དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཝང་ལིན་ཅུན་གྱིས་ཐེ་ཝན་གྱི་གསར་འགྱུར་ལས་ཁུངས་
གྲགས་ཅན་གྱི་བཅར་འདྲི་དང་ལེན་བྱས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས18ཉིན།    

    ཟླ3པའི་ཚེས16ཉིན། ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་ཐེན་ཝན་གྱི་བང་བང་སྡེ་ཚོགས་ལ་སོང་ནས་རྟོག་ཞིབ་བྱས་པ་དང་། སྡེ་ཚོགས་དེའི་ཏུང་ཧྲི་ཀྲང་ཚེ་ཡན་མེན་དང་བཞུགས་མོལ་བྱས་པར་མ་ཟད། བང་བང་སྡེ་ཚོགས་ཀྱི་ཁོངས་སུ་གཏོགས་པའི་ཀྲུང་ཐེན་བརྙན་འཕྲིན་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱས།
    ཐེ་ཝན་གྱི་བང་བང་སྡེ་ཚོགས་ནི་ལོ་བཞི་བཅུ་ལྷག་གི་ལོ་རྒྱུས་ལྡན་པའི་ཀུང་ཟི་ཞིག་ཡིན་ལ། ད་ལྟ་གཙོ་བོར་ཟས་རིགས་དང་སྨྱན་བྱེད། ཁང་ས་སོགས་ཐོན་ལས་གཉེར་གྱིན་ཡོད། རྒྱལ་ནང་དུ་མ་དངུལ་བཏང་ནས་བཙུགས་པའི་མགྲོན་ཁང་བཞིའི་ནང་གི་གཅིག་མཚོ་སྔོན་དུ་ཡོད། ཐེ་ཝན་དུ་ཀྲུང་ཐེན་བརྙན་འཕྲིན་ཁང་གི་ལེ་ཚན་ལ་བལྟ་མཁན་ཧ་ཅང་མང་།
    ཝང་ལིན་ཅུན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས། ད་ལྟ་མཚོ་སྔོན་གྱིས་གོ་སྐབས་དམ་འཛིན་བྱས་ཏེ། མཆོང་སྐྱོད་ཀྱི་འཕེལ་རྒྱས་དང་སྐྱོན་བྲལ་བའི་འཕེལ་རྒྱས། འཆམ་མཐུན་འཕེལ་རྒྱས།  གཅིག་གྱུར་འཆར་འགོད་ཀྱི་འཕེལ་རྒྱས་བཅས་ལ་བརྩོན་བཞིན་ཡོད། མཚོ་སྔོན་དང་ཐེ་ཝན་བར་གྱི་བརྗེ་རེས་དེ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཇེ་བཟང་དང་། མཚོ་སྔོན་གྱིས་ཕྱི་ལ་སྒོ་འབྱེད་ཚད་ཇེ་ཆེར་བཏང་བ། ཐེ་ཝན་གྱི་མང་ཚོགས་ཀྱིས་མཚོ་སྔོན་གྱི་ངོས་ཟིན་ཇེ་ཟབ་དུ་སོང་བ་བཅས་དང་བསྟུན་ནས་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད། མཚོ་སྔོན་དང་ཐེ་ཝན་གཉིས་བར་ཐག་ཅུང་རིང་ན་ཡང་། ས་ཁུལ་གཉི་ཀར་དཔལ་འབྱོར་ཉོ་འཚོང་དང་རིག་གནས། གནས་སྐོར་སོགས་ཁོངས་གཏོགས་ནས་བརྗེ་རེས་དང་མཉམ་ལས་བྱེད་པའི་མཐུན་རྐྱེན་མང་པོ་ཡོད་ལ། མཚོ་སྔོན་གྱི་རྒྱུ་ཆ་གསར་བ་དང་ནུས་ཁུངས་ཀྱི་ཐོན་ལས་གསར་བ། གནས་སྐོར་ལས་རིགས་བཅས་ཀྱི་ཐད་ལ་མ་དངུལ་གཏོང་བའི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ཟེར།
    ཝང་ལིན་ཅུན་གྱིས་ད་དུང་ཀྲུང་ཐེན་བརྙན་འཕྲིན་ཁང་བརྒྱུད་དེ། མཚོ་སྔོན་གྱི་རིག་གནས་དང་གནས་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་འཚམས་སྦྱོར་བྱས་བར་མ་ཟད། མཚོ་སྔོན་དང་ཐེ་ཝན་གཉི་ཀའི་མཉམ་ལས་སྔར་ལས་མང་པོ་བྱེད་རྒྱུ་དང་། མཚོ་སྔོན་གྱི་ཁེ་ལས་པ་མང་པོ་ཞིག་ཐེ་ཝན་ལ་སོང་ནས་ཚོང་ལས་གཉེར་རྒྱུ་དང་། ཐེ་ཝན་གྱི་ཚོང་བ་མང་པོས་ཀྱང་མཚོ་སྔོན་དུ་མ་དངུལ་བཏང་ནས་ཚོང་ལས་གཉེར་བ། ཕྱོགས་མང་པོའི་བརྗེ་རེས་ལ་བརྟེན་ནས། མཚོ་འགག་འགྲམ་གཉི་ཀའི་འབྲེལ་བ་གོང་དུ་སྤེལ་བར་མཉམ་དུ་ཡར་སྐུལ་གཏོང་དགོས་པའི་རེ་བ་བཏོན།

ལོ་ཙཱ་བ། ཀླུ་འབུམ་བྱམས།

  འབྲེལ་ཡོད་དྲ་སྦྲེལ།
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་[07-26]
ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།བློ་མཐུན་ཀྲིག་ཡུང་ཁང་གིས་[07-26]
ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་བཏང་སྟེ་[07-26]
རང་ཞིང་གིས་རོང་འབྲོག་ཕྱོགས་ཀྱི་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་[07-26]
མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་སྐབས་དགུ་བ[07-26]
2010ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བའི་རོགས་རམ་མ་དངུལ་[07-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)