སྲིད་གཞུང་གི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པའི་དངུལ་ལོར་ལ་སློབ་སྦྱོང་དང་། དངུལ་ལོར་ཤེས་བ། དངུལ་ལོར་བཀོལ་བའི་གལ་ཆེན་རང་བཞིན་གྱི་ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་ཆེད། ཚེས་ཉེར་གཉིས་ཉིན་ཞིང་ཆེན་སྲིད་གཞུང་གིས་སློབ་སྦྱོང་སྙན་ཞུ་ཚོགས་འདུ་བསྡུས་ནས། ཀྲུང་གོ་མི་དམངས་དངུལ་ཁང་ཞིབ་འཇུག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དབྱི་ཁྲིན་དང་། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དངུལ་ལོར་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཉེ་ཀྲིན་ཕེན་གཉིས་གདན་འདྲེན་ཞུས་ནས་ཆེད་དོན་འཆད་ཁྲིད་བྱས། དེ་ནི་ཞིང་ཆེན་སྲིད་གཞུང་གིས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཧུར་ཐག་གིས་སློབ་སྦྱོང་གི་རྣམ་པས་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཧོས་ཉིན་དང་། ཧྲིན་ཀྲང་གཞོན་པ་ཧོ་ཐིང་གཉིས་སྙན་ཞུ་ཚོགས་འདུར་ཞུགས། སྙན་ཞུ་ཚོགས་འདུར་ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་གིས་མགོ་འཛིན་བྱས། སློབ་སྦྱོང་སྙན་ཞུ་ཚོགས་འདུར་ཞུགས་མཁན་ད་རུང་ཟི་ལིང་དུ་ཡོད་པའི་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། དྲུང་ཡིག་ཆེན་མོ་གཞོན་པ། དེ་མིན་ཞིང་ཆེན་ཡོངས་ཀྱི་དངུལ་ལོར་བྱ་བའི་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་ཚང་མ་ཡོད།
དབྱི་ཁྲིན་དང་ཉེ་ཀྲིན་ཕེན་གཉིས་ཀྱིས་ལོ་མང་པོར་དངུལ་ལོར་བྱ་བ་སྒྲུབ་མྱོང་བ་དང་། དངུལ་ལོར་སྲིད་ཇུས་ལ་ནུས་བ་བཏོན་ནས་ས་གནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཞིབ་འཇུག་མང་བོ་བྱས་བ་དང་རིགས་གཞུང་དང་ལག་ལེན་ཐད་ནས་ཀྱང་ཤེས་བྱ་དང་ཉམས་མྱོང་མང་པོ་ལྡན། དབྱི་ཁྲིན་དང་ཉེ་ཀྲིན་ཕེན་གཉིས་ཀྱིས་སོ་སོར་དངུལ་ལོར་ཞབས་ཞུ་ས་གནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ནོར་སྲིད་ཀྱིས་དངུལ་ལོར་འཕེལ་རྒྱས་སུ་གཏོང་བའི་བརྗོད་བྱ་གཙོ་བོ་དེ་གཉིས་ལ་དམིགས་ནས་དངུལ་ལོར་གྱིས་དར་རྒྱས་མིན་པའི་ས་ཁུལ་གྱི་དཔལ་འབྱོར་ཇི་ལྟར་འཕེལ་རྒྱས་སུ་གཏོང་བ་དང་། དངུལ་ལོར་གྱིས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཐབས་ལམ་དང་བྱེད་ཐབས་འདེམ་པ། དངུལ་ལོར་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱེད་པ་སོགས་དངུལ་ལོར་གནད་དོན་གལ་ཆེན་ཐད་ལ་ནང་དོན་ལྡན་པའི་འཆད་ཁྲིད་ཐེངས་ཤིག་བྱས།
ལོ་ཙཱ་བ། བདེ་སྐྱིད་འཚོ། |