དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
པེ་ཅིན་དང་མཚོ་སྔོན་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་
བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས16ཉིན།    

    པེ་ཅིན་དང་མཚོ་སྔོན་བར་གྱི་ཁ་གཏད་རོགས་སྐྱོར་བཞུགས་མོལ་ཚོགས་འདུ་དེ་ཟླ3པའི་ཚེས12ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། པེ་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལིག་ཆི་ཚོགས་འདུར་ཞུགས་ཏེ་གཏམ་གལ་ཆེན་བཤད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་ཡིས་གཏམ་བཤད།
    པེ་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་གོ་ཅིན་ལུང་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཡུས་ལིན་གཉིས་ཀས་སོ་སོར་ཞིང་ཆེན་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་ལས་བརྗེ་རེས་སྐོར་གྱི་གནས་ཚུལ་མཚམས་སྦྱོར་བྱས། ལོ་ཡུས་ལིན་གྱིས་ཚོགས་འདུ་ལ་འགོ་འཛིན་བྱས།
     པེ་ཅིན་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏུའུ་ཏི་དབྱིན་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡང་ཨན་ཅང་སོགས་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཧྲིན་ཧི། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་ཞོས་ཧྥུ་ཧྲུན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་རྡོ་རྗེ་རབ་བརྟན་སོགས་གྲོས་ཚོགས་སུ་ཞུགས།
    ལིག་ཆི་ཡིས་ཐོག་མར་མཚོ་སྔོན་གྱིས་ལོ་མང་པོར་པེ་ཅིན་གྲོང་ཁྱེར་གྱི་བྱ་བར་རྒྱབ་སྐྱོར་ཆེན་པོ་དང་། སྒོས་སུ་པེ་ཅིན་ཨོ་ལིན་ཕུས་ཁི་ལུས་རྩལ་འགྲན་ཚོགས་དང་ཀྲུང་གོ་གསར་བ་བཙུགས་ཏེ་ལོ་འཁོར་དྲུག་ཅུ་ལོན་པའི་རྟེན་འབྲེལ་བྱ་འགུལ་བྱ་བ་སྣ་ཚོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་དང་། མཚོ་སྔོན་གྱིས་རྒྱལ་སྤྱིའི་དངུལ་ལོར་ཉམས་ཉེན་ལ་ཧུར་ཐག་གིས་ཁ་གཏད་འཇལ་ཏེ། དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་དང་མཚོ་སྔོན་གྱི་ལས་བྱེད་པའི་བྱ་སྤྱོད་བཟང་པོ་བཅས་ལ་ཁས་ལེན་གང་ལེགས་བྱས།
    ལིག་ཆི་ཡིས་ང་ཚོས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གྲོས་ཚོགས་ཀྱི་དགོངས་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཚོ་སྔོན་སོགས་བོད་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏང་བར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར་འགའ་ཞེས་པའི་རེ་བ་ལྟར། ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་བསམ་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། སྔར་ལས་རང་རྟོག་གིས་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན་པར་མ་ཟད། ལིག་ཆི་ཡིས་གནས་བབ་གསར་བའི་འོག་ང་ཚོས་ཀྲུང་དབྱང་གི་རེ་བ་ལྟར། མཚོ་སྔོན་གྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་བྱ་བ་སྔར་ལས་གཙིགས་སུ་འཛིན་པ་དང་། པེ་ཅིན་དང་མཚོ་སྔོན་བར་བཀོད་པའི་ཚན་རྩལ་སློབ་གསོ་མཉམ་ལས་སྐོར་གྱི་གྲོས་མཐུན་དངོས་འབེབས་བཟང་བོ་དང་། ལས་བྱེད་པ་མཚོ་སྔོན་དུ་རོགས་སྐྱོར་ལ་མངག་པའི་ལས་འགན་དངོས་འབེབ་བཟང་བོ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁོངས་གཏོགས་ཀྱི་རྫོང་དྲུག་པོར་རོགས་སྐྱོར་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ནུས་པའི་ས་ཁུལ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱེད་པ་དང་། རིག་གནས་དང་སློབ་གསོ། སྨན་བཅོས། གནས་སྐོར། དཔལ་འབྱོར་ཉོ་ཚོང་། ཤེས་ལྡན་པ་སོགས་ཁོངས་གཏོགས་ཀྱི་མཉམ་ལས་དམ་འཛིན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་མང་པོ་འཇོག་རྒྱུ་ཡིན་ཟེར།
   ཆང་བེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ་པེ་ཅིན་གྲོང་ཁྱེར་གྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་དོ་སྣང་དང་རྒྱབ་སྐྱོར་ཆེན་པོ་གནངས་བར་སེམས་གཏིང་ནས་བཀའ་དྲིན་ཞུས།
    གོ་ཅིན་ལུང་དང་ལའོ་ཧོས་ཉིན་གཉིས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་སོ་སོར་པེ་ཅིན་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་གནས་ཚུལ་དང་། མཚོ་སྔོན་ཞིང་ཆེན་གྱི་དཔལའབྱོར་སྤྱི་འཕེལ་རྒྱས་སྐོར་གྱི་གནས་ཚུལ། ཞིང་ཆེན་དང་གྲོང་ཁྱེར་གཉིས་བར་གྱི་མཉམ་ལས་བརྗེ་རེས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས། 

ལོ་ཙཱ་བ། ཀླུ་འབུམ་བྱམས།

  འབྲེལ་ཡོད་དྲ་སྦྲེལ།
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་[07-26]
ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།བློ་མཐུན་ཀྲིག་ཡུང་ཁང་གིས་[07-26]
ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་བཏང་སྟེ་[07-26]
རང་ཞིང་གིས་རོང་འབྲོག་ཕྱོགས་ཀྱི་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་[07-26]
མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་སྐབས་དགུ་བ[07-26]
2010ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བའི་རོགས་རམ་མ་དངུལ་[07-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)