དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། སྲིད་གཞུང་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
སྟག་འབུམ་ཐར་གྱིས་བིན་ཆོན་ཆུ་མཛོད་ཀྱི་ཡུལ་དངོས་ནས་
ཆུ་ལོག་ཕུད་པའི་བྱ་བར་བཀོད་འདོམས་བྱས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ7པའི་ཚེས11ཉིན།    

    ཟླ་བདུན་པའི་ཚེས་བཅུའི་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་སྟེང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ན་གོར་མོའི་ཆུ་འགོག་ཉེན་སེལ་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་སྟག་འབུམ་ཐར་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་བརྒྱ་དང་ཉེར་བདུན་ཕྱི་རོལ་གྱི་བིན་ཆོན་ཆུ་མཛོད་དུ་སོང་ནས། ཆུ་མཛོད་ཀྱི་བདེ་འཇགས་གནས་ཚུལ་དང་། ཆུ་ལོག་ཕུད་སའི་ཆུ་ལམ་ལས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་བར་མ་ཟད། ཡུལ་དངོས་གཞུང་སྒྲུབ་ཚོགས་འདུ་བསྡུས་ཏེ། ཆུ་བེད་དང་འགྲིམ་འགྲུལ། ན་གོར་མོ་གྲོང་ཁྱེར་གྱི་འགོ་ཁྲིད་པ་དང་ལྷན་དུ་རིམ་པ་རྗེས་མའི་བྱ་བར་ཞིབ་འཇུག་བྱས།
    ཕྱི་དྲོའི་དུས་ཚོད་བཞིའི་སྟེང་། སྟག་འབུམ་ཐར་གྱིས་ཆུ་འགོག་ཉེན་སེལ་དུ་ཞུགས་པའི་དྲག་ཆས་ཉེན་རྟོག་སྤྱིའི་རུ་ཁག་གི་ཡན་ལག་རུ་ཁག་གསུམ་པ་དང་། དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་རུ་ཁག་དང་པོ། མཚོ་ནུབ་དང་ན་གོར་མོའི་མེ་གསོད་རུ་ཁག་བཅས་ཀྱི་དཔོན་དམག་ལྔ་བརྒྱ་དང་སུམ་ཅུ་ལྷག་ལ་འཚམས་འདྲི་བྱས་པ་དང་། དཔོན་དམག་ཚོས་ས་ཡོམ་གནོད་སེལ་རྒུད་སྐྱོབ་ཀྱི་སྙིང་སྟོབས་དང་བསྟུད་མར་འབད་འཐབ་བྱེད་པའི་སྲོལ་རྒྱུན་དེ་མུ་མཐུད་དུ་དར་སྤེལ་བྱས་ཏེ། ཆུ་མཛོད་ཀྱི་བདེ་འཇགས་ཁག་ཐེག་དང་། ན་གོར་མོ་གྲོང་ཁྱེར་གྱི་བདེ་འཇགས་ལ་ཁག་ཐེག་བྱས་ཏེ། ཆུ་འགོག་ཉེན་སེལ་གྱི་མཇུག་མཐའི་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་དགོས་པའི་སྐུལ་མ་བཏང་།

ལོ་ཙཱ་བ། ཀླུ་འབུམ་བྱམས།

  འབྲེལ་ཡོད་དྲ་སྦྲེལ།
ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་ཞང་དང་གྲོང་བརྡལ་གྱི་ཁྱིམ་གཞི་བསྐྱར་འཛུགས་འཆར་[09-06]
ཨ་ཆེན་གངས་རྒྱབ་ཀྱི་རི་དྭགས་གཙོད་སྲུང་སྐྱོབ་བྱེད་པའི་ཐད་ལ་རོགས་སྐྱོར་བྱེད་པའི་[09-06]
གཙང་གསུམ་འབྱུང་ཡུལ་ས་ཁུལ་ནས་བྱེ་ཐང་བཅོས་སྐྱོང་བྱེད་[09-06]
ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཕྱོགས་ཀྱི་གཞི་རིམ་ལས་བྱེད་པའི་སྟོན་ཁ་དང་དགུན་[09-06]
མ་དངུལ་སྒོར་མོ་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་གཉིས་ཁྲི་གསུམ་བཏང་སྟེ་གཏེར་[09-06]
རང་ཞིང་གི་དུས་སྐབས་གཉིས་པའི“ཀྲུང་གོའི་དམངས་ཡོངས་ཀྱི་བདེ་[09-05]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)