ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་བང་ལིན་ཅུན་གྱིས་ཁྲིད་པའི“མཛེས་སྡུག་གི་མཚོ་སྔོན་ཐའེ་ཝན་ལ་བསྐྱོད་པ”ཞེས་པའི་འཐུས་ཚབ་ཚོགས་པ་ཐའེ་པེ་ལ་ཐོན།
ཟི་ལིང་ཚིའོ་ཅ་པའོ་གནམ་གྲུ་ཐང་ནས་ལམ་ལ་ཆས་སྐབས། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་བང་ཏིན་པང་གིས་གསར་འགོད་པར་གནས་ཚུལ་མཚམས་སྦྱོར་བྱེད་སྐབས། འབྲེལ་ཡོད་ལས་ཁུངས་ཀྱིས་གྲ་སྒྲིག་བཟང་བོ་བྱས་ནས་ནང་དོན་ཕུན་སུམ་ཚོགས་པའི“མཛེས་སྡུག་གི་མཚོ་སྔོན་ཐའེ་ཝན་ལ་བསྐྱོད་པ”ཞེས་པའི་བྱ་འགུལ་དེ་ཚེས་བཅུ་དྲུག་ཉིན་ཐའེ་པེ་ཡོན་ཧྲན་མགྲོན་ཁང་ནས་དངོས་སུ་མགོ་རྩོམ་རྒྱུ་རེད། འཐུས་ཚབ་ཚོགས་པས་ཐའེ་ཝན་གྱི་ཐའེ་པེ་དང་ཐའེ་ཀྲུང་། ཀའོ་ཞུང་སོགས་ས་ཁུལ་ནས་དཔལ་འབྱོར་དང་རིག་གནས། གནས་སྐོར་བཅས་ཀྱི་བརྗེ་རེས་དང་མཚམས་སྦྱོར་བྱེད་པའི་བྱ་འགུལ་སྤེལ་ཏེ། ཕྱོགས་མང་པོའི་ཐད་ནས“མཛེས་སྡུག་གི་མཚོ་སྔོན་ཐའེ་ཝན་ལ་བསྐྱོད་པ”ཞེས་པའི་བྱ་འགུལ་དྲིལ་སྒྲོག་བྱེད་པ་དང་། ས་ཁུལ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་གཙིགས་སུ་འཛིན་པ། མཚོ་སྔོན་མི་དམངས་ཀྱི་རང་ལ་ཡིད་ཆེས་བྱེད་པ་དང་། ཕྱི་ཕྱོགས་ལ་སྒོ་འབྱེད་པ། གསར་བསྐྲུན་བྱེད་པ་བཅས་ཀྱི་འདུ་ཤེས་མཚོན་པར་བྱེད་པ་དང་། མཛེས་སྡུག་གི་མཚོ་སྔོན་གྱི་མཚན་སྙན་མངོན་པར་བྱེད་རྒྱུ་ཡིན་ཞེས་བཤད།
འཐུས་ཚབ་ཚོགས་པ་སོགས་ཐའེ་པེ་ལ་ཐོན་སྐབས། ས་དེའི་འབྲེལ་ཡོད་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ལོ་ཙཱ་བ། ཞའོ་ཡན། |