དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཝང་ལིན་ཅུན་གྱིས་ཐེ་ཝན་ཆུ་ཤོག་སྡེ་ཚོགས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས18ཉིན།    

    ཚེས་བཅུ་བདུན་ཉིན། ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་གྱིས་ཐེ་ཝན་ཆུ་ཤོག་སྡེ་ཚོགས་ཀྱི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ཐེ་ཝན་ཆུ་ཤོག་སྡེ་ཚོགས་ཀྱི་ཙུང་ཚེ་གཞོན་པ་བང་རོས་ཧྭ་དང་མཉམ་དུ་མཛའ་བརྩེ་ངང་གླེང་མོལ་མཛད། ལྕམ་མོ་བང་རོས་ཧྭ་ཡིས་ཐོག་མར་ཝང་ལིན་ཅུན་སོགས་ཀྱིས་ཐེ་ཝན་ནས་མཛེས་སྡུག་གི་མཚོ་སྔོན་ཐེ་ཝན་དུ་བསྐྱོད་པའི་བྱ་འགུལ་སྤེལ་པའི་སྐབས་སུ་ཆེད་དུ་ཐེ་ཝན་ཆུ་ཤོག་སྡེ་ཚོགས་སུ་རྟོག་ཞིབ་བྱེད་དུ་ཡོང་པར་བཀའ་དྲིན་ཞུས་པ་དང་།  ཁོ་མོས་ཐེ་ཝན་ཆུ་ཤོག་སྡེ་ཚོགས་ཀྱིས་མ་དངུལ་བཏང་སྟེ་མཚོ་སྔོན་ནས་འཛུགས་སྐྲུན་བྱེད་བཞིན་པའི་མེན་ཏི་སློབ་ཆུང་གི་གཞི་རྩའི་གནས་ཚུལ་དང་གོ་རིམ་རྗེས་མར་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་པའི་འཆར་གཞི་མཚམས་སྦྱོར་བྱས།

 

 

 

   ཝང་ལིན་ཅུན་གྱིས་ཐེ་ཝན་ཆུ་ཤོག་སྡེ་ཚོགས་ཀྱིས་མཚོ་སྔོན་གྱི་སྤྱི་ཕན་ལས་དོན་ལ་འབད་བརྩོན་གྱིས་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས།  ཁོས་བཤད་རྒྱུར། ལོ་མང་པོའི་རིང་ལ་ཐེ་ཝན་ཆུ་ཤོག་སྡེ་ཚོགས་ཀྱིས་མཚོ་སྔོན་གྱི་ཁུལ་དང་ཏིས།  གྲོང་ཁྱེར་བཅས་བརྒྱད་ཀྱི་རྫོང་ཉི་ཤུ་ལ་མ་དངུལ་སྒོར་མོ་བྱེ་བ་ལྔ་བཏང་ནས་མེན་ཏི་སློབ་ཆུང་འཛུགས་སྐྲུན་བྱས་པས་མཚོ་སྔོན་གྱི་དབུལ་ཕོངས་ས་ཁུལ་གྱི་སློབ་ཆུང་གི་སློབ་ཁྲིད་ཁོར་ཡུག་ལེགས་བཅོས་དང་སློབ་མའི་བྱང་ཚད་ཇེ་མཐོར་བཏང་།  རྗེས་ཕྱོགས་སུ་མཚོ་སྔོན་གྱིས་མུ་མཐུད་དུ་ཐེ་ཝན་ཆུ་ཤོག་སྡེ་ཚོགས་ལ་རོགས་འདེགས་བྱས་ནས་དོན་བཟང་སྒྲུབ་སྟེ་གྲུབ་འབྲས་ཐོབ་ཏུ་འཇུག་རྒྱུ་ཡིན་ཟེར། 

   ཝང་ལིན་ཅུན་གྱིས་མཚོ་སྔོན་གྱི་འཕེལ་རྒྱས་དེ་བལྟོས་བཅོས་ཀྱིས་རྗེས་ལུས་ཡིན་མོད། འོན་ཀྱང་ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་གྱིས་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་ཤུགས་ཆེན་གྱིས་ཁྱད་ཆོས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཅུང་མགྱོགས་པའི་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཐེ་ཝན་ཆུ་ཤོག་སྡེ་ཚོགས་ཀྱི་འགན་ཁུར་བ་མཚོ་སྔོན་དུ་ཡོང་སྟེ་ཡུལ་དངོས་སུ་རྟོག་ཞིབ་བྱས་ནས་མཉམ་ལས་དང་བརྗེ་རེས་བྱེད་པར་དགའ་བསུ་ཞུ་བ་ཡིན་ཟེར། 

ལོ་ཙཱ་བ།  བསོད་ནམས་ལྷ་མོ།

  འབྲེལ་ཡོད་དྲ་སྦྲེལ།
རིན་ཆེན་རྒྱལ་གྱིས་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་གྱིས་རུང་སུངས་[03-25]
ཞིང་ཆེན་ཏང་གི་འཛུགས་སྐྲུན་ཞིབ་འཇུག་ཚོགས་པའི་ཨུ་ཡོན་[03-25]
ཞིང་ཆེན་ནོར་སྲིད་ཐིན་གྱིས་ཉེ་ལམ2010ལོའི་སྐོར་དང་པོའི་ཞིང་སྡེའི་དཀའ་ངལ་ཅན་གྱི་[03-25]
མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཕྱི་རྒྱལ་གྱི་ཚོང་ལས་ཚན་ཁག་པེ་ཅིན་དུ་ཐོན་ཏེ་ཚོང་[03-24]
ཞིང་ཆེན་དམངས་སྲིད་ཐིན་གཞི་རིམ་བྱ་བའི་ཚན་ཁག་གིས་སེམས་[03-24]
ཞིང་ཆེན་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་བྱ་བའི[03-24]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)