དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
ཉིས་སྟོང་བཅུ་ལོའི་ཀྲུང་གོ་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་སྤྱིའི་པར་ལེན་དུས་ཆེན་
ཟི་ལིང་གྲོང་ཁྱེར་མཁར་ལྷོའི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་ཚོགས་མགོ་བརྩམས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ7པའི་ཚེས18ཉིན།    

ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། ཉིས་སྟོང་བཅུ་ལོའི་ཀྲུང་གོ་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་སྤྱིའི་པར་ལེན་དུས་ཆེན་
ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཟི་ལིང་གྲོང་ཁྱེར་མཁར་ལྷོའི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་ཚོགས་མགོ་བརྩམས།


ཀྲུང་གོ་པར་ལེན་པའི་མཐུན་ཚོགས་ཀྱི་ཡན་ལག་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། དྲུང་ཡིག་ཆེན་མོ་གཞོན་པ་བང་ཀྲིན་ཧྲིན་གྱིས་ཀྲུང་གོ་
མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་སྤྱིའི་པར་ལེན་དུས་ཆེན་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

     ཉིས་སྟོང་བཅུ་ལོའི་ཀྲུང་གོ་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་སྤྱིའི་པར་ལེན་དུས་ཆེན་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཟི་ལིང་གྲོང་ཁྱེར་མཁར་ལྷོའི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་ཚོགས་མགོ་བརྩམས།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་ཡིས་རྒྱལ་སྤྱིའི་པར་ལེན་དུས་ཆེན་དངོས་སུ་ཚོགས་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  དྲིལ་སྒྲོག་པུའུ་ཀྲང་སྐྱིད་བདེ་རྨ་རྒྱལ་དང་ཀྲུང་གོ་པར་ལེན་པའི་མཐུན་ཚོགས་ཀྱི་ཡན་ལག་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། དྲུང་ཡིག་ཆེན་མོ་གཞོན་པ་བང་ཀྲིན་ཧྲིན་གཉིས་ཀྱིས་ཤིས་ཚིག་ཕུལ་ཞིང་།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་བང་ལིན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

   ཉིན་དེའི་རྒྱལ་སྤྱིའི་པར་ལེན་དུས་ཆེན་ཚོགས་མགོ་རྩོམ་པའི་མཛད་སྒོར་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ལའོ་ཧོས་ཉིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཅུའུ་གསུམ་པའི་ཅུའུ་ཀྲང་གོ་ཀྲང་ཅན།  ཀྲུང་གོ་པར་ལེན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཐུང་ཧྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཧྲིན་ཧི། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཁྲུན་ཡའོ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་དབྱི་ཀྲི་སོགས་དང་།  དེ་མིན་ཀྲུང་གོ་ན་ཡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་གི་འཐུས་མི་དང་རྒྱལ་ཁབ་ཕྱི་ནང་གི་པར་ལེན་པ་གྲགས་ཅན། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡིད་མགོ་ཁྲིད་པ་སོགས་བསྡོམས་པས་མི་ཉིས་བརྒྱ་ལྷག་ཞུགས།

   ཚོགས་ཐོག་ཏུ་སྐྱིད་བདེ་རྨ་རྒྱལ་གྱིས་ཤིས་ཚིག་ཕུལ།  ཁོས་ཐོག་མར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།  ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ས་ཡ་ལྔ་དང་འབུམ་ལྔ་ཁྲི་བདུན་ལྷག་གི་ཚབ་བྱས་ཏེ་ཐེངས་འདིའི་རྒྱལ་སྤྱིའི་པར་ལེན་དུས་ཆེན་ལ་ཞུགས་པར་ཡོང་བའི་མགོ་ཁྲིད་པ་དང་རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་པ་རྣམས་ལ་དགའ་བསུ་ཞུས་པར་མ་ཟད།  དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ལས་དོན་བཅས་ཀྱི་ཐད་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བའི་གྲོགས་པོ་རྣམས་ལ་བླ་མེད་གུས་འདུད་དང་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཞུས།  ཁོས་བཤད་རྒྱུར།  ཉིས་སྟོང་བཅུ་ལོའི་ཀྲུང་གོ་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་སྤྱིའི་པར་ལེན་དུས་ཆེན་ཚོགས་པ་བརྒྱུད་ནས་མཚོ་སྔོན་གྱི་ས་ཁོངས་དང་རིག་གནས་ཀྱི་ཁྱད་སྟོབས་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པར་མ་ཟད།  མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་སྙན་གྲགས་ཇེ་ཆེར་གཏོང་བ་དང་།  མཚོ་སྔོན་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་ཚད་རྒྱ་བསྐྱེད་ཅིང་། རིག་གནས་བརྗེ་རེས་དང་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་མིའི་རིགས་རིག་གནས་ཀྱི་ཁོར་ཡུག་དང་ཕྱི་ཕྱོགས་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ངེས་ཡིན་ཟེར།

   ཚོགས་ཐོག་ཏུ་བང་ཀྲིན་ཧྲིན་གྱིས་བཤད་རྒྱུར།  གཙང་གསུམ་འབྱུང་ཡུལ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་བོའི་འབྱུང་གནས་ཡིན་ལ།  དེ་ན་མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་རིག་གནས་ལོ་རྒྱུས་ཡོད་པས།  པར་ལེན་པ་མང་པོས་ཡིད་སྨོན་བྱེད་སའི་ས་ཁུལ་ཞིག་ཡིན།  ཐེངས་འདིའི་རྒྱལ་སྤྱིའི་པར་ལེན་དུས་ཆེན་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་པར་ལེན་པ་མང་པོས་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་མཛེས་ལྗོངས་ཐམས་ཅད་པར་བརྒྱབ་སྟེ་འཛམ་གླིང་ཡོངས་ལ་མཚོ་སྔོན་དྲིལ་སྒྲོག་བྱེད་པ་དང་།  འཛམ་གླིང་ཡོངས་ཀྱིས་མཚོ་སྔོན་ལ་རྒྱུས་ལོན་ཟབ་མོ་བྱེད་པར་ནུས་པ་ཆེན་པོ་འདོན་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།  ཁོས་མཇུག་མཐར་ཉིས་སྟོང་བཅུ་ལོའི་ཀྲུང་གོ་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་སྤྱིའི་པར་ལེན་དུས་ཆེན་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུས།

                                                                                        གསར་འགོད་པ། བཀྲ་ཤིས་འབུམ།

  འབྲེལ་ཡོད་དྲ་སྦྲེལ།
2010ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རི་ཁུལ་དངོས་བཀོད་གློག་བརྙན་[08-03]
«མཚོ་སྔོན་སྤྱི་ཚོགས་ཚན་རིག»དུས་དེབ་སྤེལ་ནས་ལོ་འཁོར་སུམ་ཅུ་[08-03]
2010ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མུའུ་ཟི་ལིན་གྱི་ཟས་རིགས་དང་ཅ་ལག་[08-03]
སྐོར་དང་པོར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་ཡོང་བའི་ལས་[08-03]
ལའོ་ཡུས་ལིན་གྱིས་གོ་སྐབས་དམ་འཛིན་བྱེད་པ་དང་བྱེད་སྟངས་བསྒྱུར་ནས་མཚོ་སྔོན་[08-03]
ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་ཁང་པ་བཀོད་སྒྲིག་བྱེད་པའི་[08-02]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)