དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
ཝང་ལིན་ཅུན་ཟི་ལིང་མེ་འཁོར་ས་ཚིགས་ལ་སོང་ནས་ཡུལ་
དངོས་ཀྱི་གཞུང་སྒྲུབ་ཚོགས་འདུ་བསྡུས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ7པའི་ཚེས14ཉིན།    

     ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་ཚེས་བཅུ་གསུམ་ཉིན་ཟི་ལིང་མེ་འཁོར་ས་ཚིགས་ལ་སོང་ནས་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་མཚོ་བོད་ལྕགས་ལམ་ཀུང་ཟི། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་གནས་སྐོར་ཅུའུ། ཞིང་ཆེན་སྤྱོད་ཚུལ་ཡོ་བསྲང་གཞུང་སྒྲུབ་ཁང་སོགས་ལས་ཁུངས་ཞུགས་པའི་ཡུལ་དངོས་ཀྱི་གཞུང་སྒྲུབ་ཚོགས་འདུ་བསྡུས་ནས། རང་ཞིང་གི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་འབྲེལ་ཡོད་གནད་དོན་ཐད་ལ་ཞིབ་འཇུག་བྱས་པར་མ་ཟད་རེ་བ་ཞིབ་རྒྱས་བཏོན།

    ཚོགས་ཐོག་ཏུ་མཚོ་བོད་ལྕགས་ལམ་ཀུང་ཟི་དང་ཞིང་ཆེན་གནས་སྐོར་ཅུའུ། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་སྤྱོད་ཚུལ་ཡོ་བསྲང་གཞུང་སྒྲུབ་ཁང་སོགས་ལས་ཁུངས་ཀྱིས་གནས་ཚུལ་ཡར་ཞུ་བྱས། ཝང་ལིན་ཅུན་གྱིས་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས་མཚོ་བོད་ལྕགས་ལམ་ཀུང་ཟིས་མཚོ་སྔོན་གྱི་དཔལ་འབྱོར་འཛུགས་སྐྲུན་ཐད་ལ་ནུས་པ་ཆེན་པོ་བཏོན་པ་དང་། ལྷག་པར་དུ་ཡུས་ཧྲུའུ་གནོད་སེལ་རྒུད་སྐྱོབ་དང་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཐད་ལ་བྱ་བ་གང་མང་བསྒྲུབས་པར་ཁས་ལེན་གང་ལེགས་བྱས། ཁོས་མཚོ་བོད་ལྕགས་ལམ་ཀུང་ཟིས་སྔོན་ཆད་དང་འདྲ་བར་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་པའི་རེ་བ་བཏོན། 

ལོ་ཙཱ་བ།  བཀྲ་ཤིས་འབུམ།

  འབྲེལ་ཡོད་དྲ་སྦྲེལ།
2010ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རི་ཁུལ་དངོས་བཀོད་གློག་བརྙན་[08-03]
«མཚོ་སྔོན་སྤྱི་ཚོགས་ཚན་རིག»དུས་དེབ་སྤེལ་ནས་ལོ་འཁོར་སུམ་ཅུ་[08-03]
2010ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མུའུ་ཟི་ལིན་གྱི་ཟས་རིགས་དང་ཅ་ལག་[08-03]
སྐོར་དང་པོར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་ཡོང་བའི་ལས་[08-03]
ལའོ་ཡུས་ལིན་གྱིས་གོ་སྐབས་དམ་འཛིན་བྱེད་པ་དང་བྱེད་སྟངས་བསྒྱུར་ནས་མཚོ་སྔོན་[08-03]
ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་ཁང་པ་བཀོད་སྒྲིག་བྱེད་པའི་[08-02]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)