ཟླ་བདུན་པའི་ཚེས་བཅུ་གཉིས་ཀྱི་ཕྱིར་དྲོར་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ན་གོར་མོའི་ཆུ་ལོག་འགོག་པ་དང་ཉེན་ཁ་སེལ་བའི་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་སྟག་འབུམ་ཐར་ཆེད་དུ་ཁྲ་ཨེར་ཧན་དུ་སོང་ནས་ཚྭ་མཚོ་ས་ཁུལ་གྱིས་ཆུ་ལོག་སྔོན་འགོག་བྱས་ནས་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་བྱ་བར་ལྟ་ཞིབ་བྱས་ཏེ་མཚོ་སྔོན་ཚྭ་མཚོ་སྡེ་ཚོགས་ཀྱི་ཆུ་ལོག་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་རྒྱུས་ལོན་བྱས།
སྟག་འབུམ་ཐར་གྱིས་ཚྭ་མཚོ་སྡེ་ཚོགས་ཀྱི་འགན་ཁུར་བས་ཡར་ཞུར་ཉན་རྗེས་ཐོག་མར་ཚྭ་མཚོ་སྡེ་ཚོགས་ཀྱི་ཆུ་ལོག་སྔོན་འགོག་བྱ་བར་ཧ་ཅང་གདེང་འཇོག་བྱས་པ་དང་ཁོ་ཚོས་མུ་མཐུད་དུ་ཆུ་ལོག་སྔོན་བྱ་བར་དོ་སྣང་ཆེན་པོ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཆུ་ལོག་འགོག་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ་ཁེ་ལས་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
སྟག་འབུམ་ཐར་གྱིས་ཡུལ་དངོས་ནས་ཁྲ་ཨེར་ཧན་ཚྭ་མཚོ་ས་ཁུལ་གྱི་ས་བབ་དང་ཆུ་དཔྱད་ཀྱི་གནས་ཚུལ་རྒྱུས་ལོན་བྱས་རྗེས་བསྟན་དོན། ན་གོར་མོའི་དེང་སྐབས་དང་རྗེས་ཕྱོགས་ཀྱི་ཆུ་ལོག་འགོག་པའི་བྱ་བར་ངེས་པར་དུ་ཚན་རིག་ལྟར་འཆར་འགོད་དང་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ནས་ན་གོར་མོ་གྲོང་ཁྱེར་གྱི་བདེ་འཇགས་ཁག་ཐེག་བྱེད་དགོས་ལ། རང་ཞིང་གི་ཆེས་གལ་ཆེ་བའི་ཚྭ་མཚོའི་ཐོན་ཁུངས་དང་རང་རྒྱལ་གྱི་ཆེས་ཆེ་བའི་ཅ་ལུད་ཐོན་སྐྱེད་བྱེད་པའི་ཁེ་ལས་ཀྱི་བདེ་འཇགས་ལའང་ཁག་ཐེག་བྱེད་དགོས་ཟེར།
མཇུག་མཐར་སྟག་འབུམ་ཐར་གྱིས་ན་གོར་མོའི་ཆུ་ལོག་སྔོན་འགོག་སྡེ་ཁག་དང་ཚྭ་མཚོའི་ཁེ་ལས་སྡེ་ཚོགས་ཀྱིས་དུས་ཐོག་ཏུ་ཕན་ཚུན་ལ་འབྲེལ་གཏུག་བྱས་ནས་སྟོབས་ཤུགས་མཉམ་འབྲེལ་གྱིས་ཐེངས་འདིའི་ཆུ་ལོག་སྔོན་འགོག་བྱས་ནས་གནོད་འཚེ་ཇེ་ཉུང་དུ་གཏོང་པའི་འཐབ་འཁྲུག་ལས་རྣམ་པར་རྒྱལ་དགོས་པའི་རེ་བ་བཏོན།
ལོ་ཙཱ་བ། བསོད་ནམས་ལྷ་མོ། |