
ཟླ7པའི་ཚེས9ཉིན། ཀྲུང་གོའི་རྒྱང་བསྒྲགས་བརྙན་འཕྲིན་མཐུན་ཚོགས་བརྡ་ཁྱབ་ཆ་འཕྲིན་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐབས་དང་པོའི་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་གོའི་བརྡ་ཁྱབ་མཐུན་ཚོགས་རྒྱང་བསྒྲགས་ཡན་ལག་ཚོགས་པའི་སྐབས་བདུན་པའི་གྲོས་ཚོགས་ཐེངས་གསུམ་པ་རང་ཞིང་ནས་འཚོགས། ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་གྲོས་ཚོགས་སུ་ཞུགས་ཤིང་གཏམ་བཤད། ཁོང་གིས་རྒྱང་བསྒྲགས་གསར་འགྱུར་བྱ་བས་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཤིང་རང་ཉིད་ཀྱི་གནས་བབ་ལེགས་པོ་འདོན་སྤེལ་བྱས་ཏེ། མཚོ་སྔོན་གོང་དུ་འཕེལ་བའི་རྣམ་པ་གསར་བ་དང་ཉམས་འགྱུར་གསར་བ། མཛད་རྗེས་གསར་བ་དང་གྲུབ་འབྲས་གསར་བ་བཅས་ཁྱོན་ཡོངས་ནས་སྤེལ་གཏོང་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད། |