དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
མཚོ་སྔོན་གྱི་ལྷད་མེད་དཔལ་འབྱོར་དངུལ་གཏོང་ཉོ་ཚོང་ཚོང་གཏམ་ཚོགས་འདུའི་རྩ་འཛུགས་
ཨུ་ཡོན་ལྷན་ཁང་གིས་པེ་ཅིན་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས17ཉིན།    

   2010ལོའི་ཀྲུང་གོ་མཚོ་སྔོན་ལྷད་མེད་དཔལ་འབྱོར་དངུལ་གཏོང་ཉོ་ཚོང་ཚོང་གཏམ་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་དང་པེ་ཅིན་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་དང་། ཁེ་ལས་དང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི། ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་ཆེ་གྲས། པེ་ཅིན་དང་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ་བཅས་སྒྲོག་སྤེལ་ཚོགས་འདུར་ཞུགས།
   གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་འཚམས་སྦྱོར་བྱས་པ་ལྟར་ན། 2000ལོ་ནས 2009ལོའི་བར་མཚོ་སྔོན་གྱིས་བསྟུད་མར་མཚོ་སྔོན་ཉོ་ཚོང་ཚོང་གཏམ་ཚོགས་འདུ་སྐབས་བཅུ་བསྒྲུབས་པ་དང་། སྡོམ་པས་རིགས་སྣ་ཚོགས་ཀྱི་མཉམ་ལས་ལས་གཞི་སྟོང་གཉིས་དང་བརྒྱ་དང་གྱ་དྲུག་ལ་མིང་བཀོད་དེ། མཉམ་ལས་མ་དངུལ་སྒོར་མོ་དུང་ཕྱུར་སྟོང་གཉིས་དང་དྲུག་བརྒྱ་ལྔ་བཅུ་ལྷག་ལ་སླེབས་པ་དང་། དེའི་ནང་དུ་རང་ཞིང་གིས་སྡོམ་པས་ལས་གཞིའི་རྣམ་གྲངས་སྟོང་གཅིག་དང་སུམ་བརྒྱ་ལྔ་བཅུའི་སྟེང་མིང་བཀོད་དེ་སྡོམ་པས་མ་དངུལ་སྒོར་མོ་དུང་ཕྱུར་སྟོང་གཅིག་དང་བརྒྱད་བརྒྱ་སོ་གཉིས་ལྷག་ལ་བསླེབས།

  ད་ལོ་རང་ཞིང་གིས་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་གལ་ཆེན་སྐོར་ཞིག་བཏོན་ནས། སྡོམ་པས་ལས་གཞིའི་རྣམ་གྲངས་གྱ་བདུན་ལ་བུད་དེ་དངུལ་གཏོང་མ་དངུལ་སྒོར་མོ་དུང་ཕྱུར་སྟོང་གཅིག་དང་བཞི་བརྒྱར་སླེབས་ལ། དེའི་ནང་དུ་ཕྱོགས་བསྡུས་ལས་རིགས་དང་ནུས་ཁོངས་གསར་བའི་རིགས། རྒྱུ་ཆ་གསར་བའི་རིགས། སྒྲིག་ཆས་བཟོ་སྐྲུན་གྱི་རིགས། རྫས་འགྱུར་བཟོ་ལས་རིགས། ཡང་བའི་བཟོ་ལས་རིགས། རྣོ་ལྕགས་ཀྱི་རིགས།  གནས་སྐོར་གསར་སྤེལ་རིགས་སོགས་ཀྱི་ལས་གཞི་འདུས་ཡོད།

  ཚོགས་ཐོག་ཏུ་ད་རུང་རང་ཞིང་གི་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་པས་མཚོ་སྔོན་ས་ཁུལ་གྱི་མི་རིགས་ཀྱི་ཁྱད་ཆོས་ངོམ་པ་དང་། འགྲིམ་འགྲུལ་ཐད་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། ཐོན་ཁོངས་བརྗེ་སྤོར། ཐན་ཉུང་བའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། པེ་ཅིན་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་ལས་གཞིའི་མཉམ་ལས། མཚོ་སྔོན་གྱི་ཁོར་ཡུག་འཛུགས་སྐྲུན་སོགས་གནད་དོན་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།

 ལོ་ཙཱ་བ།  ཤ་བོ་སྐྱབས།

  འབྲེལ་ཡོད་དྲ་སྦྲེལ།
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་[07-26]
ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།བློ་མཐུན་ཀྲིག་ཡུང་ཁང་གིས་[07-26]
ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་བཏང་སྟེ་[07-26]
རང་ཞིང་གིས་རོང་འབྲོག་ཕྱོགས་ཀྱི་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་[07-26]
མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་སྐབས་དགུ་བ[07-26]
2010ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བའི་རོགས་རམ་མ་དངུལ་[07-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)