
མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་ཀྱི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གྱིས་བསྐྱར་འཛུགས་བཟོ་སྐྲུན་ཡུལ་དངོས་ནས་ལས་བཟོ་བར་བཟོ་སྐྲུན་གྱི་རྒྱུ་སྤུས་ལ་ངེས་པར་ཁག་ཐེག་བྱེད་དགོས་པ་ནན་བཤད་བྱེད་བཞིན་པ།
ཟླ6པའི་ཚེས29ཉིན་གྱི་སྔ་དྲོ། ཞིང་ཆེན་ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་ཀྱི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ། ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གྱིས་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཁྲིད་ནས་ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་བཟོ་སྐྲུན་གཙོ་བོ་གསུམ་གྱི་ཡུལ་དངོས་སུ་སོང་ནས་རྟོག་དཔྱོད་བྱས་ཏེ་བསྐྱར་འཛུགས་བྱ་བར་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། བསྐྱར་འཛུགས་ལས་ཁུངས་ཀྱིས་བཟོ་སྐྲུན་གྱི་རྒྱུ་སྤུས་གོ་གནས་དང་པོར་འཇོག་དགོས་པ་དང་རྒྱུ་སྤུས་ལ་ཁག་ཐེག་བྱས་ནས་ཡུས་ཧྲུའུ་ཡི་བསྐྱར་འཛུགས་བྱ་བ་བདེ་བླག་ངང་བསྒྲུབ་དགོས་པའི་རེ་བ་བཏོན།
མཱ་ཧྲུན་ཆིན་འཁོར་དང་བཅས་པ་སྔ་གཞུག་ཏུ་མཚོ་སྔོན་ཅན་ཡེCLབཟོ་སྐྲུན་མ་ལག་པང་ལེབ་ཁང་བ་ལས་བཞིན་པའི་བཟོ་སྐྲུན་ཡུལ་དངོས་དང་ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་གཏེར་བཟོ་སྐྲུན་རུ་ཁག་དང་། དཀར་མདའ་སྡེ་བ་བཅས་ལ་སོང་ནས་འཛུགས་སྐྲུན་བྱེད་བཞིན་པའི་འབྲོག་པའི་གཏན་སྡོད་ཁང་བར་རྟོག་ཞིབ་བྱས་ཏེ། ཡོམ་འགོག་དང་མེ་འགོག བཟོ་སྐྲུན་དུས་ཡུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ད་ལྟ་ལས་བཞིན་པའི་པང་ལེབ་ཀྱི་ཁང་བ་དེ་དག་གི་མ་རྩ་དམའ་ཞིང་ཁང་བ་ལས་ཚད་མགྱོགས་ལ། དེས་འབྲོག་པ་མང་ཚོགས་བཀོད་སྒྲིག་བྱེད་པར་ཚོད་ལྟའི་ནུས་པ་བཟང་བོ་ཞིག་ཐོན་ཡོད་པས། མཱ་ཧྲུན་ཆིན་དགའ་སྤྲོ་ཆེན་པོ་སྐྱེས།
ཀྲུང་གོ་མཚོ་སྔོན་སྣུམ་གཏེར་བཟོ་སྐྲུན་རུ་ཁག་ནས་མཱ་ཧྲུན་ཆིན་གྱིས་ཨར་ལས་བཟོ་སྐྲུན་དེའི་སྔོན་འགྲོའི་བྱ་བ་བྲེལ་མྱུར་གྱིས་སྒྲུབ་བཞིན་ཡོད་པ་དང་། ད་ལོའི་དགུན་ཁ་བར་ཁང་པ་མུས་རྒྱ་དཔངས་གྲུ་བཞི་མ་བྱེ་བ་གཉིས་ལ་རང་བྱུང་སོལ་རླངས་འདོན་སྤྲོད་བྱས་ནས་གནོད་ཐེབས་མང་ཚོགས་ལ་ལྷད་མེད་པའི་རང་བྱུང་དྲོད་རླངས་བཀོལ་དུ་འཇུག་རྒྱུ་ཡིན་པ་ཤེས་རྗེས། མཱ་ཧྲུན་ཆིན་གྱིས་ཀྲུང་གོ་རྡོ་སྣུམ་གྱི་འབྲེལ་ཡོད་མགོ་ཁྲིད་ལ་བཀའ་དྲིན་ཆེ་ཞུས། དཀར་མདའ་སྡེ་བའི་འབྲོག་པའི་གཏན་སྡོད་ཁང་བ་ལས་ས་ནས་མཱ་ཧྲུན་ཆིན་གྱིས་ཡུལ་དངོས་ནས་བཟོ་སྐྲུན་རྒྱུ་ཆ་སྟེ། ཨར་འདམ་དང་སོ་ཕག ཁང་བ་སོགས་རེ་རེ་བྱས་ནས་ཞིབ་བཤེར་ནན་མོ་བྱས་ནས་ཉེ་འགྲམ་གྱི་འབྲེལ་ཡོད་ལས་བྱེད་པར་བཤད་རྒྱུར། བཟོ་སྐྲུན་རྒྱུ་ཆའི་རྒྱུ་སྤུས་ལ་ལྟ་སྐུལ་བཟང་བོ་བྱེད་དགོས་ལ། རྒྱུ་སྤུས་ཨང་དང་པོ་དང་བདེ་འཇགས་ཨང་དང་པོར་འཇོག་དགོས་པའི་འདུ་ཤེས་བཟུང་སྟེ། རྒྱུ་སྤུས་ལ་ཁག་ཐེག་བྱེད་པའི་རྨང་གཞིའི་སྟེང་བཟོ་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་གནོད་ཐེབས་ས་ཆའི་འབྲོག་པར་བདེ་སྐྱིད་ཀྱི་ཁྱིམ་གཞི་ཞིག་བསྐྲུན་པ་དང་ཡུས་ཧྲུའུ་གསར་བ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་དགུས་འབད་པ་བྱེད་དགོས་ཞེས་བསྟན།



དཀར་མདའ་སྡེ་བའི་བསྐྱར་འཛུགས་བཟོ་སྐྲུན་ཁྲོད་ཀྱི་རྒྱུ་སྤུས་གནད་དོན་ལ་དམིགས་ནས། མཱ་ཧྲིན་ཆིན་གྱིས་བཟོ་སྐྲུན་ཡུལ་དངོས་ཀྱི་ལས་བཟོ་བ་ཚོར་བཟོ་སྐྲུན་གྱི་རྒྱུ་ཆར་ངེས་པར་དུ་ཞིབ་བཤེར་ནན་མོ་བྱེད་དགོས་ལ། ང་ཚོར་དགོས་པ་ནི་རྒྱུ་སྤུས་དང་བདེ་འཇགས་ཡིན་ཟེར།
གསར་འགོད་པ། སྟོབས་ལྡན་བཀྲ་ཤིས། |