་ཁྲི་གསུམ་བཏང་སྟེ་གཏེར་[09-06]
རང་ཞིང་གི་དུས་སྐབས་གཉིས་པའི“ཀྲུང་གོའི་དམངས་ཡོངས་ཀྱི་བདེ་[09-05]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)