ཉེ་ལམ་ཞིང་ཆེན་དམག་ཁུལ་གྱིས་དེང་རབས་གསར་བརྗེ་དམག་དཔུང་གི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་བྱེད་པ་བརྗོད་བྱ་གཙོ་བོ་ཡིན་པའི་སློབ་གསོའི་བྱ་འགུལ་བཀོད་སྒྲིག་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཏོན་ཅིན་ཧུའུ་གྲོས་ཚོགས་སུ་ཞུགས་པ་དང་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་ཞུའུ་ཅིན་ཧྥུན་གྱིས་སྐུལ་སློང་གཏམ་བཤད་སྤེལ། ཞིང་ཆེན་དམག་ཁུལ་གྱི་ཐོན་རིམ་པ་ཡན་ཆད་ཀྱི་ལས་ཁུངས་ཡང་གྲོས་ཚོགས་སུ་ཞུགས། གྲོས་ཚོགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་མཐོན་པོས་དེང་རབས་གསར་བརྗེ་དམག་དཔུང་གི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་བྱེད་པའི་བྱ་འགུལ་སྤེལ་པའི་རྨང་གཞིའི་བཟོ་སྐྲུན་དེ་དམ་འཛིན་དང་ལེགས་འཛིན་བྱས་ནས་གྲུབ་འབྲས་ཐོབ་ཏུ་འཇུག་པ་དང་། ཤུགས་ཆེན་གྱིས་དེང་རབས་དམག་དཔུང་གི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་བྱེད་ན་ཚན་རིག་གི་ནང་དོན་ལ་གོ་བ་བླངས་ནས་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་པའི་བྱ་བ་ལག་བསྟར་བྱེད་པའི་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པར་འདོད།
གྲོས་ཚོགས་ནས་མགོ་ཁྲིད་ལ་ཤུགས་བསྣན་ཏེ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་པའི་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ལོ་ཙཱ་བ། བསོད་ནམས་ལྷ་མོ། |