དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
ཧོས་ལེང་ཡུས་ཀྱིས་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ6པའི་ཚེས20ཉིན།    


ཚེས་བཅུ་དགུའི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གནོད་སེལ་རྒུད་སྐྱོབ་སྤྱིའི་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཧོས་ལེང་ཡུས་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་བེ་རྣམ་གཉིས་ཀྱིས་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་ནས་ཕྱི་རྒྱལ་གྱི་གནས་སྐོར་པ་ཞིག་དང་ལག་འཇུ་བྱས་ནས་བྱམས་བརྩེའི་ངང་ཁ་བརྡ་བྱེད་བཞིན་པ།

   མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་བྱ་བར་རྒྱལ་ཁ་ཆེན་པོ་ཐོབ་པ་དང་། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་ཕྱོགས་ཡོངས་ནས་བསྒྲུབ་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གནོད་སེལ་རྒུད་སྐྱོབ་སྤྱིའི་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཧོས་ལེང་ཡུས་ཉེ་ལམ་ཡུས་ཧྲུའུ་ས་འགུལ་གྱི་གནོད་ཐེབས་ས་ཁུལ་དུ་སོང་ནས་གནོད་ཐེབས་ས་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སླར་གསོ་བསྐྱར་འཛུགས་བྱ་བར་བཏོན་པའི་བསམ་འཆར་དང་གྲོས་གཞིར་ཉན་པ་དང་། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོ་བྱ་བར་མཛུབ་སྟོན་དང་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཡུས་ཧྲུའུ་ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་བྱ་བ་དེ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཀྱི་དུས་རིམ་གསར་བར་བསླེབས་པས། ང་ཚོས་ནན་ཏན་གྱིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དུ་བསྟར་བ་དང་།  གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ།  འགན་ཁུར་གྱི་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། བྱེད་ཐབས་སྤྱོད་པར་སྔར་ལས་སྐུལ་སློང་བྱེད་པ། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་།  མཐུན་རྐྱེན་སྣ་ཚོགས་བཀོལ་སྤྱོད་བྱས་ཏེ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བའི་མཐོ་རླབས་ཤིག་སློང་དགོས་ཟེར།
 ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་ཧོས་ལེང་ཡུས་སོགས་གནམ་གྲུ་ལས་བབས་མ་ཐག་ས་འགུལ་གྱི་གནོད་འཚེ་ཚབས་ཆེ་བའི་སྐྱེ་རྒུ་གྲོང་བརྡལ་དུ་ཕེབས། དེ་ནི་ཡུས་ཧྲུའུ་ས་འགུལ་བརྒྱུགས་རྗེས་ཁོ་རང་ས་དེར་ཕེབས་ཐེངས་ལྔ་བ་རེད། རྟ་རྒྱུགས་ཐང་དུ་གནས་སྐབས་སུ་བཀོད་སྒྲིག་བྱས་ཡོད་པའི་སྡོད་དམངས་འདུག་ས་དང་། འཚོ་བའི་མཁོ་རྫས་བཙོང་སའི་ཚོང་ར་སོགས་ནས་ཧོས་ལིང་ཡུས་སྦྲ་གུར་ནང་དུ་ཕེབས་ཏེ་གནོད་ཐེབས་མང་ཚོགས་ལ་ཟས་རིགས་དང་། འབུད་ཆས། འཐུང་ཆུ། ནད་སྟོན་པ་དང་ཚོང་རའི་ཚོང་རྫས་སོགས་ཀྱི་གནས་ཚུལ་ཞིབ་མོར་དྲིས། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་བདེ་ཞིང་སྐྱིད་པ་དང་། འཚོ་བར་གོ་རིམ་ལྡན་པའི་གནས་ཚུལ་མཐོང་རྗེས་ཁོས་ད་ཐེངས་ནི་ཐེངས་སྔོན་མ་བཞི་ལ་ཡོང་བའི་སྐབས་དང་ཧ་ཅང་མི་འདྲ་ཞེས་གདེང་འཇོག་མཐོན་པོ་གནང་བ་མ་ཟད།  ས་དེའི་ལས་བྱེད་པར་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་བཟང་བོ་བྱས་ནས། སྔ་མོ་ནས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་དགུན་ལས་ཐར་བའི་སྦྲ་གུར་དང་།  ལྕགས་ཐབ། འབུད་ཆས་སོགས་དངོས་རྫས་གྲ་སྒྲིག་བྱས་ནས་ཁོ་ཚོའི་དཀའ་ཁག་དངོས་ཐག་གཅོད་དགོས་པའི་མངགས་བཅོལ་གནང་།
