དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
རང་ཞིང་གིས་ཚོགས་ཁག་རྩ་འཛུགས་བྱས་ནས་མཚོ་འགག་འགྲམ་གཉིས་ཀྱི་
གནས་སྐོར་ལས་རིགས་ཀྱི་མཛའ་འབྲེལ་ཚོགས་འདུར་ཞུགས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས15ཉིན།    

    ཉེ་ལམ། སྐབས་བཅུ་གསུམ་པའི་མཚོ་འགག་འགྲམ་གཉིས་ཀྱི་གནས་སྐོར་ལས་རིགས་ཀྱི་མཛའ་འབྲེལ་ཚོགས་འདུ་ཀོས་ཡང་གྲོང་ཁྱེར་ནས་བསྡུས། རང་ཞིང་གི་གནས་སྐོར་སྡེ་ཁག་གིས་འབྲེལ་ཡོད་ལས་ཁུངས་ཁ་ཤས་རྩ་འཛུགས་བྱས་ཏེ་མཛའ་འབྲེལ་ཚོགས་འདུར་ཞུགས། མཛའ་འབྲེལ་ཚོགས་འདུའི་སྟེང་། རང་ཞིང་གི་གནས་སྐོར་སྡེ་ཁག་གིས་མཛེས་སྡུག་གི་མཚོ་སྔོན་ཞེས་པ་བརྗོད་བྱ་གཙོ་བོ་ཡིན་པའི་གནས་སྐོར་ཐོན་ལས་མཚམས་སྦྱོར་བྱས་པར་མ་ཟད། མཚོ་འགག་འགྲམ་གཉིས་ཀྱི་གནས་སྐོར་ལས་རིགས་སོ་སོར་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་གནས་སྐོར་ཐོན་ཁུངས་དང་ཐོན་རྫས་མཚམས་སྦྱོར་བྱས། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་། ཐེ་ཝན་གནས་སྐོར་ལས་རིགས་གཟའ་འཁོར་དུས་དེབ། ཀོས་ཀྲིག་གི་གསར་འགྱུར་ལས་ཁུངས་མང་པོ་བཅས་ཀྱིས་རང་ཞིང་གི་གནས་སྐོར་ཐོན་ལས་དྲིལ་སྒྲོག་ཆེན་པོ་བྱས། མཛའ་འབྲེལ་ཚོགས་འདུའི་སྐབས་སུ། རང་ཞིང་གི་གནས་སྐོར་སྡེ་ཁག་དང་གནས་སྐོར་ཁེ་ལས་ཀྱིས་རང་འགུལ་གྱིས་ཐེ་ཝན་གནས་སྐོར་ལས་རིགས་མཐུན་ཚོགས་དང་འབྲེལ་འདྲིས་བྱས་ནས། ཟླ་གསུམ་པའི་ཟླ་དཀྱིལ་དུ་ཐེ་ཝན་ནས་སྤེལ་རྒྱུ་ཡིན་པའི་མཛེས་སྡུག་གི་མཚོ་སྔོན་ཐེ་ཝན་ལ་བསྐྱོད་པ་ཞེས་པའི་བྱ་འགུལ་གྱི་དུས་སྐབས་སྔོན་མའི་དྲིལ་སྒྲོག་བྱ་བ་སྒྲུབ་བཞིན་ཡོད།

   ལོ་ཙཱ་བ།  ཞའོ་ཡན།

  འབྲེལ་ཡོད་དྲ་སྦྲེལ།
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་[07-26]
ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།བློ་མཐུན་ཀྲིག་ཡུང་ཁང་གིས་[07-26]
ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་བཏང་སྟེ་[07-26]
རང་ཞིང་གིས་རོང་འབྲོག་ཕྱོགས་ཀྱི་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་[07-26]
མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་སྐབས་དགུ་བ[07-26]
2010ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བའི་རོགས་རམ་མ་དངུལ་[07-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)