ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་ཡིས་ཚེས་བཅོ་ལྔ་ཉིན་ཀྲུང་གོར་བསྡོད་པའི་ཨོ་སི་ཁྲི་ལེ་ཡའི་གཞུང་ཚབ་ཁང་དུ་ཀྲུང་གོ་ན་ཡོད་པའི་ཨོ་སི་ཁྲི་ལེ་ཡའི་གཞུང་ཚབ་ཆེན་མོ་རོས་ཅེ་རོས་ལ་ཐུག་འཕྲད་བྱས། ཐུག་འཕྲད་བྱེད་སྐབས་ཆང་བེ་ཡིས་གཞུང་ཚབ་ཆེན་མོ་རོས་ཅེ་རོས་ལ་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་དང་། ཐོན་ཁུངས་གསར་སྤེལ་དང་གནས་སྐོར་ལས་རིགས་འཕེལ་རྒྱས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བའི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས། ཆང་བེ་ཡིས་གཞུང་ཚབ་ཆེན་མོ་རོས་ཅེ་རོས་མཚོ་སྔོན་དུ་ལྟ་སྐོར་དང་འཚམས་འདྲིར་ཡོང་བར་དགའ་བསུ་བྱས་པར་མ་ཟད། མཛེས་པའི་མཚོ་སྔོན་ལ་རྒྱུས་ལོན་ཟབ་མོ་བྱས་ནས་མཚོ་སྔོན་དང་ཨོ་སི་ཁྲི་ལེ་ཡའི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཡར་སྐུལ་གཏོང་དགོས་པའི་རེ་བ་བཏོན།
ལོ་ཙཱ་བ། བཀྲ་ཤིས་འབུམ། |