    རྟོག་ཞིབ་བྱེད་སྐབས། ཧོས་ལེང་ཡུས་ཀྱིས་འབྲེལ་ཡོད་ཕྱོགས་ཀྱི་ཡར་ཞུར་ཉན་པ་དང་། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོའི་གྲ་སྒྲིག་བྱ་བ་སྣ་ཚོགས་ལ་ཁས་ལེན་གང་ལེགས་མཛད། གད་སྙིགས་གཙང་བཤེར་དང་ཨར་ལས་འཛུགས་སྐྲུན་དངོས་རྫས་འགན་སྲུང་བྱ་བ་ནི་ཡུས་ཧྲུའུ་ས་འགུལ་གྱི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོ་བྱ་བའི་གཞི་རྩའི་ཆ་རྐྱེན་གཉིས་ཡིན་པས་ཧོས་ལེང་ཡུས་ཀྱིས་དེར་ཐུགས་ཁུར་ཆེན་པོ་གནང་། བཀྲ་ཤིས་དར་ཐང་གི་གད་སྙིགས་གཙང་བཤེར་བྱེད་ས་ནས་ཧོས་ལེང་ཡུས་ཀྱིས་གད་སྙིགས་གཙང་བཤེར་བྱེད་བཞིན་པའི་དམག་དཔུང་གི་དཔོན་དམག་རྣམས་ལ་འཚམས་འདྲི་ཞུས། ཁོང་གིས་གསུངས་དོན། ས་འགུལ་གྱི་མྱུར་སྐྱོབ་གནོད་སེལ་བྱ་བའི་ཁྲོད་དུ། མི་དམངས་དམག་དཔུང་གིས་ཡུལ་དངོས་སུ་ཐོན་ནས་རྒོལ་རྡུང་རུ་ཁག་གི་ནུས་པ་བཏོན། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཁྲོད་དུའང་གད་སྙིགས་གཙང་བཤེར་གྱི་དཀའ་ཚེགས་ཆེ་བའི་ལས་འགན་འཁུར་ཏེ་བྱས་རྗེས་གལ་ཆེན་བཞག་ཅེས་གཟེངས་བསྟོད་བྱས།
   ཧོས་ལེང་ཡུས་ཀྱིས་ད་རུང་ཁྲ་འགུ་སྡེ་བ་དང་དམག་དཔུང་གི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།
    ཧོས་ལེང་ཡུས་ཡིས་ནན་གྱིས་བསྟན་དོན།  གནོད་ཐེབས་ས་ཁུལ་གྱི་ཐོན་སྐྱེད་སླར་གསོ་བྱ་བར་མཐོང་ཆེན་བྱས་ནས། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལས་ཀར་ཞུགས་ནས་ཡོང་སྒོ་བསྐྲུན་པར་ཡར་སྐུལ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཐོན་ཁུངས་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་།  ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་དང་། ཞིང་ལས་སྒྲིག་ཆས།  ཞིང་ཕྱུགས་ཐོན་རྫས་སོགས་ལས་སྣོན་དང་གནས་སྐོར་ལས་རིགས་དང་།  ཚོང་ལས་ཉོ་ཚོང་འཁོར་རྒྱུགས་ལས་རིགས།  མི་རིགས་ལག་ཤེས་བཟོ་ལས་ལས་རིགས་སོགས་ཁྱད་ཆོས་ཐོན་ལས་སླར་གསོ་དང་འཕེལ་རྒྱས་སུ་གཏོང་དགོས། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོ་བྱ་བའི་ཁྲོད་དུ ། རབ་ཡིན་ན་གནོད་ཐེབས་མང་ཚོགས་མང་པོ་ཞུགས་དགོས་པ་དང་སྤྱི་ཕན་གྱི་ལས་གནས་སྣ་ཚོགས་སུ་ལས་ཀར་ཞུགས་དཀའ་བའི་མི་སྣ་སྐོར་ཞིག་དམིགས་སུ་བཀར་ཏེ་བཀོད་སྒྲིག་བྱེད་དགོས་ཟེར།

ལོ་ཙཱ་བ།  བདེ་སྐྱིད་འཚོ།

  འབྲེལ་ཡོད་དྲ་སྦྲེལ།
2010ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རི་ཁུལ་དངོས་བཀོད་གློག་བརྙན་[08-03]
«མཚོ་སྔོན་སྤྱི་ཚོགས་ཚན་རིག»དུས་དེབ་སྤེལ་ནས་ལོ་འཁོར་སུམ་ཅུ་[08-03]
2010ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མུའུ་ཟི་ལིན་གྱི་ཟས་རིགས་དང་ཅ་ལག་[08-03]
སྐོར་དང་པོར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་ཡོང་བའི་ལས་[08-03]
ལའོ་ཡུས་ལིན་གྱིས་གོ་སྐབས་དམ་འཛིན་བྱེད་པ་དང་བྱེད་སྟངས་བསྒྱུར་ནས་མཚོ་སྔོན་[08-03]
ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་ཁང་པ་བཀོད་སྒྲིག་བྱེད་པའི་[08-02]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)