དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། སྲིད་གཞུང་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
ཞིང་ཆེན་ཏང་གི་འཛུགས་སྐྲུན་ཞིབ་འཇུག་ཚོགས་པའི་ཨུ་ཡོན་
འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པ་ཟི་ལིང་ནས་ཚོགས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས25ཉིན།    

   ཞིང་ཆེན་ཏང་གི་འཛུགས་སྐྲུན་ཞིབ་འཇུག་ཚོགས་པའི་ཨུ་ཡོན་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པ་ཚེས་ཉེར་གསུམ་ཉིན་ཟི་ལིང་ནས་ཚོགས། གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཛུགས་སྐྲུན་ཞིབ་འཇུག་ཚོགས་འདུའི་ལས་འཛིན་ལྷན་ཚོགས་སྐབས་གཉིས་བའི་ཚུན་གྱི་བྱ་བར་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་བ་དང་། སྐབས་གཉིས་བའི་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། མཚོ་སྔོན་ཞིང་ཆེན་ཏང་གི་འཛུགས་སྐྲུན་ཞིབ་འཇུག་ཚོགས་འདུའི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་།   སྐབས་གསར་བའི་མགོ་ཁྲིད་སྒྲིག་གཞི་འདམ་ཐོན་བྱུང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཆི་ཡུས་ཀྱིས་ཞིང་ཆེན་ཏང་འཛུགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོར་བདམས། གྲོས་ཚོགས་མཇུག་བསྡུ་སྐབས་ཆི་ཡུས་ཀྱིས་གཏམ་བཤད།
    ཆི་ཡུས་ཀྱིས་ཨུ་ཡོན་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་བའི་ཚུན་གྱི་བྱ་བའི་གྲུབ་འབྲས་དང་ཕན་འབྲས་བླངས་བའི་ཉམས་མྱོང་ཁས་བླངས་རྗེས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་གནས་བབ་གསར་བའི་འོག་ཏུ་སྔར་ལས་ལྷག་པས་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པར་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ་བཏོན་པར་མ་ཟད། ང་ཚོས་ཏང་འཛུགས་ཞིབ་འཇུག་བྱ་བ་སྤེལ་བར་དཔེ་གཞི་གསར་བ་བཏོན། ཏང་འཛུགས་ཞིབ་འཇུག་བྱ་བ་བསྒྲུབ་མཁན་གྱིས་གནས་བབ་གསར་བའི་འོག་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པའི་སྤྱིའི་བཀོད་སྒྲིག་དང་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས། ཏང་གི་སྲིད་སྐྱོང་ནུས་བ་འཛུགས་སྐྲུན་དང་སྔོན་ཐོན་རང་བཞིན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བཟང་ཞིང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པའི་ཚད་མཐོན་པོ་ནས། ཏང་འཛུགས་ཞིབ་འཇུག་བྱ་བའི་དོན་སྙིང་གལ་ཆེན་ངོས་འཛིན་ཟབ་མོ་བྱེད་པ་དང་། ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་ཚད་མཐོན་པོ་ནས་གནས་བབ་གསར་བའི་འོག་གི་ཏང་འཛུགས་ཞིབ་འཇུག་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

ལོ་ཙཱ་བ།  བདེ་སྐྱིད་འཚོ།

  འབྲེལ་ཡོད་དྲ་སྦྲེལ།
མཚོ་སྔོན་དང་བོད་ལྗོངས་ས་གཤིས་གཏེར་རྫས་ཐོན་ཁུངས་ཞིབ་བཤེར་[09-02]
ཞིང་ཆེན་ཡོངས་ཀྱི་ནགས་ཚལ་སྤྱི་བདེ་མངག་གཏོང་སའོ་ཀྲང་ལ་གཅིག་སྡུད་[09-02]
2010ལོའི་ཀྲུང་གོ་ཚོང་རྟགས་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོ་དང་འཐབ་ཇུས་ལག་བསྟར་[09-02]
ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་2010ལོའི་སྟོན་ཁའི་[09-02]
རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས་ཞང་དང་མཁར་གྲོང་སྡོད་དམངས་ཀྱི་[09-02]
ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་ཀྱི་པར་རིས་ཞིང་ཆེན་གཞན་ནས་སྐོར་སྐྱོད་འགྲེམ་སྟོན་བྱེད་[09-02]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)